མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་པ་ཞིག་ཏུ་སྐྱེས་པའི་ཉེས་དམིགས།

བོད་ཀྱི་དུས་བབ།
༢༠༠༨/༠༨/༠༥
Share on FacebookShare on TwitterShare on EmailShare on Whatsapp

 

 

བོད་པ་ཞིག་ཏུ་སྐྱེས་པའི་ཉེས་དམིགས། ༼ལྷ་སའི་བཙོན་ཁང་ནང་གི་མཐོང་ཐོས།༽

Rebecca Novick ཡིས་བྲིས། ལུང་རིགས་རྒྱལ་གྱིས་བསྒྱུར།

་་་་་་་ ཉེས་པ་ཅི་ཡང་བསགས་མེད་པའི་མི་རྣམས་ལ་འདྲི་རྩད་མང་པོ་བྱས་ཤིང་། ཁོང་ཚོའི་ཉེས་པ་ནི་བོད་མི་ཞིག་གི་སྐྱེ་བ་བླངས་པ་དེ་ཡིན་འདུག ་་་་་་་་་

“སྔོན་མ་ཡིན་ན་ས་ཆ་འདི་སྐྱིད་ཤོས་ཤིག་ཡིན། ཡིན་ནའང་ད་ལྟ་བཙོན་ཁང་འདྲ་བོ་ཞིག་ཆགས་འདུག ངས་བརྙན་འཕྲིན་ལ་ལྟ་སྐབས། ཚང་མ་སྐྱག་རྫུན་རེད། དེར་བརྟེན་ང་ཁྲོམ་ལ་ཕྱིན་པ་སྐབས་དམག་མི་ཚོས་ངའི་ངོ་རྟགས་ལག་འཁྱེར་ལ་ཞིབ་བཤེར་བྱེད་གི་འདུག གལ་སྲིད་དོན་དག་ཕྲན་བུ་ཞིག་ནོར་ཚེ། ཁྱེད་རང་ཚར་བ་རེད། ང་ཚོས་བཟོད་སྒོམ་བྱས་ན་འགྲིག་གི ཡིན་ནའང་ད་ནི་བཟོད་སྒོམ་བྱེད་ཚོད་མི་འདུག“

འདི་ནི་བོད་རིགས་གཞོན་སྐྱེས་ཤིག་ལ་བཅར་འདྲི་བྱས་པ་ཞིག་བོད་ནས་གསང་སྟབས་ཀྱིས་ཁྱེར་ཡོང་བའི་ནང་ཁོས་དེང་སྐབས་ཀྱི་ལྷ་སའི་འཚོ་བའི་སྐོར་འགྲེལ་བཤད་ཇི་ལྟར་བརྒྱབས་པ་དེ་ཡིན་ལ། ལོ་འདིའི་ཕྱི་ཟླ་གསུམ་པའི་ངོ་རྒོལ་རྗེས་སུ་བཙོན་དུ་ཚུད་པའི་མི་ཞིག་གིས་དངོས་སུ་མྱངས་པའི་ཁུངས་སྐྱེལ་གསལ་བོ་ཞིག་ཡིན།

མི་འདིས་ཁོ་རང་འཇུས་པ་དང་ལྷ་སའི་བཀག་ཉར་ཁང་ཞིག་ཏུ་ཁོང་གིས་དངོས་སུ་མྱངས་པའི་སྐོར་འགྲེལ་བཤད་བརྒྱབས་ལ། (རྒྱུ་མཚན་གལ་ཆེན་ལ་བརྟེན་ནས་ཁོང་གི་ངོ་རྟགས་ཕྱིར་བརྟོལ་བྱེད་རྒྱུ་མིན།) རྒྱ་ནག་གི་ཉེན་རྟོག་པ་ཚོ་ཁོང་གི་ཁྱིམ་ཚང་ནང་འཛུལ་ཏེ། “སྒོ་ལྔ་བཅག གང་སར་སྔོག་བཤེར་བྱས། ཅ་དངོས་མཐོང་ཚད་ས་ལ་གཏོར། མི་མཐོང་ཚད་ལ་རྡུང་རྡེག་བྱས། དེ་ནི་ཇག་བཅོམ་བྱས་པ་ལྟ་བུ་ཞིག་རེད།“

ཁོང་བཙོན་ཁང་ལ་འབྱོར་རྗེས། སྐོར་སྲུང་བས་ཁོང་གི་མགོ་གང་སར་གཞུས་སོང་ཟེར། “དང་ཐོག་ངས་ཁོང་ཚོས་ང་གསོད་གི་རེད་བསམ་སོང་། ང་ཚོར་ཉིན་མ་རེར་བག་ལེབ་ཕྱེད་ཀ་གཅིག་རེ་མ་གཏོགས་སྤྲོད་ཀྱི་མི་འདུག མི་ཚང་མ་ཞེ་དྲག་སྐོམ་གི་འདུག མང་པོ་ཞིག་གིས་སོ་སོའི་གཅིན་པ་བཏུང་བ་རེད། ང་ཚོར་གྱོན་ཆས་མེད། ཉལ་ཆས་མེད། མར་ཉལ་སའི་གདན་མེད། དེ་དུས་ཧ་ལས་པའི་གྲང་མོ་འདུག ཉིན་བཞིའི་རིང་མི་གཅིག་གིས་ཀྱང་ང་ཚོར་ཡ་བྱས་མ་སོང་། ཁོང་ཚོས་ང་ཚོ་དེ་མུར་གཡུག་བཞག་སོང་།“

ཁོས་སྐུ་ཞོགས་ཚོ་ནི་དམིགས་བསལ་གྱི་མནར་གཅོད་ཆེད་ཁེར་རྐྱང་དུ་འཇོག་གི་འདུག་ཚུལ་བཤད་སོང་། “ང་སྐུ་ཞོགས་དེ་ཚོར་སེམས་ཁྲལ་བྱུང་། དམག་མི་ཚོས་ཁོང་ཚོ་ནི་དམིགས་བསལ་གྱིས་མ་འདྲ་བ་ཞིག་ལ་ལྟ་གིན་འདུག ངས་ཁོང་ཚོས་སྐུ་ཞོགས་ཚོར་ཡ་ང་མེད་པའི་མནར་གཅོད་གཏོང་དོན་མགོ་ཚོད་མ་སོང་།“

“ང་མི་རྒན་འཁོགས་རྩིབས་རུས་གཉིས་བཅག་བཞག་པ་ཞིག་ལ་ཐུག་བྱུང་། ཁོང་བཀྱིག་ནས་བཞག་པར་བརྟེན་གཟུགས་པོ་དྲང་པོར་ལངས་ཐུབ་པ་མི་འདུག ཁོང་གིས་ཚེ་ཟིན་གྱི་མི་འདུག དེར་བརྟེན་ཉེན་རྟོག་པས་ཁོང་མི་དམངས་སྨན་ཁང་ནང་དུ་ཁྲིད་འདུག སྨན་ཁང་ལ་འཁྲིད་ཀྱིན་པའི་མི་དེ་ཚོ་ནི་ནམ་རྒྱུན་ཡིན་ན་མེ་མདའ་ཕོག་མཁན་དང་ཉེས་རྡུང་ཚབས་ཆེན་ཕོག་མཁན་གྲས་རེད། ཁོང་ཚོའི་ཕལ་ཆེ་བ་སྨན་ཁང་རང་ནས་གྲོངས་འགྲོ་གི་འདུག བུ་ཞིག་དང་ཁོའི་སྤུན་ཡ་བུ་མོ་ཞིག་མཉམ་དུ་ཁང་བ་གཅིག་གི་ནང་བཅུག་འདུག གློ་བུར་ཐོལ་རྒྱག་ལ་དམག་མི་རྣམས་ཡོང་ནས་ཁོང་གཉིས་ཁང་བརྩེགས་ཤིག་གི་སྒེའུ་ཁུངས་ནས་གཡང་ལ་གཡུག་སོང་། བུ་དེ་ནི་མཐོང་ས་དེ་ག་རང་ལ་གྲོངས་སོང་། སྤུན་ཡ་བུ་མོ་དེ་གྲོངས་མི་འདུག ཡིན་ནའང་མོ་རང་ས་ལ་ཉལ་ཐུབ་པ་མི་འདུག མོ་རང་ཙོག་ཙོག་འདྲ་བོ་ཞིག་བྱས་ནས་སྡོད་དགོས་པ་ཆགས་འདུག ཁོང་ཚོས་ཕུང་པོ་དེ་ཁྱེར་ཕྱིན་སོང་ལ་བུ་མོ་དེར་གནས་ཚུལ་འདི་སུ་གང་ལ་བཤད་ཆོག་གི་མེད་ཚུལ་བཤད་སོང་།

ངས་མི་ཤི་བསྡད་པ་མཐོང་མ་བྱུང་། ཡིན་ནང་བཙོན་ཁང་ནང་གི་མེ་དེ་ཚོས་“མི་ཞིག་གྲོངས་འདུག་“ཅེས་ཉེན་རྟོག་པ་དང་དམག་མི་སྐད་གཏོང་གི་འདུག“ ཁོས་བཤད་དོན། མི་ཞིག་ལ་སྟོད་གཡོག་ཇག་ཁེ་ཊི་ཞིག་ཡོད་པ་དེ་རྐུན་མ་བརྒྱབས་པར་དོགས་ནས་སྐོར་སྲུང་བས་རྡུང་ནས་བསད་སོང་ཟེར་ལ། “ང་ཚོ་དུས་རབས་ ༢༡ པའི་ནང་ཡོད་པ་རེད་ལབ་ན་ང་རང་ཡིད་ཆེས་ཀྱི་མི་འདུག་“ཟེར།

བཅར་འདྲི་ཞུ་སའི་མི་དེས་མཐོ་འབྲིང་སློབ་གྲྭའི་སློབ་ཕྲུག་ལོ་ ༡༧ ཡིན་པ་ངོ་རྒོལ་ནང་ཞུགས་མྱོང་མེད་མཁན་ཞིག་ལ་མནར་གཅོད་བྱས་པའི་སྐོར་བཤད། རྗེས་ལ་ཁོས་བྱ་དགོས་པ་ཚང་མ་བྱས་པ་ཡིན་ཟེར། དེ་ནི་མི་ཚང་མར་བྱུང་ཡོད་པ་རེད། ཁོང་ཚོས་བཙན་དབང་གིས་མི་རྣམས་ལ་སོ་སོས་གཏན་ནས་བྱས་མྱོང་མེད་པའི་ལས་ཀ་དག་བྱས་མྱོང་ཚུལ་ངོས་ལེན་བྱེད་དུ་བཅུག ཉེས་པ་ཅི་ཡང་བསགས་མེད་པའི་མི་རྣམས་ལ་འདྲི་རྩད་མང་པོ་བྱས་ཤིང་། མཐའ་མར་ཁོང་ཚོའི་ཉེས་པ་ནི་བོད་མི་ཞིག་གི་སྐྱེ་བ་བླངས་པ་དེ་ཡིན་འདུག

གནས་ཚུལ་འདི་དག་དངོས་སུ་མཐོང་མཁན་གྱི་མི་འདི་གློད་ཡོད་ནའང་། དེ་ནས་བཟུང་ཁོང་གི་འགྲོ་སྡོད་དང་ལས་ཀ་རྣམས་ལ་ལྟ་རྟོག་ངེས་པར་དུ་བྱེད་ཀྱི་ཡོད་པ་རེད།

“ང་ལ་རྒྱ་གར་ན་སྤུན་ཉེ་ཞིག་ཡོད། ངས་སོ་སོས་གང་མཐོང་བ་དང་ཐོས་པ་རྣམས་དེ་ག་རང་བྲིས་ཏེ་དྲ་རྒྱའི་ནང་ནས་བཏང་བ་ཡིན། ངས་ཐུང་ཐུང་ཞིག་བྲིས་ནས་ཡིག་གཏགས་ནང་ཉར་ཚེགས་བྱས་པ་ཡིན། གློ་བུར་ཐོལ་རྒྱག་ལ་དེ་མེད་པ་ཆགས་སོང་། དེ་ནས་ང་རང་ཞེད་བྱུང་། ངས་གློག་འཕྲིན་ཁ་ཕྱེ་མེད། ང་ལ་ཕྱི་རྒྱལ་ན་གྲོགས་པོ་མང་པོ་ཡོད། ཁོང་ཚོས་གློག་འཕྲིན་མང་པོ་བཏང་ཡོང་གི་རེད། ཡིན་ནའང་ངས་དེ་ཚོ་ཁ་ཕྱེ་མེད།“

ཁོས་བློ་ཕམ་གྱི་རྣམ་འགྱུར་ཞིག་དང་མཉམ་དུ་དྲན་གསོས་ཤིང་སྔོན་མ་ཁོས་རང་གི་ནང་མིའི་ཞལ་ལག་བཟོ་སྟངས་ལ་སྡུག་ར་བཤད་པ་འི་སྐོར་བཤད། “ངས་བཙོན་ཁང་ནས་མཚམས་རེར་ཟ་མ་རྨི་ལམ་ལ་འཁོར་གི་འདུག ངས་རང་གི་ཨ་མ་ལགས་དང་སྤུན་ཡ་བུ་མོའི་ཞལ་ལག་དྲན་ཡོང་གི་འདུག ངས་སོ་སོའི་ནང་གི་ཞལ་ལག་དེར་བྲོ་བ་ག་འདྲ་ཞིག་འདུག་བསམ་ནས་དངོས་གནས་དེ་ལ་དགའ་བོ་བྱུང་།“

མི་འདིས་ག་རེ་ཡིན་ནའང་མཐོང་ཞིང་བརྒྱུད་ནས་སླེབས་པའི་རྗེས་ལའང་། བོད་མི་རིགས་ཀྱིས་དཀའ་ཁག་གི་ཁྲོད་ནས་མི་ཚེའི་དོན་སྙིང་ཞིག་འཚོལ་རྒྱུའི་ཀླད་གྱོང་གི་གཤིས་ཀ་དེ་གཞོན་སྐྱེས་འདིའི་ཉམས་མྱོང་གི་ཁྲོད་ནས་མངོན་ཡོང་གི་འདུག ཁོས་བཤད་དོན། “འདི་ཚོ་ནི་ངས་རང་གི་མི་ཚེའི་ནང་མྱངས་པའི་དོན་དག་སྡུག་ཤོས་དག་རེད། ཡིན་ནའང་ཁྱེད་ཀྱིས་སོ་སོ་མི་ཡག་ག་ཞིག་ག་འདྲ་སུ་ཆགས་རྒྱུར་སློབ་སྦྱོང་བྱེད་དགོས་པ་རེད།“ཟེར།

བསྒྱུར་མཁན་གྱི་མཆན།
གོང་གསལ་གནས་ཚུལ་དེ་ནི་ རེ་བྷི་ཁ་ ལགས་ཀྱི་ཟིན་བྲིས་ནས་བསྒྱུར་བ་ཡིན། གལ་སྲིད་འགྱུར་མ་དག་པ་འདྲ་ཡོད་ན་རྣམ་པ་ཚོས་ཁོང་མོའི་གནས་ཚུལ་མ་ཡིག་ངོ་མ་ལ་བསྡུར་ནས་གོ་བ་ལེན་རོགས། གནས་ཚུལ་གྱི་མ་ཡིག་དེ་གཤམ་གསལ་དྲ་བྱང་ http://www.huffingtonpost.com/rebecca-novick/guilty-of-being-tibetan-s_b_115302.html
ལ་བསྣུན་ནས་ཀློག་རོགས།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 1

  1. དབྱངས་འཐུ། says:
    ལོ་ 18 སྔོན།

    ཆོས་ཕྱོགས་ནས་བསམས་ན་འགྲིགས་འདུག
    སྲིད་ཕྱོགས་ནས་བསམས་ན་ནོར་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese