མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

དུས་ངེས་མེད་དང་གནས་སྟངས་ཆ་མེད་ཀྱི་ཟས་བཅད་ངོ་རྒོལ།

བོད་ཀྱི་དུས་བབ།
༢༠༠༨/༠༧/༢༩
Share on FacebookShare on TwitterShare on EmailShare on Whatsapp

ཨོ་ལིམ་པིག་ལ་ངོ་རྒོལ་བྱེད་ཆེད་བོད་མི་དྲུག་གིས་ལྡི་ལི་ནས་ཟས་དང་ཆུ་གང་ཡང་མི་སྤྱོད་པར་དུས་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་ལ་བསྡད་ཡོད་པ་རེད།

ཕྱི་ཚེས་ ༢༨ ཉིན་ལྡི་ལིར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་བོད་མི་དྲུག་གིས་ཟས་བཅད་ངོ་རྒོལ་བྱེད་མགོ་བརྩམས་ཡོད་ལ། ཐེངས་འདིའི་ཟས་བཅད་ངོ་རྒོལ་བ་རྣམས་ཀྱིས་རྒྱ་ནག་གཞུང་གིས་ཁོང་ཚོའི་རེ་འདུན་དང་ལེན་མ་བྱས་པར་ཟ་མ་དང་ཆུ་ཡང་མི་འཐུང་བར་ཟས་བཅད་ངོ་རྒོལ་བྱེད་རྒྱུ་ཡིན་འདུག འདི་ནི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་ཐེངས་གཉིས་པའི་མི་དམངས་མདུན་སྐྱོད་ཀྱི་ལས་འགུལ་ཆེན་མོའི་སྟ་གོན་ལྟ་བུ་ཡིན་ལ། ལོ་སྔོན་མའི་ཟླ་ ༨ པའི་ཚེས་ ༨ ཉིན་རྒྱ་ནག་ཏུ་ཨོ་ལིམ་པིག་རྩེད་འགྲན་འཚོགས་རྒྱུར་ཐེངས་དང་པོའི་མི་དམངས་མདུན་སྐྱོད་ཀྱི་ལས་འགུལ་སྤེལ་སྐབས་རྒྱ་གར་གྱི་ས་གནས་ཁག་དང་བལ་ཡུལ། ཕྱི་རྒྱལ་བཅས་ཀྱི་གྲྭ་བཙུན་དང་མི་མང་ཉིས་ཁྲི་ལྷག་ལྡི་ལིར་འཛོམས་ཏེ། ཞི་བའི་ངོ་རྒོལ་བྱས་ཡོད་ལ། སྐབས་དེར་བོད་མི་བཅུ་བཞིས་ཉིན་ ༣༣ རིང་ཟས་བཅད་ངོ་རྒོལ་བྱས་ཡོད།

ཐེངས་འདིའི་ཟས་བཅད་ངོ་རྒོལ་ནང་ཞུགས་མཁན་རྣམས་ནི་ལྷོ་ཕྱོགས་སེ་ར་བྱེས་ཏྲེ་ཧོར་ཁང་ཚན་གྱི་རང་ལོ་ ༣༧ ཡིན་པའི་གྲྭ་ཤེས་ཚེར་ཉི་མ་དང་རང་ལོ་ ༣༡ ཡིན་པའི་བསོད་ནམས་གྲགས་པ། རང་ལོ་ ༢༥ ཡིན་པའི་བསྟན་པ་དར་རྒྱས། འབྲས་སྤུངས་བློ་གསལ་གླིང་གི་རང་ལོ་ ༢༣ ཡིན་གྲྭ་ཚེ་རིང་དང་ངྷ་ས་མེག་ངྷན་གྱི་རང་ལོ་ ༢༨ ཡིན་པའི་བྱང་ཆུབ་བཟང་པོ། ནོར་བུ་གླིང་གའི་རང་ལོ་ ༣༡ ཡིན་པའི་དབང་འདུས་ཕུན་ཚོགས་བཅས་ཡིན་ལ། བསོད་ནམས་གྲགས་པ་ལགས་ནི་འདིའི་སྔོན་ངྷ་ས་ནས་ལྷ་ས་བར་གྱི་ཞི་བའི་གོམ་བགྲོད་དུའང་ཞུགས་ཡོད་འདུག

གཞོན་ནུ་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ཀྱིས་ཉིན་དེར། ང་ཚོ་བོད་ཀྱི་གཞོན་ནུའི་ངོས་ནས་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་འདི་གོ་སྒྲིག་བྱེད་དོན་ནི་འདི་ལོའི་གསུམ་བཅུའི་དུས་དྲན་ཉིན་ནས་བོད་ནང་གཞིས་ལུས་བོད་མི་ཚོས་རྒྱ་ནག་ལ་ལོ་རྒྱུས་རང་བཞིན་ལྡན་པའི་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་དེས། ད་ལྟའི་བོད་ནང་གི་གནས་སྟངས་ཧ་ཅང་ཛ་དྲག་ཏུ་གྱུར་ཡོད་ཅིང༌། གཞིས་ལུས་བོད་མི་ཚོས་རྒྱ་ནག་གི་སྡུག་སྦྱོང་མནར་གཅོད་མྱོང་བཞིན་ཡོད་པས། ང་ཚོ་བྱེས་གྱར་བོད་མི་ཚོས་ཀྱང་བོད་དོན་འདི་བཞིན་རྒྱལ་སྤྱིའི་སྡིངས་ཆའི་སྟེང་འདེད་རྒྱུར་མུ་མཐུད་ལས་འགུལ་སྤེལ་དགོས་ལ། རྒྱ་ནག་གཞུང་ཡང་འབུད་རྒྱག་གཏོང་དགོས་པ་རེད་ཅེས་བརྗོད་ཡོད།

ཟླ་བརྒྱད་པའི་ཚེས་ ༧ ཉིན་བོད་ཀྱི་གཞོན་ནུས་མི་དམངས་མདུན་སྐྱོད་ཀྱི་ལས་འགུལ་ཐེངས་གཉིས་པ་སྤེལ་རྒྱུ་གཏན་འཁེལ་བྱས་ཡོད་ལ། དེ་ནི་པེ་ཅིན་ཨོ་ལིམ་པིག་རྩེད་འགྲན་གྱི་སྔ་ཉིན་ཏུ་འཁེལ་བར་བྱས་ཡོད།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist