མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཡུ་རོབ་ཀྱིས་བོད་མིའི་རིག་གཞུང་རང་སྐྱོང་ལ་རྒྱབ་སྐྱོར།

བོད་ཀྱི་དུས་བབ།
༢༠༠༨/༠༧/༡༠
Share on FacebookShare on TwitterShare on EmailShare on Whatsapp

ཡུ་རོབ་གྲོས་ཚོགས་ཀྱིས་༧གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་ནག་གི་མགོ་ཁྲིད་ཚོའི་བར་གྱི་གྲོས་མོལ་འདི་གྲུབ་འབྲས་ལ་ཁ་གཏད་ནས་ཡར་རྒྱས་ཀྱི་ཕྱོགས་སུ་འགྲོ་བར་སྐུལ་འདེད་བྱེད་རྒྱུའི་རེ་བ་གནང་གི་ཡོད་ཟེར།

ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་ ཧན་སི་ གྷེར་ཊི་ པོ་ཊེ་རིན་ གྱིས་ཕྱི་ཚེས་ ༩ ཉིན་བརྗོད་དོན། ཏཱ་ལའི་བླ་མ་མཆོག་གིས་ག་དུས་ཡིན་ནའང་འཚེ་མེད་ཞི་བའི་ལམ་ལ་བསྐྱོད་རྒྱུའི་འབོད་སྐུལ་དང་། བོད་རང་བཙན་རྩོད་རྒྱུར་ངོས་ལེན་གནང་གི་ཡོད་པ་མ་རེད། དེའི་ཚབ་ཏུ་ཁོང་གིས་དབུ་མའི་ལམ་གྱི་ཐོག་ནས་བོད་ལ་རིག་གཞུང་གི་རང་སྐྱོང་དང་ཆོས་དད་རང་དབང་དགོས་སྐོར་གསུང་གི་ཡོད་ལ། རྒྱ་ནག་གི་ས་ཁོངས་ཆིག་སྒྲིལ་ལ་ནམ་ཡང་གཏོར་སྐྱོན་གཏོང་གི་ཡོད་པ་མ་རེད། ཡུ་རོབ་གྲོས་ཚོགས་འདི་ཁོང་གི་དགོངས་གཞི་ལྟར་ཡོང་བར་ཁོང་གིས་རྒྱབ་སྐྱོར་ཆ་ཚང་ཡོད་ཅེས་གསུངས་ཡོད་པ་རེད།

དེ་ལྟར་ཡང་། བོད་རྒྱའི་འབྲེལ་མོལ་ཐེངས་བདུན་པ་དེར་གྲུབ་འབྲས་མ་བྱུང་བའི་ཐད་ཁོང་གིས་གསུངས་དོན། ད་རེབ་ཀྱི་གྲོས་མོལ་དེ་གྲུབ་འབྲས་མ་བྱུང་བ་ར་འཕྲོད་བྱུང་སྟབས། ངས་རང་ཉིད་ཨོ་ལིམ་པིག་རྩེད་འགྲན་གྱི་མཛད་སྒོའི་ཐོག་མི་ཞུགས་རྒྱུའི་ཐག་གཅོད་བྱས་པ་ཡིན་ཅེས་གསུངས། ཁོང་གིས་མུ་མཐུད་ནས་གསུངས་དོན། རྩེད་འགྲན་འདི་ཐོག་མར་རྒྱ་ནག་ནས་ཚུགས་རྒྱུའི་ཐག་གཅོད་ཁྱབ་བསྒྲགས་བྱས་སྐབས། རྒྱ་ནག་གིས་ཡོངས་ཁྱབ་གསལ་བསྒྲགས་བྱས་པ་ལྟར། ང་ཚོས་རྒྱ་ནག་འདི་ཁ་དན་ཚིག་ལ་གནས་ཏེ་འགྲོ་བ་མིའི་ཐོབ་ཐང་དང་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ལ་བརྩི་འཇོག་བྱེད་པའི་རེ་བ་བྱེད་ཀྱི་ཡོད། འདི་ནི་རྒྱ་ནག་གིས་རང་ཉིད་འཛམ་གླིང་ལ་སྒོ་འབྱེད་པ་དང་། རྒྱལ་སྤྱིའི་ངོས་འཛིན་ཡོད་པའི་གཞི་རྩའི་ཐོབ་ཐང་ཁག་ལ་བརྩི་སྲུང་བྱེད་ཀྱི་ཡོད་པ་ཕྱི་ལ་སྟོན་པའི་གོ་སྐབས་ཁྱད་པར་བ་ཞིག་རེད་ཅེས་གསུངས་ཡོད་པ་རེད།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist