མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་ལ་སྒྲོན།

བོད་ཀྱི་དུས་བབ།
༢༠༠༨/༠༧/༡༦
Share on FacebookShare on TwitterShare on EmailShare on Whatsapp

མི་གྲངས་ས་ཡ་བརྒྱ་ ༡༠༠་༠༠༠་༠༠༠་ ཡིས་འཛམ་གླིང་སྟེང་གི་འོད་ཀྱི་ངོ་རྒོལ་ཆེ་ཤོས་དེ་སྤེལ་གྱི་ཡིན་འདུག་ལ། ལས་འགུལ་འདི་ནི་ ༢༠༠༨ ལོའི་ཕྱི་ཟླ་ ༨ ཚེས་ ༧ གྱི་དགོང་མོར་འཁེལ་བར་བྱས་ཡོད་ཅིང་། ལས་འགུལ་གྱི་མིང་ལ་བོད་ཀྱི་ལ་སྒྲོན་ཞེས་བཏགས་ཡོད་པ་རེད།

ལས་འགུལ་འདི་ཐོག་མར་ཨིས་སི་རལ་གྱི་མི་སེར་ད་ཆར་རྒན་ཡོལ་བྱས་ཟིན་པ། སྐུ་ཞབས་ཌེ་ཝི་ཌུ་ ཁ་ལི་ཧྥ་ འབོད་པ་དེའི་གློག་ཀླད་ངོས་ཀྱི་སྤྱི་ཚོགས་འབྲེལ་གཏུགས་དྲ་རྒྱ་ facebook ཞེས་པ་དེའི་སྟེང་ནས་མགོ་འཛུགས་བྱས་ཏེ། རིམ་བཞིན་སྐད་ཡིག་ ༢༥ ནང་ཕབ་སྟེ་དྲ་ཐག་ཆེན་པོ་བརྒྱུད་གླིང་ལྔ་མཚོ་བཞི་བསྐོར་ནས་སྤེལ་གྱི་ཡིན་པ་དང་། ད་བར་དུ་ལས་འགུལ་འདིའི་ཆེད་དུ་མི་ ༥༠༠་༠༠༠ ཡིས་མཚན་རྟགས་བཀོད་ཡོད་འདུག

བོད་ཀྱི་ལ་སྒྲོན་ཞེས་པའི་ལས་འགུལ་སྤེལ་མཁན་རྣམས་ཀྱིས་ས་སྟེང་གི་སྐྱེ་བོ་སུ་ཡིན་རུང་དྲ་ཐོག་དང་གློག་ཀླད་ཀྱི་ནང་བསླེབས་དུས་ངེས་པར་དུ་གློག་ཀླད་ཀྱི་སྐར་ཁུང་དང་དྲ་ངོས་སུ་ཡཱང་ལ་འདི་སྒྲོན་དགོས་པའི་རེ་སྐུལ་བྱེད་ཀྱི་འདུག་ལ། འོད་ཀྱི་ངོ་རྒོལ་འདི་ཨོ་ལིམ་པིག་འཚོགས་པའི་ཉིན་དེར་མི་གྲངས་ཐེར་འབུམ་གྱིས་བརྙན་འཕྲིན་བརྒྱུད་ནས་མཐོང་ཐུབ་པའི་རེ་བ་རྒྱག་གིན་ཡོད་པ་རེད། དེའི་ཕྱི་ཉིན་ནས་བཟུང་མི་ཚང་མས་རང་རང་གི་རྒྱལ་ཁབ་ཀྱི་དབུ་ཁྲིད་དག་གི་མཚན་ཐོག་ལ་ཡི་གེ་ཕུལ་ཏེ། རྒྱལ་ཁབ་འདིའི་ནང་གི་མི་ཇི་འདྲའི་མང་པོ་ཞིག་གིས་བོད་ལ་རང་དབང་ཐོབ་པའི་སྨོན་ལམ་འདེབས་ཀྱིན་པ་དང་། ལས་འགུལ་འདིའི་ནང་ཞུགས་མཁན་ས་སྟེང་གི་སྐྱེ་བོ་ཚང་མས་བོད་ལ་རང་དབང་ཐོབ་པའི་ཆེད་དུ་ལས་དོན་ཅི་རིགས་སྤེལ་གྱི་ཡིན་སྐོར་ཞུ་རྒྱུ་ཡིན་འདུག

ལས་འགུལ་འདི་ཅིའི་ཕྱིར་སྤེལ་ཅེ་ན། འོད་ཀྱི་ངོ་རྒོལ་འདི་ནི་དེང་སྐབས་ཀྱི་གོ་ལ་རང་བཞིན་གྱི་བརྒྱུད་ལམ་འདིའི་ཐོག་ནས་མི་གཅིག་ཡིན་ནའང་རླབས་ཆེ་བའི་བྱ་བཞག་ཅིག་གི་ཆེད་དུ་ལངས་ཐུབ་པ་དང་། ཁོ་སའི་གོ་ལའི་སྟེང་གི་མི་གྲངས་ས་ཡ་མང་པོར་འབྲེལ་ནས་དུས་ཚོད་སྐད་ཅིག་མ་ཞིག་གི་ནང་དུ་དམིགས་ཡུལ་རྐྱང་བ་ཞིག་གི་དོན་དུ་ལས་ཀ་ངེས་ཅན་ཞིག་བྱེད་ཐུབ་པའི་གོ་སྐབས་སྟེར་རྒྱུ་དེ་ཡིན་ལ། རྒྱལ་མཚམས་ཀྱིས་མ་བཅད་པར་མི་སུ་ལའང་བསམ་ཚུལ་ཞིག་གི་སྟེང་འོས་འཕེན་པའི་ནུས་པ་ཡོད་པ་དང་། དེས་རེ་བ་ཞིག་འཁྱེར་ཡོང་བ་དེ་ཡིན་ལ། གཞན་ཡང་ལས་འགུལ་འདིས་མི་སྒེར་སུ་ལའང་རང་ཉིད་ཀྱི་མི་རིགས་དང་ཕོ་མོ། རིགས་རུས། ཆོས་ལུགས་དང་ཆབ་སྲིད་ཀྱི་ལྟ་བ་ཅི་ལའང་མ་ལྟོས་པར། དེ་རིང་གི་དུས་སྐབས་འདིར་ང་ཚོ་ཚང་མ་བསམ་ཚུལ་གཅིག་གི་ཐད་ལྡོག་རྩ་གཅིག་སྒྲིལ་གྱིས་ལངས་ཐུབ་པ་ཡིན་ན། དེ་མངོན་འགྱུར་བྱེད་ཐུབ་པ་བསྟན་ལ། འདི་ནི་ལྷག་པར་དུ་དེང་གི་དབ་ཁྲིད་དག་གིས་ཆ་འཇོག་བྱེད་ཀྱིན་པའི་བསམ་ཤོག་རྩ་ཆེན་དང་གལ་ཆེན་ཞིག་ཡིན། འགྲོ་བ་མིའི་བྱུང་བ་མགོ་བཙུགས་ནས་ད་བར་དུ་ལས་འགུལ་འདི་ལྟ་བུ་ཞིག་སྤེལ་མྱོང་མེད། འདི་ནི་ད་བར་གྱི་ལས་འགུལ་དག་ལ་བལྟས་ནའང་འཚེ་མེད་ཞི་བ་ཡིན་ལ། དེའི་ཁར་དོན་དམ་གྱིས་ཁེ་ལས་མིན་པའི་ལས་འགུལ་ཀྱང་ཡིན་སྟབས་ལས་འགུལ་འདི་སྤེལ་བ་ཡིན་འདུག

འབྲེལ་ཡོད་གསར་འགྱུར།

Mobile App

དཔལ་༧རྒྱལ་བ་ཀརྨ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་འབྲས་ལྗོངས་སུ་ཕེབས་འཆར་འདུག

ཆུ་ཚོད་ ༦ སྔོན་ལ།
རྩྭ་ཐང་བུ་མོའི་སློབ་གྲྭ། པར་དྲ་རྒྱ་ནས་བླངས།
Mobile App

རྒྱ་ནག་གི་མི་རིགས་རྒྱ་སྒྱུར་གྱི་སྲིད་ཇུས་འོག་ཏུ་བོད་སྐད་ཡིག་སློབ་གསོའི་སློབ་གྲྭ་གསུམ་སྒོ་བརྒྱབ་འདུག

ཆུ་ཚོད་ ༧ སྔོན་ལ།
Mobile App

ང་ཚོས་ད་ལྟ་སུ་ཡི་ལོ་རྒྱུས་ཉར་ཚགས་བྱེད་བཞིན་ཡོད།

༢༠༢༦/༡༠/༡༨
རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ།
Mobile App

མདོ་སྨད་རྭ་རྒྱ་དགོན་པའི་མཁན་ཟུར་བློ་བཟང་བསྟན་པ་འཛིན་བཟུང་གིས་ལོ་ལྔའི་ཁྲིམས་ཆད་བཅད་འདུག

༢༠༢༦/༡༠/༡༧
Changpa nomads walk on a rugged path in Ladakh's Chushul valley [Tarushi Aswani/Al Jazeera]
Mobile App

རྒྱ་ནག་དཀར་གྱི་ས་མིང་བརྗེ་བསྒྱུར་རྩོད་རྙོག

༢༠༢༦/༡༠/༡༦
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ལྷོ་ཨ་ཧྥེ་རི་ཁའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་རྡོ་སྣུམ་འབར་རྫས་འཕངས་ནས་གཏོར་སྐྱོན་བྱུང་འདུག

༢༠༢༦/༡༠/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese