མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨོ་བྷ་མའི་བློ་འགྱོད།

བོད་ཀྱི་དུས་བབ།
༢༠༠༨/༠༧/༢༨
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་སྲིད་འཛིན་འོས་གཞི་བྷ་རག་ཨོ་བྷ་མ་ལགས་ཀྱིས་ཁོང་ཉིད་ཕྱི་རྒྱལ་ཁག་ཏུ་ཕྱོགས་བསྐྱོད་བྱས་པའི་དབང་གིས་༧གོང་ས་མཆོག་ལ་མཇལ་མ་ཐུབ་པར་བློ་འགྱོད་ཤིན་ཏུ་ཆེ་ཚུལ་གསུངས་ཡོད་པ་རེད།

སྐུ་ཞབས་ཨོ་བྷ་མ་ལགས་ཀྱིས་ཕྱི་ཚེས་ ༢༤ ཉིན་༧གོང་ས་མཆོག་ལ་ཕྱག་བྲིས་ཤིག་གནང་བའི་ནང་འཁོད་དོན། ཟླ་འདིའི་ནང་ཁྱེད་ཉིད་ཨ་རིར་ཕེབས་པའི་སྐབས་ངེད་རང་ཕྱི་རྒྱལ་ཁག་ཏུ་འགྲོ་དགོས་པར་གྱུར་ཏེ་ཁྱེད་ལ་མཇལ་མ་ཐུབ་པ་དེར་བློ་འགྱོད་ཆེན་པོ་ཡོད། ཡིན་ནའང་ངས་གོ་སྐབས་འདི་བཟུང་ནས་ཁྱེད་ལ་བསྐྱར་དུ་ཞུ་རྒྱུ་ཞིག་ལ། ངས་ཁྱེད་དང་ཁྱེད་ཀྱི་དགོངས་གཞི། དུས་ཚོད་གཉན་འཕྲེང་གི་སྐབས་འདིར་ཁྱེད་ཀྱི་མི་དམངས་བཅས་ལ་ཚད་མཐོ་བའི་བརྩི་བཀུར་དང་རྒྱབ་སྐྱོར་ཡོད། ངའི་ཡི་གེ་འདི་དང་སྐུ་ཞབས་རྗོན་མ་ཁིན་ལགས་ཁྱེད་ལ་མཇལ་འཕྲད་གནང་བ་དེས་ང་ཚོའི་གལ་ཆེ་བའི་འོས་བསྡུའི་ལོ་འདིར་ཆབ་སྲིད་ཀྱི་ལངས་སྟངས་མི་འདྲ་ནའང་ཨ་མི་རི་ཀས་ཁྱེད་དང་ཁྱེད་ཀྱི་མི་དམངས་ལ་བཟུང་བའི་རྒྱབ་སྐྱོར་དང་དོ་སྣང་དེ་ཡོངས་ཁྱབ་དང་གསལ་བོ་ཡིན་པ་གསལ་བོ་ཆགས་པའི་རེ་བ་ཡོད། ཅེས་གསུངས་ཤིང་། ཁོང་གིས་མུ་མཐུད་ནས། ངས་ཁྱེད་ཀྱི་སྐུ་ཚབ་རྣམ་པ་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མགོ་ཁྲིད་ཚོའི་བར་གྱི་འབྲེལ་མོལ་དེ་རྒྱུན་མཐུད་ནས་ཡོད་པ་ཤེས་སྐབས་ཡིད་ཆེས་རྙེད་བྱུང་། ཕྱོགས་གཉིས་བར་གྱི་ཡར་རྒྱས་ཀྱི་རྣམ་པ་དེ་དལ་མོར་མཐོང་ནའང་། བོད་མི་རིགས་ཀྱི་འབད་རྩོལ་དེ་མུ་མཐུད་ནས་ཡོང་ལ། གལ་སྲིད་ཕྱོགས་གཉིས་ཀྱིས་དམིགས་ཡུལ་བཟང་པོ་ཁྱེར་ཞིང་གཉིས་མོས་ཀྱི་ལྟ་ཚུལ་ཁྱེར་བ་ཡིན་ན་འབྲེལ་མོལ་དང་ཞི་མོལ་གྱི་རིམ་པ་འདིར་བཟང་ཕྱོགས་ཀྱི་གྲུབ་འབྲས་ཡོང་བར་ངས་ཡིད་ཆེས་བྱེད་ཀྱིན་ཡོད། ངས་ནི་བརྒྱུད་རིམ་འདི་ཨོ་ལིམ་པིག་རྩེད་འགྲན་གྱི་རྗེས་ནས་མུ་མཐུད་དེ་ཡོང་བར་རེ་བ་མཐོང་གི་ཡོད་ལ། ངས་མུ་མཐུད་ནས་རྒྱབ་སྐྱོར་བྱེད་རྒྱུ་ཁས་ལེན་བྱེད་གི་ཡོད་ཅེས་གསུངས་ཡོད་པ་རེད།

ཨོ་བྷ་མས་བོད་མི་རིགས་ཀྱི་ཐོབ་ཐང་ཐད་གསུངས་དོན། ཉེས་ཆད་དམ་ཡང་ན་བཀག་འགོག་མེད་པའི་ཐོག་རང་གི་ཆོས་ལུགས་དད་མོས་ལག་ལེན་བྱེད་པའི་ཐོབ་ཐང་ནི་བོད་མི་རིགས་ལ་ངེས་པར་དུ་རག་དགོས་པ་ཞིག་ཡིན་ལ། ངས་རྒྱ་ནག་གི་དཔོན་རིགས་ཚོར་སོ་སོའི་རྣམ་རྟོག་ཟུར་དུ་བཞག་སྟེ་རྩ་ཁྲིམས་ལ་བསྟུན་ནས་ལས་ཀ་བྱེད་རྒྱུར་སྐུལ་མ་གཏོང་གི་ཡིན། ངས་ཁྱེད་ཉིད་དང་བོད་མི་རིགས་ཀྱི་ཐོབ་ཐང་ལ་མུ་མཐུད་ནས་རྒྱབ་སྐྱོར་བྱེད་ཀྱི་ཡིན། ཁྱེད་ཀྱིས་ཕྱག་ལས་ཅི་ཞིག་གནང་གིན་པ་དང་ཁྱེད་ཀྱི་ལངས་ཕྱོགས་ཅི་ཡིན་ཐད་འཛམ་གླིང་གི་ཆོས་ལུགས་རིས་མེད་ཀྱི་སྐྱེས་བུ་དག་གིས་དགའ་མོས་ཐོབ་ཀྱི་ཡོད་ལ། ངས་དུས་ཚོད་གཞན་ཞིག་ནས་ཁྱེད་ལ་མཇལ་རྒྱུར་སྒུག་ནས་བསྡད་ཡོད་ཅེས་གསུངས་འདུག

འབྲེལ་ཡོད་གསར་འགྱུར།

Mobile App

གཞུང་འབྲེལ་མིན་པའི་ཚོགས་སྡེ་ལྔ་ཡིས་ཞི་ཅིན་ཕིན་ལ་བསྒྲགས་གཏམ་སྤེལ།

ཆུ་ཚོད་ ༢༢ སྔོན་ལ།
UN High Commissioner for Human Rights Volker Turk  Photo : Tawazon
Mobile App

འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༦༣ སྟེང་བོད་དོན་གླེང་སློང་བྱས།

ཆུ་ཚོད་ ༢༢ སྔོན་ལ།
ཁྲིམས་རྩོད་པ་ཝང་ཤ་ཧོང་ཐའེ་ཝན་གནམ་ཐང་དུ། AP གསར་ཁང་གི་པར།
Mobile App

རྒྱ་ནག་གི་ཁྲིམས་རྩོད་པ་ཝང་ཤ་ཧོང་ཐའེ་ཝན་ལ་བྲོས་བྱོལ་དུ་འབྱོར་འདུག

༢༠༢༦/༠༩/༠༧
India, China to Hold First Corps Commander-Level Talks Today at Wacha Along LAC in Arunachal Pradesh | Image: X
Mobile App

རྒྱ་དཀར་ནག་གི་ཆེས་མཐོའི་དམག་དཔོན་བར་གྲོས་མོལ་བྱས། 

༢༠༢༦/༠༩/༠༧
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་གནོད་འཚེ་དང་བོད་ཀྱི་ཁོར་ཡུག་གཏོར་བཤིག་ལ་རགས་ཙམ་ལྟ་བ།

༢༠༢༦/༠༩/༠༧
༧གོང་ས་མཆོག་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཁག་ཅིག་ལ་མཇལ་ཁ་བསྩལ། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༦།༩།༥
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཁག་ཅིག་ལ་མཇལ་ཁ་བསྩལ།

༢༠༢༦/༠༩/༠༥

མཆན། 1

  1. ཀླུ་མཁར་བྱམས། says:
    ལོ་ 18 སྔོན།

    ཨོ་བྷ་མའི་གཏམ་བཤད་འདིར་བོད་པ་ཞིག་གི་དྲང་ཕྱོགས་ནས་གོ་བ་བླངས་ན། ༧གོང་ས་མཆོག་ལ་མཇལ་སྒྱུར་སྒུག་ནས་བསྡད་ཡོད་ཅེས་པ་འདི་རེད། ཡང་ཁོང་གིས། རྒྱ་ནག་གི་དཔོན་རིགས་ཚོས་སོ་སོའི་རྣམ་རྟོག་ཟུར་དུ་བཞག་སྟེ། རྩ་ཁྲིམས་ལ་བསྟུན་ནས་ལས་ཀ་བྱེད་རྒྱུར་སྐུལ་མ་གཏོང་གི་ཡིན་ཟེར་བ་འདི་ནི་ཁྲིམས་མཐུན་མིན་པའི་གཞུང་ཞིག་ལ་ཁྲིམས་མཐུན་ཡིན་པའི་རྒྱབ་སྐྱོར་སྤྲད་པའི་དཔང་རྟགས་སུ་འགྲོ་སྲིད་པས་ན། འདིར་དམངས་གཙོ་དོན་གཉེར་བ་དང་བོད་དོན་འཐབ་མོ་བ་དག་གིས་བསམ་གཞིགས་བྱེད་དགོས་པ་ཞིག་ཆག་འདུག་སྙམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese