མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཏམ་བརྗོད་འདི་དག་བདེན་པ་རེད་དམ།

བོད་ཀྱི་དུས་བབ།
༢༠༠༨/༠༧/༣༠
Share on FacebookShare on TwitterShare on EmailShare on Whatsapp

ཞི་བདེ་དང་རང་དབང་། དམངས་གཙོ། བདེ་སྐྱིད་བཅས་ཀྱི་མཚོན་དོན་དུ་གྲགས་པའི་ཨོ་ལིམ་པིག་དཔལ་འབར་གྱི་མེ་ལྕེ་དེ་ཟུངས་ཁྲག་དང་ངུ་འབོད་ཁྲོད་འབར་ཏེ། རྒྱ་ནག་པེ་ཅིན་དང་བར་ཐག་ཇེ་ཉེ་ནས་ཇེ་ཉེ་རེད་ལ། དུས་རབས་ཕྱེད་ཀའི་རིང་བོད་མི་ས་ཡ་དྲུག་གི་རེ་ལྟོས་ཀྱི་བོད་རྒྱ་ཞི་མོལ་ནི། ངན་སྨྲས་དང་འཁྱོག་བཤད་ཁྲོད་ནས་ང་ཚོ་དང་བར་ཐག་ཇེ་རིང་ནས་ཇེ་རིང་རེད།

བོད་རྒྱ་ཞི་མོལ་ཐེངས་བདུན་པའི་ཕྱོགས་གཉིས་ཀྱི་སྐུ་ཚབ་རྣམས་སོ་སོར་ཁ་གྱེས་མ་ཐག རྒྱ་ནག་གཞུང་ཕྱོགས་ནས་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་དོན། སེམས་པ་བཟང་ལ་བློ་རྩ་བརྟན་པའི་ཀྲུང་གོའི་མི་དམངས་ཀྱི་དམངས་སེམས་གཅིག་མཐུན་གྱིས་ཡོམ་འགོག་གེགས་སེལ་བྱེད་པའི་སྐབས་སུ། ཁུ་སིམ་མེར་སྡོད་འདོད་མི་བྱེད་པའི་ཏཱ་ལ་སླར་ཡང་སྐྱོད་མགོ་བཙུགས་ཏེ། ངང་སྒུག་བྱེད་ལོངས་མེད་པའི་ཐོག་ནས་གང་སར་ཕྱོགས་ཉུལ་ངན་འབྲེལ་བྱས། ནུབ་ཕྱོགས་རྒྱལ་ཁབ་ཏུ་སྐྱོད་དེ་རྒྱུན་སྤྱོད་ཀྱི་གཡོ་ཐབས་ལ་བརྟེན་ནས། ཆོས་ལུགས་དང་འགྲོ་བ་མིའི་ཐོབ་ཐང་གི་དར་རྟགས་འཕྱར་བ་དང༌། གོ་སྐབས་དེ་དང་བསྟུན་ནས། བོད་རང་བཙན་གྱི་གཏམ་སྤྱོད་འུད་སྒྲོག རྒྱལ་སྤྱིའི་སྤྱི་ཚོགས་དང་བོད་ཀྱི་གནད་དོན་ཐད་ཀྲུང་གོར་གནོན་ཤུགས་སྤྲོད་དགོས་ཞེས་འཁྱམ་བཤད་བྱས་ཏེ་དགོད་བྲོ་བའི་ཟློས་གར་གསར་བ་འཁྲབ་ཡོད་ཅེས། གཞི་མེད་ཀྱི་སྐྱོན་འཛུགས་སྔར་ལས་ཤུགས་ཇེ་ཆེར་གཏོང་མགོ་བཙུགས་ཡོད་ལ། ཨོ་ལིམ་པིག་ལམ་ལྷུང་ལ་བར་ཐག་ཇེ་ཉེར་སོང་བ་དང་བསྟུན་ཏེ། ༧གོང་ས་མཆོག་གིས། རྒྱ་གཞུང་ལ་བོད་ཀྱི་གནད་དོན་ལ་གྲོས་མོལ་བྱ་འདོད་མི་འདུག་གསུངས་པ་ལྟར། རྒྱ་ནག་གཞུང་གི་མངོན་འདོད་ངོ་མ་དེ་ཁ་ཇེ་གསལ་དུ་བཏང་ཡོད། ༧གོང་ས་མཆོག་གིས་ཟླ་ ༥ ཚེས་ ༡༤ ཉིན་རྒྱ་ནག་གི་ས་འགུལ་ཆེན་མོའི་དོན་རྐྱེན་ཐད། ཐུགས་གསོའི་འཚམས་འདྲི་ཞུས་པའི་ནང༌། རྒྱ་ནག་གི་ཞིང་ཆེན་ཟི་ཁྲོན་ནང་ས་འགུལ་གྱི་རྐྱེན་ངན་ཤུགས་ཆེན་བྱུང་ནས་མི་མང་བོ་དུས་མིན་འཆི་བ་དང༌། དེ་ལས་མང་བར་རྨས་སྐྱོན་བྱུང་བར་ང་རང་བློ་ཕམ་ཆེན་པོ་བྱུང་ཡོད་ལ། གནོད་འཚེ་ཕོགས་ཡུལ་གྱི་ནང་མི་རྣམས་ལ་ངོས་ཀྱིས་སེམས་གཏིང་ནས་གདུང་སེམས་མཉམ་སྐྱེད་དང་ཐུགས་གསོའི་འཚམས་འདྲི་ཞུ་རྒྱུ་ཡིན། ངོས་ཀྱིས་ཐེངས་འདིར་སྲོག་སྐྱོན་དང་རྨས་སྐྱོན་ཤོར་བ་རྣམས་ལ་སྨོན་ལམ་གསོལ་འདེབས་ཞུ་བཞིན་ཡོད། ཅེས་ཡིད་གདུང་དྲག་པོས་ཐུགས་གསོའི་འཚམས་འདྲི་ཞུས་ཡོད་ལ། བཙན་བྱོལ་བོད་གཞུང་གི་ངོས་ནས་ཀྱང༌། འཛམ་གླིང་གང་སར་ཡོད་པའི་བོད་རིགས་ཡོངས་ལ་རྒྱལ་ཁབ་སོ་སོར་ཡོད་པའི་རྒྱ་ནག་གཞུང་ཚབ་མདུན་ནས་ངོ་རྒོལ་མཚམས་འཇོག་བྱེད་རོགས་ཞེས་འབོད་སྐུལ་ཞུས་ཡོད།

རྒྱ་གཞུང་གི་གསར་འགྱུར་དེའི་ནང་མུ་མཐུད་བརྗོད་དོན། ཏཱ་ལ་ཁོ་བས་དོན་གཉེར་བྱེད་པ་ནི། ཚད་མཐོའི་རང་སྐྱོང་ཡོང་བ་བྱ་རྒྱུ་དེ་ཡིན་པ་ལས། རང་བཙན་མིན་ཞེས་ཤོད་ཀྱིན་ཡོད། འོན་ཀྱང༌། མི་རྣམས་ཐེ་ཚོམ་སྐྱེ་དགོས་པ་ཞིག་ནི། ཕྱོགས་ཉུལ་ངན་འབྲེལ་བྱེད་པར་མ་སྐྱོད་གོང་དུ། ཁོ་བས་རྗེས་འབྲངས་པ་ཚོར་སྐད་རྒྱག་པ་ཁོ་ནས་ནུས་པ་གང་ཡང་མི་ཐོན། ཇི་ལྟར་བྱས་ནས་རང་བཙན་ཡོང་བ་བྱེད་དགོས་སམ་ཞེ་ན། འགྲོ་ལམ་འབའ་ཞིག་ནི་རང་སྐྱོང་ངོ་མ་དེ་ཡིན་ཞེས་ཁ་བརྡ་བྱས་ཡོད། ཁོ་བས་མངོན་གསལ་དོད་པོས་ཁ་བྲལ་གྱི་འདོད་ཚུལ་དེ་གང་སར་སྣ་བརྡབས་པར་བརྟེན། ཏཱ་ལའི་རུ་ཚོགས་ཀྱིས་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པ་ནས་བཟུང༌། ཚད་མཐོའི་རང་སྐྱོང་གི་དར་རྟགས་འཕྱར་ནས་བོད་དུ་དེང་སྐབས་ལག་བསྟར་བྱེད་པའི་ཆབ་སྲིད་ལམ་ལུགས་རྩིས་མེད་དུ་གཏོང་བ་དང༌། ལོ་རྒྱུས་ཐོག་རྩ་བ་ནས་བྱུང་མྱོང་མེད་པའི། བོད་ཆེན་པོ། ཟེར་བ་དེ་སྤྱད་དེ་ཁ་བྲལ་སྤེལ་བའི་བསམ་ངན་ལ་མཛེས་རྒྱན་སྤྲས་པ་དེའི་དམིགས་ཡུལ་ནི། ལོ་རྒྱུས་ཀྱི་འཁོར་ལོ་ཕྱིར་བསྐོར་ཏེ། མུན་ནག་གི་ཆོས་སྲིད་ཟུང་འབྲེལ་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་སྤྱི་ཚོགས་སུ་ཕྱིར་ལྡོག་བྱ་རྒྱུ་དེ་རེད་ཅེས་བརྗོད་ཡོད། གོང་གི་གཏམ་བརྗོད་དེ་ལས། བོད་ཆེན་པོ་ཟེར་བ་དེ་༧གོང་ས་མཆོག་གི་དབུ་མའི་ལམ་དུ། ཆོལ་ཁ་གསུམ་གཅིག་ཏུ་སྒྲིལ་བའི་རང་སྲིད་རང་སྐྱོང་ཟེར་བ་དེར་བཤད་ཀྱིན་ཡོད་པ་འདྲ། ༧གོང་ས་མཆོག་གིས་སྤྱི་ལོ་ ༡༩༧༩ ཙམ་ནས་བོད་རང་བཙན་བློས་བཏང་སྟེ། རང་སྐྱོང་གསུང་གིན་ཡོད་པ་འཛམ་གླིང་ལ་རྒྱ་ཁྱབ་ཏུ་བསྒྲགས་ཟིན་ལ། ལྷག་པར་དུ་ད་ལོ་བོད་ནང་དོན་རྐྱེན་བྱུང་མ་ཐག རྒྱལ་ཁབ་ཕྱི་ནང་གི་རྒྱ་རིགས་ཡོངས་ལ་གསུང་འཕྲིན་ཛ་དྲག་ཐོག་བསྩལ་བའི་ནང༌། ང་ལ་བོད་ཁ་བྲལ་གཏོང་རྒྱུའམ། བོད་རིགས་དང་རྒྱ་རིགས་བར་མ་འགྲིག་པ་བཟོ་རྒྱུའི་འདོད་པ་གང་ཡང་མེད་ཅེས་ངས་རྒྱ་རིགས་སྤུན་ཟླ་ཚོར་འགན་ལེན་བྱེད་རྒྱུ་ཡིན། དེ་ལས་ལྡོག་སྟེ་ངས་རྒྱུན་དུ་བོད་རྒྱ་མི་རིགས་གཉིས་ཀར་ཕུགས་རྒྱང་རིང་པོའི་ཁེ་ཕན་ལྡན་པའི་སྒོ་ནས་བོད་ཀྱི་དཀའ་རྙོག་སེལ་རྒྱུར་འབད་བརྩོན་བྱེད་ཀྱིན་ཡོད། ངས་ཁྱེད་ཚོར་ངའི་ཀུན་སློང་ཁ་ཞེ་གཉིས་མེད་ཡིན་པའི་འགན་ལེན་བྱེད་རྒྱུ་ཡིན་ཞེས་གསུངས་ཡོད།

རྒྱ་ནག་གཞུང་གིས་བོད་རྒྱའི་གྲོས་མོལ་ཐེངས་ལྔ་བའི་རྗེས་ནས་༧གོང་ས་མཆོག་ལ་མཚན་སྨོད་ཤུགས་ཆེ་རུ་བཏང་ཡོད་ལ། ལྷག་པར་དུ་ད་ལོའི་ཞི་མོལ་ཐེངས་བདུན་པའི་བོད་རྒྱའི་སྐུ་ཚབ་སོ་སོར་གྱེས་མ་ཐག བོད་མིའི་སེམས་ལ་བརྣག་པའི་༧གོང་ས་མཆོག་ལ་མཚན་སྨོད་དང༌། བཙན་བྱོལ་བོད་གཞུང་དང་ཚོགས་པ་ཁག་ལ་གཞི་མེད་ཀྱི་སྐྱོན་འཛུགས། རྒྱ་རིགས་མི་དམངས་དང་བོད་རིགས་མི་དམངས་བྱིངས་བར་འགལ་ཟླ་སློང་གཞིའི་སྒྲོག་གཏམ་བསྟུད་མུར་སྤེལ་འདུག གོང་གི་གཏམ་བརྗོད་དེ་དག་ཀྱང་ཟླ་འདིའི་ཚེས་ ༡༨ ཉིན་རྒྱ་ནག་གུང་ཁྲན་ཏང་གི་གསར་འགྱུར་ཐོག་སྤེལ་འདུག ༧གོང་ས་མཆོག་གིས་རྒྱ་ནག་གི་འཆལ་གཏམ་དེ་དག་གི་ཐད་གསུངས་དོན། རྒྱ་ནག་བརྟན་ལྷིང་དང་འཆམ་མཐུན་ཡོང་བར་མཐུན་འགྱུར་གྱིས་མི་རིགས་ཕན་ཚུན་བར་འགལ་ཟླ་བཟོ་བའི་རིགས་སྤང་དགོས། རྒྱ་ནག་གི་གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ་བོད་ནང་བྱུང་བའི་གནས་ཚུལ་རྣམས་ལ་རྫུན་སྒྲིག་འཁྱོག་བཤད་ཆེན་པོ་བརྒྱུད་བསྒྲགས་བྱེད་སྟངས་འདིས། མ་འོངས་ཕུགས་རྒྱང་རིང་པོའི་བར་ཚོད་དཔག་དཀའ་བའི་མཇུག་འབྲས་སྟེར་བའི་མི་རིགས་ཕན་ཚུན་མི་མཐུན་པ་བཟོ་རྒྱུའི་ས་བོན་ངན་པ་འདེབས་སྲིད་པ་འདིར། ང་རང་སེམས་འཚབ་ཧ་ཅང་ཆེན་པོ་ཡོང་གིན་འདུག ཅེས་ད་ལོའི་ཟླ་ ༣ ཚེས་ ༢༨ ཉིན་འཛམ་གླིང་ཡོངས་ཁྱབ་ཏུ་བསྒྲགས་ཡོད་ཡོད།

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གི་ཞབས་པུས་དྲག་སྐྱེད་བྱུང་མུས་ཡིན་པར་གསུངས། 

ཆུ་ཚོད་ ༡༠ སྔོན་ལ།
A magnitude 5.29 earthquake struck the Sichuan province in southwestern China on Sunday, June 28, 2026
Mobile App

ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་། 

ཆུ་ཚོད་ ༡༣ སྔོན་ལ།
Advertisement for App

ཕྱི་ལོ་ ༢༠༢༦ སྐྱིད་ཚལ་གླིང་གི་སློབ་ཡོན་གསལ་བསྒྲགས།

ཆུ་ཚོད་ ༡༤ སྔོན་ལ།
Mobile App

ཨ་རིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས།

ཆུ་ཚོད་ ༡༤ སྔོན་ལ།
Torrents of muddy water swiftly engulfed homes in Nanning city in southern China
Mobile App

རྒྱ་ནག་ནང་ཆུ་ལོག་དང་ས་རུད་བྱུང་སྟེ་མི་གྲངས་ ༦༥ འདས་གྲོངས་སུ་ཕྱིན་འདུག

༢༠༢༦/༠༧/༠༨
strategic missile launched by a submarine of the Chinese People’s Liberation Army Navy bursts out of the water during a test on Monday. Photograph: Xinhua/Shutterstock
Mobile App

རྒྱ་ནག་གིས་ཞི་བདེ་རྒྱ་མཚོའི་ཁུལ་དུ་དམག་སྦྱོང་བྱས། 

༢༠༢༦/༠༧/༠༨

མཆན། 1

  1. དབྱངས་ཅན་རོལ་བའི་འོ་མཚོ་། says:
    ལོ་ 18 སྔོན།

    གཏམ་བརྗོད་འདི་དག་བདེན་པ་རེད

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese