ཨབ་གྷན་ནི་སི་ཐན་ལུང་པ་ནས་ལོ་འདིར་པེ་ཅིན་ཨོ་ལིམ་པིག་རྩེད་འགྲན་ནང་ཞུགས་མཁན་གཅིག་ཡོད་པ་ནི་རང་ལོ་ ༡༩ སོན་པའི་བུ་མོ་ མཱ་བྷོ་བྷ་ ཨ་ཌུ་གྷར་ ཡིན་ལ། ཁོ་མོ་ནི་རྒྱང་རྒྱུགས་རུ་ཁག་གི་རེད་འདུག འོན་ཀྱང་ད་ལྟ་ཁོ་མོ་གར་སོང་ཆ་མེད་དུ་གྱུར་འདུག
ཚེས་ ༥ ནས་བཟུང་ཁོ་མོ་གློ་བུར་ཏུ་ཨི་ཊ་ལེ་ནས་བོར་བརླག་ཏུ་ཕྱིན་ཡོད་པ་དང་། ད་ལྟའི་ཆར་ཁོ་མོའི་བོར་བརླག་སྐོར་གྱོ་གནད་དོན་ཁ་གསལ་བོ་ཆགས་མེད་པ་རེད། ཨི་ཊ་ལེའི་སྤྱི་བདེ་མི་སྣས་བརྗོད་དོན་ལྟར་ན། བུ་མོ་ མཱ་བྷོ་བྷ་ ཨ་ཌུ་གྷར་ ནི་ཁོ་མོ་རང་གི་ངོས་ནས་སྦས་སྐུང་བྱས་པར་ངོས་འཛིན་བྱས་འདུག་ལ། མི་མང་པོ་ཞིག་གིས་ཁོ་མོ་ཡུ་རོབ་ཀྱི་རྒྱལ་ཁབ་གང་རུང་ཞིག་ན་སྐྱབས་བཅོལ་བ་བྱས་ཡོད་པར་རེ་བ་བྱེད་ཀྱིན་ཡོད། སྔོན་ཆད་ཁོ་མོས་གསར་ལམ་ཁག་ལ། ཁ་ཆེའི་ཆོས་ལུགས་ཀྱི་བུད་མེད་ཞིག་ལ་མཚོན་ན་ཚེ་གང་བོར་རྩེད་རིགས་ནང་འཛུལ་ཞུགས་བྱེད་མི་ཆོག་པའི་སྲོལ་ཡོད། ང་རང་ཁ་ཆེའི་བུ་མོ་ཞིག་ཡིན་པའི་ངོས་ནས་ངའི་རྒྱལ་ཁབ་ཏུ་ང་རང་དཔེ་སྟོན་གྱི་བུ་མོ་ཞིག་ཡིན། ང་རང་པེ་ཅིན་ཨོ་ལིམ་པིག་འགྲན་བསྡུར་ལ་ཞུགས་འཆར་ཡོད་པར་སྤོབས་པ་ཡོད། ད་སྐབས་ང་ཚོའི་ཁ་ཆེའི་བུད་མེད་མང་པོ་རྩེད་རིགས་ལ་འཛུལ་ཞུགས་བྱེད་བཞིན་ཡོད་ལ། འདིས་རྒྱལ་ཁབ་དང་མི་སྒེར་སོ་སོ་ཡར་རྒྱས་ལ་འགྲོ་བར་རབ་འདེགས་ཞུ་ཐུབ་གི་རེད་ཅེས་བརྗོད་ཡོད་འདུག
དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།
ལས་དབང་དང་ལུགས་སྲོལ་ལ་འགྱུར་བ་གཏོང་དགོས་ན།་གཙོ་བ་སྲོག་གི་འགྲོ་སོང་གཏོང་དགོས་པ་རེད།རྒྱལ་ཁབ་སུ་དང་ཚོགས་སྡེ་སུ་ཞིག་ཡིན་ནའང་ཐོག་མའི་བསམ་བློ་འཐེན་མཁན་མང་ཆེ་བ་ཞིག་གྲུབ་འབྲས་མངོན་དུ་གྱུར་དུས་འདི་ནས་གཞན་ཞིག་སྟེ་ཐག་རིང་གི་ལམ་དུ་ཕྱིན་ཚར་རྗེས་རེད།་བུ་མོ་འདི་ཡང་ལམ་ལུགས་རྙིང་བ་བསྐྱར་བཅོས་བྱེད་མཁན་ཞིག་ཡིན་པའི་ཆ་ནས་འུ་ཚང་གི་ལུང་ཤར་པའི་གནས་བབ་དང་མཚུངས་བསྡུར་བྱས་ཆོག་པར་འདོད།