མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

གཟའ་ཉི་མའི་དཔལ་འབར།

བོད་ཀྱི་དུས་བབ།
༢༠༠༨/༠༨/༠༤
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་རང་དབང་དཔལ་འབར་དེ་ཟླ་གསུམ་པའི་ཚེས་ ༡༠ ཉིན་གྷ་རི་སའི་ཨོ་ལིམ་པེ་ཡ་ནས་མགོ་འཛུགས་ཀྱིས་ཨ་རི་དང་ཁ་ན་ཊ། ཐེ་ཝན། ནེའུ་ཛི་ལན་ཌི་སོགས་རྒྱལ་ཁབ་ ༢༠ དང་གྲོང་ཁྱེར་དང་ས་གནས་གནད་འགག་ཅན་ ༥༠ ལྷག་ལ་སྐོར་སྐྱོད་བྱས་ཏེ་ཕྱི་ཚེས་ ༣ ཉིན་ངྷ་སར་འབྱོར་ཡོད་པ་དང༌། ཉིན་དེའི་ཞོགས་པའི་ཆུ་ཚོད་ ༡༠།༣༠ ཙམ་ལ་བོད་གཞུང་སྨན་རྩས་ཁང་ནས་མེག་གྷན་པདྨ་ཐང་བར་ཏུ་སྐོར་སྐྱོད་བྱས་ཤིང༌། བོད་མི་ཆིག་སྟོང་ལྷག་གིས་ལག་ཏུ་བོད་ཀྱི་རྒྱལ་དར་བཟུང་སྟེ་བོད་རྒྱལ་ལོ་ཞེས་ཀུ་སྒྲ་སྒྲོག་བཞིན་སྣེ་ལེན་བྱས་ཡོད།

ཉིན་དེར་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་བུ་མོ་ཚེ་རིང་ལགས་ཀྱིས་ལོ་སྔོན་མར་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ལྔ་བ་བྷེལ་རྗེམ་རྒྱལ་ས་བྷི་ར་སིལ་དུ་འཚོགས་སྐབས་བོད་མིའི་རང་དབང་དཔལ་འབར་འདི་བོད་དོན་རྒྱབ་སྐྱོར་ཚོགས་པ་གང་དུ་ཡོད་སའི་རྒྱལ་ཁབ་དེའི་རྒྱལ་ས་དང་གྲོང་ཁྱེར། ས་གནས་གནད་འགག་ཅན་ཚང་མར་སྐོར་སྐྱོད་བྱེད་དགོས་ཀྱིན་འདུག བོད་དོན་རྒྱབ་སྐྱོར་བ་ཚོས་སྣེ་ལེན་བྱས་ཏེ་བོད་དོན་དྲིལ་བསྒྲགས་བྱེད་དགོས་ཀྱིན་འདུག་ཅེས་གྲོས་ཆོད་བཞག་པ་རེད་ལ། རྒྱ་ནག་གི་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་དཔལ་འབར་དེ་གྷི་རི་སི་ནས་ཟླ་གསུམ་པའི་ཚེས་ ༨ ཉིན་མགོ་འཛུགས་བྱས་པའི་ཉིན་གཉིས་ཀྱི་རྗེས་ཏེ། བོད་མིའི་རང་དབང་སྒེར་ལངས་ཀྱི་ཉིན་དེར་མགོ་འཛུགས་བྱས་པ་རེད། ད་བར་རྒྱལ་ཁབ་དང་ ༢༠ ལྷག་གི་ས་གནས་དང་གྲོང་ཁྱེར་ ༥༠ ལྷག་ལ་སྐོར་སྐྱོད་གྲུབ་སྟེ་ངྷ་སར་འབྱོར་བ་དང༌། ངྷ་ས་ནི་བཙན་བྱོལ་བོད་གཞུང་དང་༧གོང་ས་མཆོག་གི་བཞུགས་སྒར་ཡིན་ལ། ས་ཆ་གནད་འགག་ཅན་ཞིག་ཡིན་སྟབས་ང་ཚོ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་འགན་ཁྱེར་ཏེ། གོ་སྒྲིག་གི་འགན་ལེན་བྱས་ཡོད་ཅེས་དང༌། དཔལ་འབར་འདི་བརྒྱུད་དེ་བོད་མི་ཚོའི་མངོན་འདོད་དང༌། བོད་དོན་ལ་རྒྱལ་སྤྱིའི་རྒྱབ་སྐྱོར་དགོས་ཀྱི་ཡོད་པ་དང༌། རྒྱབ་སྐྱོར་དེ་ཡང་དོན་དམ་པའི་རྒྱབ་སྐྱོར་དང༌། སོ་སོའི་རྒྱལ་ཁབ་གཞུང་རང་གིས་རྒྱ་ནག་ལ་གནོན་ཤུགས་སྤྲད་དེ་བོད་དོན་བདེན་མཐའ་གསལ་དགོས་ཀྱི་འདུག་ཅེས་འབོད་སྐུལ་ཞུ་བཞིན་ཡོད་ཅེས་བརྗོད་ཡོད་ལ། ཡང་ཁོང་གིས་མུ་མཐུད་དེ་གསུངས་དོན། ཨོ་ལིམ་པིག་རྩེད་འགྲན་ལ་ང་ཚོས་ངོ་རྒོལ་བྱེད་ཀྱིན་མེད་ནའང༌། ཨོ་ལིམ་པིག་རྩེད་འགྲན་གོ་སྒྲིག་བྱེད་མཁན་གྱི་རྒྱལ་ཁབ་དེས་རང་གི་མི་དམངས་ལ་འགྲོ་བ་མིའི་ཐོབ་ཐང་སྤྲོད་ཀྱི་མེད་པར་ང་ཚོ་བློ་འཚབ་དང༌། ངོ་རྒོལ་བྱེད་ཀྱིན་ཡོད་སྟབས། ཚེས་ ༨ ནི་ཨོ་ལིམ་པིག་དབུ་འབྱེད་མཛད་སྒོ་དང་ཚེས་ ༢༤ ནི་མཇུག་སྡོམ་མཛད་སྒོ་རེད་ལ། དེ་ནི་ཆབ་སྲིད་ཀྱི་གནད་འགག་གི་ཉིན་མོ་ཞིག་ཡིན་པས་ཉིན་དེ་གཉིས་སུ་བོད་མི་ཚང་མས་གྱོན་པ་ནག་པོ་མནབ་རྒྱུ་དང༌། ཚེས་ ༨ ནས་ ༢༤ བར་དུ་ས་གནས་ཁག་གི་བོད་མི་ཚང་མས་ཞོགས་པའི་ཆུ་ཚོད་ ༨ པ་ནས་དགོང་མོའི་ཆུ་ཚོད་ ༩ པ་པར་གློག་གཟིམ་སྟེ། ཡང་ལ་སྒྲོན་རོགས། དེ་ནི་བོད་ནང་དུ་བོད་རིགས་སྤུན་ཟླ་མང་བོས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་རང་སྲོག་བློས་གཏོང་མཛད་པར་མྱ་ངན་གྱི་ཆེད་དུ་ཡིན། དེ་མིན་སློབ་གྲྭ་ཁག་དང་དགོན་སྡེ་ཁག་ཏུ་ཞོགས་པའི་འདུ་འཛོམས་སྐབས་སྐར་མ་གཅིག་རིང་ངག་བཅད་གནང་རོགས། འབོད་སྐུལ་འདི་དག་རྒྱལ་སྤྱིའི་ནང་མི་དུང་ཕྱིར་གཅིག་ལྷག་གིས་གནང་གིན་ཡོད་ཅེས་བརྗོད་ཡོད།

རྒྱལ་སྤྱིའི་བོད་དོན་རྒྱབ་སྐོར་ཚོགས་པའི་འབྲེལ་མཐུད་པ་ཆོས་འགྲུབ་ལགས་ཀྱིས་ཨོ་ལིམ་པིག་དཔལ་འབར་དེ་རྒྱལ་ཁབ་ ༢༠ ལྷག་གི་རྒྱལ་ས་དང་གྲོང་ཁྱེར། ས་གནས་གནད་འགག་ཅན་ ༥༠ ལྷག་ལ་སྐྱོར་སྐྱོད་ཟིན་པ་དང༌། ངྷ་ས་ནས་སྐོར་སྐྱོད་གྲུབ་རྗེས་མུ་ན་ལི་དང་ཞིམ་ལ་བཅས་སུ་སྐོར་སྐྱོད་བྱས་ཏེ་ལ་དྭགས་སུ་འཁྱེར་རྒྱུ་ཡིན་པ་དང༌། ལ་དྭགས་ནི་བོད་དང་ཐག་ཉེ་བའི་ས་ཆ་ཡིན་སྟབས་དེ་རུ་མཇུག་བསྡུ་རྒྱུ་ཡིན་ཞེས་བརྗོད་ཡོད།

ཉིན་དེའི་ཉིན་རྒྱབ་ངྷ་སྟེང་བོད་ཁྱིམ་སློབ་གྲྭ་དང་ཕྱི་དྲོར་བོད་གཞུང་ཟློས་གར་ཁང་གཉིས་སུ་དཔལ་འབར་སྐོར་སྐྱོད་བྱས་ཡོད།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist