མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བོད་མིའི་དོན་དུ་ཡིན།

བོད་ཀྱི་དུས་བབ།
༢༠༠༨/༠༧/༡༨
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་བོད་དོན་ནི་བོད་མི་ས་ཡ་དྲུག་གི་དོན་རེད་མ་གཏོགས་ཁོང་སྒེར་གྱི་གནད་དོན་ཆགས་མེད་ཅེས་རྒྱ་ནག་ལ་ལན་འདེབས་གནང་ཡོད་པ་རེད།

ཕྱི་ཚེས་ ༡༧ ཉིན་སྐུ་སྒེར་ཡིག་ཚང་གིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། ཉིན་ཤས་རིང་རྒྱ་ནག་གིས་བོད་དོན་ནི་ཏཱ་ལའི་བླ་མ་སྒེར་གྱི་གནད་དོན་ཡིན་ལུགས་བཤད་པ་དེར་ལན་འདེབས་གནང་ཡོད་པ་རེད། ༧གོང་ས་མཆོག་གི་གསལ་བསྒྲགས་དེའི་ནང་དུ་འཁོད་དོན། ༡༩༨༡ ལོར་རྒྱ་ནག་གིས་དོན་ཚན་ལྔ་ཅན་གྱི་འཆར་ཟིན་ཞིག་ཕུལ་བའི་ནང་། ཏཱ་ལའི་བླ་མས་ ༡༩༥༩ ལོའི་ཡར་སྔོན་ལ་ཡོད་པའི་ཆབ་སྲིད་ཀྱི་གོ་གནས་རང་འཇགས་ཉར་ཆོག་ལ་འཚོ་བའི་གནས་སྟངས་སྔོན་མ་བཞིན་རོལ་ཆོག་ཅེས་བཀོད་སྐབས། ༧གོང་ས་མཆོག་གིས་དམིགས་བཀར་གྱིས་གནད་དོན་འདི་རྒྱ་ནག་གི་མགོ་ཁྲིད་ཚོར་གསལ་བོ་བཟོས་དོན། སྐབས་བབ་ཀྱི་ཛ་དྲག་གནད་དོན་དེ་བོད་མི་ས་ཡ་དྲུག་གི་བདེ་སྡུག་རེད་མ་གཏོགས་ཁོང་སྒེར་གྱི་ངོས་ནས་རྒྱ་ནག་དབུས་གཞུང་ལ་ཞུ་རྒྱུ་ཅི་ཡང་མེད་ཅེས་གསུངས་ཡོད། ཅེས་འཁོད་ཡོད་ལ། གཞན་ཡང་སྐུ་སྒེར་ཡིག་ཚང་གི་གསལ་བསྒྲགས་དེའི་ནང་དུ། ༧གོང་ས་མཆོག་གིས་ཐ་ན་ཏཱ་ལའི་བླ་མའི་སྒྲིག་འཛུགས་འདི་མུ་མཐུད་ནས་གནས་དགོས་མིན་དེ་བོད་མི་རིགས་ཀྱིས་ཐག་གཅོད་དགོས་ཞེས་ ༡༩༦༩ ལོ་ནས་གསུངས་ཡོད། ཅེས་འཁོད་འདུག

གསལ་བསྒྲགས་ནང་མུ་མཐུད་བཀོད་དོན། ༡༩༩༢ ལོར་༧གོང་ས་མཆོག་གིས་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ཏེ་ནམ་ཞིག་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་ཞིག་རག་དུས་ཁོང་གིས་བོད་གཞུང་གི་ཆབ་སྲིད་ལས་དོན་ནང་འགན་ཅི་ཡང་བཞེས་རྒྱུ་མིན་ལ། ཏཱ་ལའི་བླ་མའི་སྲོལ་རྒྱུན་གྱི་ཆབ་སྲིད་གོ་བབ་དེ་གཞུང་རང་ལ་འཚོལ་དུ་འཇུག་རྒྱུ་ཡིན་ཞེས་གསུངས་ཡོད། ང་ཚོས་ད་དུང་གསལ་བཤད་བྱེད་རྒྱུ་ཞིག་ལ། ལྷག་པར་དུ་རྒྱ་རིགས་སྤུན་མཆེད་ཚོར་ཞུ་རྒྱུར། ༧གོང་ས་མཆོག་གིས་དབུ་ཁྲིད་པའི་བོད་མི་རིགས་ཀྱིས་ ༡༩༥༩ ལོའི་ཡར་སྔོན་གྱི་སྤྱི་ཚོགས་རྙིང་བ་སྐྱར་གསོ་བྱེད་རྒྱུའི་རྨི་ལམ་ནམ་ཡང་གཏོང་གི་མེད་ལ། དོན་དངོས་ཐོག་ཞུས་ན། ༡༩༦༠ ལོ་ནས་མི་དམངས་ཀྱི་འཐུས་མི་འདེམས་པའི་ལུགས་སྲོལ་ལྟར་བཙན་བྱོལ་སྤྱི་ཚོགས་ནང་དུ་དམངས་གཙོའི་ལམ་སྲོལ་བཏོད་ཡོད། ཅེས་དང་། ༢༠༠༢ ལོར་བོད་རྒྱའི་འབྲེལ་བ་བསྐྱར་མཐུད་བྱས་པ་ནས་བཟུང་༧གོང་ས་མཆོག་གི་སྐུ་ཚབ་རྣམ་པ་རྒྱ་ནག་གི་མགོ་ཁྲིད་ཚོར་ཐུག་ཐེངས་རེར་བཞིན། བོད་དོན་ནི་བོད་མི་ས་ཡ་དྲུག་གི་བདེ་སྡུག་གནད་དོན་ཡིན་པ་ལས། ༧གོང་ས་མཆོག་སྐུ་སྒེར་གྱི་གནད་དོན་མིན་སྐོར་ཞུས་ཡོད་ཅེས་བཀོད་ཡོད་པ་རེད།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist