མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བྷུ་ཤུས་པེ་ཅིན་ནས་བསྒྲགས་གཏམ་སྤེལ་དགོས་།

བོད་ཀྱི་དུས་བབ།
༢༠༠༨/༠༧/༢༤
Share on FacebookShare on TwitterShare on EmailShare on Whatsapp

ཨོ་ལིམ་པིག་རྩེད་འགྲན་སླེབས་ལ་ཉེ་སྐབས་འདིར་ཨ་རིའི་གྲོས་ཚོགས་ནང་དུ་པེ་ཅིན་ལ་ཁ་གཏད་དེ་གྲོས་གཞི་དོན་ཚན་ ༡༢ ཅན་ཞིག་ངོ་སྤྲོད་གནང་ཡོད་ལ། བོད་དང་ཞིན་ཅང་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་ཨོ་ལིམ་པིག་རྩེད་འགྲན་གྱི་སྲོལ་རྒྱུན་གྱི་རང་དབང་དང་གུ་ཡངས་རང་བཞིན་རྒྱུན་འཁྱོངས་བྱེད་དགོས་པའི་འབོད་སྐུལ་ཞུས་ཡོད།

གོང་གསལ་གྲོས་གཞི་དེ་ཕྱི་ཟླ་ ༧ ཚེས་ ༢༣ ཉིན་གྲོས་ཚོགས་འོག་མའི་ཕྱི་འབྲེལ་སྲིད་བྱུས་ཀྱི་ལས་དོན་ཚོགས་ཆུང་གི་དམངས་གཙོ་ཚོགས་པའི་ཚོགས་གཙོ་ ཧོ་ཝར་ཌི་ བྷེར་མན་ལགས་ཀྱིས་ངོ་སྤྲོད་གནང་ཡོད། གྲོས་གཞི་འདིའི་སྟེང་མུ་མཐུད་གྲོས་བསྡུར་དང་བཅས་ཕྱི་ཚེས་ ༢༤ ཉིན་གྲོས་ཚོགས་ཁང་དུ་གྲོས་གཞི་འདི་ཚུད་ཀྱི་ཡོད་མེད་ཐད་འོས་འཕེན་གནང་སྲིད་པའི་སྐོར་བརྗོད་ཡོད་པ་རེད།

གྲོས་གཞི་འདིས་པེ་ཅིན་གྱི་མགོ་ཁྲིད་ཚོར་རང་གི་མི་སེར་གྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་མཚམས་འཇོག་དང་། བོད་དང་ཡུ་གར་མི་རིགས་ལ་དྲག་པོའི་རྒོལ་རྡུང་བྱེད་ཀྱིན་པ་མཚམས་འཇོག འབར་མ་དང་སུ་ཌན་གཞུང་ལ་རྒྱབ་སྐྱོར་བྱེད་པ་མཚམས་འཇོག་བཅས་དོན་ཚན་ ༡༢ འཁོད་ཡོད་ལ། དོན་ཚན་དེ་དག་གི་གཅིག་ནི། ༢༠༠༨ ལོའི་པེ་ཅིན་གྱི་ཨོ་ལིམ་པིག་རྩེད་འགྲན་དེ་ཁོའི་སྲོལ་རྒྱུན་གྱི་རང་དབང་དང་གུ་ཡངས་རང་བཞིན་ལ་གུས་བརྩི་བྱེད་པའི་ཁོར་ཡུག་ཅིག་ནས་ཚུགས་དགོས་རྒྱུའི་འབོད་སྐུལ་ཞུས་འདུག

གཞན་ཡང་། སྲིད་འཛིན་བྷུ་ཤུ་པེ་ཅིན་དུ་ཨོ་ལིམ་པིག་རྩེད་འགྲན་གྱི་རྟེན་འབྲེལ་མཛད་སྒོར་ཕེབས་ཀྱི་ཡོད་སྟབས། སྐབས་དེར་པེ་ཅིན་ནས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་ཡོངས་ཁྱབ་ཀྱི་བསྒྲགས་གཏམ་ནན་མོ་ཞིག་སྤེལ་དགོས་པ་དང་། རྒྱ་ནག་ནང་གི་སྲིད་དོན་བཙོན་པ་དང་ཁོང་ཚོའི་ནང་མི་ཉེ་འབྲེལ་ལ་མཇལ་འཕྲད་གནང་རྒྱུ། དེས་མི་ཚད། ཁོང་པེ་ཅིན་དུ་ཕེབས་པའི་རིང་། བོད་དང་ཞིན་ཅང་ནང་ལ་ལྟ་སྐོར་བྱེད་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད།

གྲོས་གཞི་དེའི་ནང་དུ། པེ་ཅིན་གྱི་མགོ་ཁྲིད་ཚོས་༧གོང་ས་མཆོག་དང་མཉམ་དུ་ཐད་ཀར་བཀའ་མོལ་གནང་སྟེ་བོད་ཀྱི་གནད་དོན་འདི་ཐག་གཅོད་དགོས་པའི་སྐོར་ཡང་ཞུས་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

པར་དྲ་ལམ་ནས་བླངས།
Mobile App

བོད་ཀྱི་འབྲོག་ཁུལ་གྱི་སློབ་ཕྲུག་སྟོང་ཕྲག་མང་པོ་གྲོང་ཁྱེར་གྱི་བཅའ་སྡོད་སློབ་གྲྭར་སྤོས།

༢༠༢༦/༡༡/༠༧
རྒྱ་ནག་གཞུང་ཚབ་ཁང་གིས་སྲིད་སྐྱོང་གི་སྐོར་སྐྱོད་ལ་ངོ་རྒོལ་བསྒྲགས་གཏམ་སྤེལ། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༡༡།༧
Mobile App

རྒྱ་ནག་གཞུང་ཚབ་ཁང་གིས་སྲིད་སྐྱོང་གི་སྐོར་སྐྱོད་ལ་ངོ་རྒོལ་བསྒྲགས་གཏམ་སྤེལ།

༢༠༢༦/༡༡/༠༧
Screenshot
Front Slider

འབུམ་རམས་པ་འཇམ་དབྱངས་དོན་གྲུབ་ལགས་དང་ལྷན་དུ་ཁོང་གི་སློབ་ཐོན་དཔྱད་རྩོམ་སྐོར་གླེང་མོལ།

༢༠༢༦/༡༡/༠༧
Mobile App

ཨ་རིས་རྒྱ་ནག་གི་བཟོ་ཚོང་ཁང་གཉིས་ལ་ཉེས་ཆད་བཏང་།

༢༠༢༦/༡༡/༠༦
ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་། Photo: Studio Incendo
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་སླར་ཡང་ལོ་བཅུ་ཡི་ཁྲིམས་ཐག་བཅད། 

༢༠༢༦/༡༡/༠༦
པར་༧དཔལ་ས་སྐྱ་ཁྲི་འཛིན་པ་ ༤༤ མཆོག་གི་ངོ་དེབ་ལས་བླངས།
Mobile App

༧དཔལ་ས་སྐྱའི་ཁྲི་འཛིན་ ༤༤ པའི་ཁྲི་སྟོན་མཛད་སྒོ་འཚོགས།

༢༠༢༦/༡༡/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese