མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཟས་བཅད་ངོ་རྒོལ་བ་རྣམས་བཙན་འཕྲོག

བོད་ཀྱི་དུས་བབ།
༢༠༠༨/༠༨/༠༧
Share on FacebookShare on TwitterShare on EmailShare on Whatsapp

ལྡི་ལི། དུས་བབ། ༠༦།༠༨།༢༠༠༨།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་རྒྱ་གར་རྒྱལ་ས་ལྡི་ལིར་ཟླ་སྔོན་མའི་ཕྱི་ཚེས་ ༢༨ ཉིན་ནས་བོད་མི་དྲུག་གིས་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་གནང་སྟེ། ད་ལྟའི་བར་ཉིན་དགུ་འགྲོ་བཞིན་ཡོད་ནའང༌། ཟླ་འདིའི་ཚེས་ ༥ ཉིན་གྱི་དགོང་མོ་ཆུ་ཚོད་ ༡༠ དང་སྐར་མ་ ༡༥ ཐོག་རྒྱ་གར་ཉེན་རྟོག་པ་ ༥༠༠ ལྷག་ཡོང་སྟེ། བོད་མི་ཟས་བཅད་ངོ་རྒོལ་བ་དེ་དག་བཙན་འཕྲོག་གིས་རྒྱ་གར་སྨན་ཁང་དུ་ཁྲིད་ཡོད་པ་དང༌། དེ་དང་མཉམ་དུ་གཞན་བོད་མི་ ༨༦ ཙམ་ཡང་འཛིན་བཟུང་བཙོན་འཇུག་བྱས་ཡོད་འདུག འོན་ཀྱང༌། ཕྱི་ཚེས་ ༦ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡ ཐོག་གཞོན་ནུའི་གོ་སྒྲིག་འོག་བསྐྱར་དུ་བོད་མི་ ༤ དང༌། རྒྱ་གར་ལྷོ་ཕྱོགས་མ་ཌུ་ར་སུ་ནས་ཕེབས་པའོ་བོད་དོན་རྒྱབ་སྐྱོར་བ་ལྕམ་ཨན་ཌི་ཨ་ཤ་ཡ་བཅས་མི་ ༥ ཡིས་ས་ཚུགས་དེ་གར་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་མགོ་འཛུགས་ཞུས་ཡོད་ལ། ཉིན་དེའི་སྔ་དྲོ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དང༌། སྐབས་དེར་དབུས་གཞོན་ནུའི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ཀྱིས་བརྗོད་རྒྱུར། ཟླ་སྔོན་མའི་ཚེས་ ༢༨ ཉིན་ནས་མགོ་འཛུགས་ཀྱིས་བོད་མི་རྒྱལ་གཅེས་པ་དྲུག་གིས་བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་ཟས་བཅད་ཆུ་བཅད་ཀྱི་ངོ་རྒོལ་གནང་སྟེ་ཉིན་དགུ་འགྲོ་བཞིན་ཡོད་པའི་མཚམས་འདིར། ཁོང་ཚོའི་གཟུགས་པོའི་གནས་སྟངས་ཧ་ཅང་སྐྱོ་བོ་ཆགས་སྟབས། ཁ་སང་དགུང་མོ་ཆུ་ཚོད་ ༡༠ དང་ཕྱེད་ཀའི་ཐོག་རྒྱ་གར་ཉེན་རྟོག་པ་ ༥༠༠ ཙམ་ཡོང་སྟེ་སྨན་ཁང་ལ་བཙན་གྱིས་ཁྲིད་སོང༌། སྔོན་མ་ཐེངས་ཁ་ཤས་ལ་ཉེན་རྟོག་པ་ཡོང་སྟེ་ཁོང་ཚོ་འཁྲིད་རྩིས་བྱས་ཀྱང༌། བོད་པ་དང་བོད་པར་རྒྱབ་སྐྱོར་བྱེད་མཁན་མང་པོས་འཁྲིད་དུ་བཅུག་ཡོད་པ་མ་རེད། ཁ་སང་དགོང་མོ་མི་ཉུང་བའི་གོ་སྐབས་དང་བསྟུན་ཏེ། ཟས་བཅད་ངོ་རྒོལ་བ་རྣམས་བཙན་ཁྲིད་བྱས་སོང་ལ། དེ་དང་མཉམ་དུ་བོད་མི་གཞན་ ༨༦ ཙམ་ཡང་འཛིན་བཟུང་བཙོན་འཇུག་བྱས་སོང༌། འོན་ཀྱང་འདི་དག་ང་ཚོས་རླབས་ཆེན་དང་གཟི་བརྗིད་ཆེན་པོར་ངོས་འཛིན་ཞུ་དགོས། རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་ཆེད་དུ་འཐབ་རྩོད་བྱེད་པར་ངེས་པར་དུ་བློས་གཏོང་ཆེན་པོ་བྱེད་དགོས། བོད་རང་བཙན་དེ་གནམ་ནས་ཟགས་རྒྱུ་དང༌། ས་ནས་སྐྱེ་རྒྱུ་ནམ་ཡང་ཡོད་པ་མ་རེད། དུས་ཚོད་ཡོད་མཁན་ཚོས་དུས་ཚོད་བཏང༌། དཔལ་འབྱོར་བོད་མཁན་ཚོས་དཔལ་འབྱོར་བཏང༌། ཤེས་ཡོན་ཡོད་མཁན་ཚོས་ཤེས་ཡོན་བཏང༌། ཐ་ན་སྲོག་ཀྱང་གཏོང་རྐྱང་བྱ་དགོས། བོད་རང་བཙན་ལ་རིན་ཐང་ཞིག་མ་སྤྲད་པར་འགྲུབ་རྒྱུ་གང་ཡང་ཡོད་པ་མ་རེད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་ལས་འགུལ་འདི་མགོ་འཛུགས་ཞུ་དུས་ནས་དཀའ་ངལ་འདི་ལྟར་ཡོང་རྒྱུར་ཚོད་དཔག་ཡོད། དེ་རིང་སླར་ཡང་ང་ཚོའི་མི་ ༥ ཡིས་ཟས་བཅད་ངོ་རྒོལ་མགོ་འཛུགས་ཞུ་རྒྱུ་ཡིན་ལ། ཉིན་འདི་འགར་ཕྱོགས་མཐའ་ཁག་ནས་མི་མང་པོ་རྒྱལ་ས་ལྡི་ལིར་འདུ་འཛོམས་གནང་བཞིན་ཡོད། སང་ཉིན་ནས་མགོ་འཛུགས་ཀྱིས་རྒྱ་ནག་ཨོ་ལིམ་པིག་ལ་ངོ་རྒོལ་གྱི་ལས་འགུལ་སྣ་ཚོགས་ཤིག་སྤེལ་རྒྱུ་ཡིན། ད་ལྟ་ང་ཚོ་རང་དབང་ལུང་པར་ཡོད་པ་ཚོས་རང་སྲོག་བློས་གཏོང་བྱེད་པའི་དུས་ཚོད་ལ་སླེབས་ཡོད། རྒྱ་ནག་ནང་འཚོགས་ལ་ཉེ་བའི་རྒྱལ་སྤྱིའི་རྩེད་འགྲན་དེ་རྒྱ་ནག་གིས་ཁོ་ཚོར་ཞི་བདེ་དང་འགྲོ་བ་མིའི་ཐོབ་ཐང་ཡོད་པ། དཔལ་འབྱོར་ཡར་རྒྱས་ཡོད་ཚུལ་སོགས་རྒྱལ་སྤྱིར་ཁྱབ་བསྒྲགས་ཀྱི་གོ་སྐབས་ཡག་ཤོས་ཤིག་ལ་རྩི་བཞིན་ཡོད་པ་བཞིན། ང་ཚོས་ཀྱང་གོ་སྐབས་འདི་མ་ཤོར་བ་བྱ་རྒྱུ་གལ་ཆེན་པོ་ཡིན། འདས་པའི་ལོ་ངོ་ལྔ་བཅུའི་རིང་ང་ཚོར་འདི་ལྟ་བུའི་གོ་སྒབས་རག་མེད་ལ། མ་འོངས་པར་ཡང་རག་རྒྱུ་ཁག་པོ་རེད་ཅེས་བརྗོད་སོང༌།

སྐབས་དེར་འདི་གའི་གསར་འགོད་པས་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་སུ་ཐེངས་འདིའི་ལས་འགུལ་ལ་མི་ག་ཚོད་ཅིག་འདུ་འཛོམས་ཡོང་རྒྱུར་ཚོད་དཔག་བྱེད་ཀྱིན་ཡོད་པ་དང༌། སྔོན་མ་དག་དང་མི་འདྲ་བར་ལས་འགུལ་ལམ་ལྷོང་ཡོང་རྒྱུར་གྲ་སྒྲིག་གང་འདྲ་ཡོད་མེད། དེ་བཞིན་ཐེངས་འདིར་མི་དམངས་ཀྱི་འགྲོ་གྲོན་ཐད་གོ་སྒྲིག་གང་འདྲ་ཡོད་མེད་ཐད་བཅར་འདྲི་ཞུས་པར་ཁོང་གིས། ཐེངས་འདིར་ཉུང་མཐར་མི་ལྔ་སྟོང་ཙམ་འདུ་འཛོམས་ཡོང་གི་རེད་བསམ་ཡོད། གང་ཡིན་ཟེར་ན། ཐེངས་འདིར་སྔོན་མ་དག་གི་དུས་ཚོད་དང་གཏན་ནས་མི་འདྲ། རྒྱལ་སྤྱིའི་མིག་རྒྱ་ནག་ཨོ་ལིམ་པིག་ལ་གཏད་ཡོད། ང་ཚོའི་ངོས་ནས་གང་ཡོང་གིས་རྒྱ་གར་གཞུང་ལ་ཆོག་མཆན་ཞུ་བ་སོགས་ཞུས་ཡོད་ལ། ཕྱོགས་མཐའ་ཁག་ནས་ཕེབས་པ་ཚོ་སོ་སོའི་ས་གནས་སྣེ་ཁྲིད་པ་ཚོའི་སྟངས་འཛིན་འོག་འགྲོ་དགོས་པའི་ལས་བགོ་བྱས་ཡོད། ལས་འགུལ་བའི་འགྲོ་གྲོན་ཐད། སྔོན་མ་ནས་ཞུས་ཟིན་པ་ལྟར་སོ་སོའི་ངོས་ནས་གཏོང་ཐུབ་མཁན་ཚོ་ཡག་པོ་རེད། དེ་མི་ཡོང་མཁན་ཚོར་ང་ཚོས་ཟ་འཐུང་དང་སྡོད་གནས་ཆ་ཚང་གྲ་སྒྲིག་ཞུས་ཡོད་ཅེས་བརྗོད་བྱུང༌།

ཉིན་གུང་རྗེས་འདི་གའི་གསར་འགོད་པ་ཆེད་དུ་རྒྱ་གར་སྨན་ཁང་དུ་ཟས་བཅད་ངོ་རྒོལ་བ་དག་གི་གནས་སྟངས་ལ་རྒྱུས་ལོན་བྱེད་དུ་སོང་བ་ཡིན། བོད་པ་ཟས་བཅད་ངོ་རྒོལ་བ་རྣམས། རམ་མན་ནེ་ཡ་ཞེས་པའི་རྒྱ་གར་སྨན་ཁང་གི་ཛ་དྲག་ཉེན་སྐྱོབ་ཚན་ཁག་ནང་བཞག་འདུག་ལ། ཉེན་རྟོག་པ་བཅུ་གྲངས་ཤིག་གིས་སྲུང་སྐྱོབ་དམ་པོ་བྱས་འདུག སྐབས་དེར་ངས་ཁོང་ཚོའི་གཉེན་ཉེ་ཞིག་ཡིན་ཚུལ་བཤད་དེ་ནང་དུ་འཛུལ་ཐབས་བྱས་ཟིན་ཀྱང༌། ཁོང་ཚོར་སྐད་ཆ་འདྲི་རྒྱུ་དེ་ཙམ་སྟབས་བདེ་མ་བྱུང་ལ། པར་རྒྱག་རྒྱུའི་སྟབས་ཡང་མ་འགྲིག ཟས་བཅད་ངོ་རྒོལ་བ་ཚོར་གནམ་ཁབ་བརྒྱབས་འདུག་ལ། ཁ་ཡང་གྲགས་ཐུབ་གི་མི་འདུག་མོད། ཁོང་ཚོའི་ཁྲོད་ཀྱི་མི་གཅིག་ལ་སྐྱོན་དེ་ཙམ་མེད་སྟབས་ང་ཁོང་གི་གམ་དུ་སོང་སྟེ། གཟུགས་པོའི་གནས་སྟངས་གང་འདྲ་ཡིན་མིན་དང༌། ཉེན་རྟོག་པས་བཙན་གྱིས་སྨན་ཁང་དུ་ཁྲིད་པའི་ཐད་བསམ་ཚུལ་ཅི་ཡོད་སོགས་དྲིས་པར་ཁོང་གིས། ང་ལ་སྐྱོན་ཆེན་པོ་མི་འདུག རོགས་པ་གཞན་རྣམས་ཀྱི་གནས་སྟངས་ཧ་ཅང་སྐྱོ་བོ་རེད། ཐེངས་འདིར་ང་ཚོས་རང་སྲོག་གཏོང་རྒྱུར་བློ་ཐག་རྦད་ཆོད་ཡིན། འོན་ཀྱང༌། ང་ཚོ་ཤི་ས་སྨན་ཁང་ནང་མིན་ཞེས་ཧ་ཅང་བློ་ཕམ་ངང་བརྗོད་སོང༌།

འདི་གའི་གསར་འགོད་པས་ལྡི་ལི་ནས་སྤེལ།

འབྲེལ་ཡོད་གསར་འགྱུར།

LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤
TT
Mobile App

ལོ་འཁོར་སྙན་ཐོ་དང་བོད་ནང་གི་ཆོས་དད་རང་དབང་གི་དམིགས་བསལ་སྙན་ཐོ་ཞིག་འདོན་སྤེལ་གནང་སོང་།

༢༠༢༦/༠༦/༠༤
tttt
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཀ་ན་ཊ་ཀའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ། 

༢༠༢༦/༠༦/༠༤
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་ལ་ཕེབས་རྒྱུའི་ཐུགས་རེ་ཡོད། 

༢༠༢༦/༠༦/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese