མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

རྩེད་འགྲན་ལ་གསོལ་འདེབས།

བོད་ཀྱི་དུས་བབ།
༢༠༠༨/༠༨/༠༦
Share on FacebookShare on TwitterShare on EmailShare on Whatsapp

རྩེད་མོ་འདི་ལམ་ལྷོང་ཡོང་བའི་ཆེད་དུ་ངོས་ནས་གསོལ་བ་སྨོན་ལམ་འདེབས་ཆོག ༧གོང་ས་མཆོག་གིས་པེ་ཅིན་གྱི་དབུ་ཁྲིད་རྣམ་པ་དང་རྩེད་འགྲན་པ་རྣམས་ལ་འདི་ལྟར་གསུང་འཕྲིན་བསྩལ་ཡོད་པ་རེད།

པེ་ཅིན་གྱི་ཨོ་ལིམ་པིག་ཚུགས་རྒྱུར་ཉིན་གཉིས་ལས་མེད་པའི་སྐབས་ཏེ། ཕྱི་ཚེས་ ༦ ཉིན་༧གོང་ས་མཆོག་གིས་བཞུགས་སྒར་ངྷ་རམ་ས་ལ་ནས་རྩེད་འགྲན་འདིའི་ཐད་གསུང་འཕྲིན་བསྐུར་དོན། ངོས་ཀྱིས་རིང་མིན་པེ་ཅིང་དུ་འཚོགས་རྒྱུའི་ཨོ་ལིམ་པིག་རྩེད་འགྲན་གྱི་གོ་སྒྲིག་ཚོགས་ཆུང་དང་། རྩེད་འགྲན་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཅས་ལ་འཚམས་འདྲི་ཞུ་བཞིན་ཡོད་ཅེས་གསུངས་ཡོད་པ་རེད།

ཁོང་གིས་གསུངས་འཕྲིན་དེའི་ནང་མུ་མཐུད་དོན། ཐོག་མར་རྒྱ་ནག་གཞུང་གིས་ཨོ་ལིམ་པིག་རྩེད་འགྲན་རྒྱ་ནག་ནང་ཚོགས་རྒྱུར་སྙན་ཞུ་ཕུལ་བའི་སྐབས་ནས་ངོས་ཀྱིས་རྒྱ་ནག་གཞུང་ཕྱོགས་ནས་རྩེད་འགྲན་དེ་གོ་སྒྲིག་ཞུ་རྒྱུའི་ཐོབ་ཐང་ལ་རྒྱབ་སྐྱོར་ཞུས་ཡོད། དེ་ནི་ཐེར་འབུམ་ ༡་༣ ཡོད་པའི་རྒྱ་ནག་མི་མང་གི་རླབས་ཆེན་གྱི་སྤོབས་སེམས་བྱ་རྒྱུའི་དུས་ཚོད་ཅིག་རེད། རྩེད་འགྲན་དེས་ངེས་པར་དུ་ཨོ་ལིམ་པིག་རྩེད་འགྲན་གྱི་རྩ་དོན་ཏེ་མཛའ་མཐུན་དང་། གུ་ཡངས། ཞི་བདེ་བཅས་གོང་སྤེལ་གཏོང་རྒྱུར་ཕན་འབྲས་ཐོན་པ་བྱེད་དགོས་ཀྱི་རེད། ཅེས་དང་། ངོས་ཀྱིས་དུས་སྟོན་དེ་ལམ་ལྷོང་ཡོང་སླད་སྨོན་ལམ་དང་འཚམས་འདྲི་ཞུ་གི་ཡིན། ཅེས་གསུངས་ཡོད་པ་རེད།

ཕྱི་ཚེས་ ༦ ཉིན་བོད་རང་དབང་སློབ་ཕྲུག་ཚོགས་ཆུང་གི་ཚོགས་མི་བཞི་པེ་ཅིན་དུ་ཕྱིན་ཏེ། བྱེའུ་ཚང་ར་བའི་མདུན་ནས་བོད་རང་དབང་གི་འཕྲེད་དར་ཕྱར་ཏེ། བོད་ལ་རང་དབང་འཐོབ་གི་རེད། ཅེས་དང་། འཕྲེད་དར་གཞན་ཞིག་གི་སྟེང་དུ། འཛམ་གླིང་གཅིག རྨི་ལམ་གཅིག བོད་རང་དབང་། ཅེས་རྒྱ་ཡིག་གི་ནང་བྲིས་པའི་འཕྲེད་དར་ཕྱར་ཡོད་པ་མ་ཟད། བོད་ཀྱི་རྒྱལ་དར་ཕྱར་ཡོད་པ་རེད། རྗེས་སོར་བོད་དོན་ལས་འགུལ་བ་དེ་དག་རྒྱ་ནག་གིས་འཇུས་འདུག་ལ། ཁོང་ཚོའི་གནས་སྟངས་ཅི་ཆགས་ད་དུང་གསལ་ཁ་ཆགས་མེད།

བོད་ཀྱི་གཞོན་ནུའི་ལྷན་ཚོགས་ཀྱི་གོ་སྒྲིག་འོག བོད་མི་ ༦ གིས་ལྡི་ལི་ནས་ཟས་དང་ཆུ་གང་ཡང་མ་བསྟེན་པར་ཉིན་ ༩ འཁོར་མཚམས་རྒྱ་གར་ཉེན་རྟོག་པས་བཙན་ཁྲིད་ཀྱིས་ད་ཆར་ལྡི་ལིའི་སྨན་ཁང་ཞིག་ནང་ཟས་བཅད་ངོ་རྒོལ་བ་རྣམས་བཅུག་ཡོད་འདུག ཡིན་ནའང་གཞོན་ལྷན་གྱིས་སང་ཉིན་ཏེ། ཕྱི་ཚེས་ ༧ ཉིན་ནས་བཟུང་མི་དམངས་ཀྱི་ངོ་རྒོལ་གཞི་རྒྱ་ཆེ་བ་ཞིག་ལྡི་ལི་ནས་མགོ་འཛུགས་བྱེད་ཀྱིན་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

རྒྱ་གར་བོད་དོན་རྒྱབ་སྐྱོར་བའི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་ཁུལ་དུ་གཟིགས་སྐོར་གནང་བཞིན་འདུག

ཆུ་ཚོད་ ༡༧ སྔོན་ལ།
སྤྱི་འཐུས་ཉི་ཤུ་ལྷག་གཞི་རིམ་མི་མང་གི་ལས་འགུལ་སྤེལ་སར་ཕེབས། བོད་ཀྱི་དུས་བབ་ཀྱི་པར།  ༢༠༢༣། ༠༩། ༢༢
Mobile App

དེ་རིང་ཉིན་གང་བོར་གྲོས་ཚོགས་འཚོགས་ཐུབ་མ་སོང་།  

ཆུ་ཚོད་ ༡༧ སྔོན་ལ།
Mobile App

ཨ་རིའི་རི་འཛེགས་པ་གཉིས་བོད་ནང་འགྲོ་བསྐྱོད་བཀག་འགོག་བྱས་འདུག

ཆུ་ཚོད་ ༡༨ སྔོན་ལ།
དཔལ་ལྡན་དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

ཟླ་རྗེས་མ་ནས་༧གོང་ས་མཆོག་གིས་མཛད་འཕྲིན་གང་མང་ཞིག་བསྐྱང་འཆར་འདུག

ཆུ་ཚོད་ ༢༡ སྔོན་ལ།
ནེའུ་ཡོག་གྲོང་ཁྱེར་ནང་རྒྱ་ནག་གི་སྲིད་འཛིན་གཞོན་པར་ངོ་རྒོལ་ལས་འགུལ། པར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་དྲ་བ་ནས་བླངས།
Mobile App

རྒྱ་ནག་གི་སྲིད་འཛིན་གཞོན་པར་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༣/༠༩/༢༡
༧གོང་ས་མཆོག་གིས་མཁན་པོ་མཁྱེན་རབ་བསྟན་འཛིན་མཆོག་གི་སློབ་མ་དང་དད་ལྡན་པ་ཁག་ཅིག་ལ་མཇལ་ཁ་དང་བཀའ་སློབ་བསྩལ། པར་དགའ་ལྡན་ཕོ་བྲང་གི་བརྙན་ལས་བླངས།
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་བོད་པའི་གཞོན་སྐྱེས་ཚོས་ནང་པའི་ལྟ་གྲུབ་ལ་སློབ་སྦྱོང་བྱ་རྒྱུ་གལ་ཆེན་ཡིན་སྐོར་བཀའ་སློབ་བསྩལ།

༢༠༢༣/༠༩/༢༠

མཆན། 1

  1. ཨ་གངས་རྩེན། says:
    ལོ་ 15 སྔོན།

    གོང་གི་མཁྱེན་རཔ་ལགས་ཀྱི་བསམ་ཚུལ་ཐུང་ངུ་དེ་འདི་ལྟར་བྲིས་འདུག

    ཐུགས་རྗེ་ཆེ། ཡག་པོ་ཞེ་དྲགས་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist