མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁྱེད་ཚོའི་སྟོབས་ཤུགས་ངོ་མ་དེ་རིག་གནས་རེད།

བོད་ཀྱི་དུས་བབ།
༢༠༠༨/༠༨/༠༧
Share on FacebookShare on TwitterShare on EmailShare on Whatsapp

བདུན་ཕྲག་འགའི་རིང་ནས་འཛམ་གླིང་གི་གསར་འགོད་པ་དག་བྲེལ་བ་དང་རྔམ་དྲག་གིས་པེ་ཅིན་དུ་ཆས་སྐབས། ཧོང་ཀོང་གི་གསར་འགོད་པ་དག་ངྷ་སར་ཡོང་སྟེ། ༧གོང་ས་མཆོག་ནས་བཟུང་རི་མགོ་འདིའི་མི་ཆེ་ཆུང་ཚང་མའི་ཁ་སྔོག་གིན་འདུག ཁོང་ཚོའི་ཁྲོད་ཀྱི་གཅིག་ནི་ཨེ་ཤ་ཡའི་བདུན་རེའི་དུས་དེབ་ཀྱི་གསར་འགོད་པ་སྐུ་ཞབས་ཅིས་ཧྲོའུ་མེན་རེད། ཁོང་ནི་བོད་དོན་ཉམས་ཞིབ་པ་ཞིག་ཀྱང་རེད། ཁོ་རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧེ་ནས་སློབ་གྲྭ་ཆེན་མོ་མཐར་ཕྱིན་རྗེས་ཞང་ཀང་དུ་དཔར་སྐྲུན་བྱེད་བཞིན་པའི་ཨེ་ཤ་ཡ་བདུན་རེ་དུས་དེབ་གསར་ཁང་དུ་ལས་ཀ་བྱེད་བཞིན་ཡོད། ཁོས་བོད་དོན་ཉམས་ཞིབ་ཀྱི་རྩོམ་ཡིག་གང་མང་སྤེལ་ཡོད་ལ། ཚེས་ ༣༠ ཉིན་ཁོང་གིས་ ༧གོང་ས་མཆོག་ལ་བོད་རྒྱའི་གནད་དོན་སྐོར་གྱི་དྲི་བ་སུམ་ཅུ་ཡོད་པའི་བཅར་འདྲི་ཞིག་བྱས་ཡོད་པ་དང༌། ཚེས་ ༣༠ ཉིན་གྱི་ཕྱི་དྲོ་འདི་གའི་གསར་འགོད་པ་དང་ལྷན་དུ་གླེང་མོལ་བྱས་ཡོད་པ་རེད།

ཁོང་གིས་ཐེངས་འདིར་བོད་རྒྱ་གྲོས་མོལ་སྐོར་གྱི་དྲི་རྣམས་ཁྱེར་ནས་བཞུགས་སྒར་དུ་ཕེབས་ཡོད་པ་རེད། དེས་ན་རྒྱ་ནག་ཕྱོགས་ནས་བོད་རྒྱའི་འབྲེལ་མོལ་འདི་གནད་དོན་ཞིག་ཏུ་ངོས་འཛིན་བྱས་ཏེ་གྲོས་མོལ་བྱེད་ཀྱིན་ཡོད་མེད་སྐོར་སྐད་ཆ་དྲིས་པར་ཁོས། གལ་ཏེ་དྲི་བ་འདིར་ལན་འདེབས་དགོས་ན་ཐོག་མར་བོད་ཀྱི་བཀའ་རྙོག་ཡོད་མེད་གསལ་བོ་ཤེས་དགོས།  པེ་ཅིན་ཕྱོགས་ནས་བོད་ལ་དཀའ་རྙོག་མེད་ཅེས་ཤོད་ཀྱིན་ཡོད་པ་རེད།  ཡིན་ཡང་ངས་རྒྱ་བོད་གཉིས་ཀྱི་གནས་ཚུལ་རྒྱུས་ལོན་ཡོད་པའི་ས་མཚམས་ནས་སྐད་ཆ་བཤད་ན། ད་སྐབས་བོད་ལ་ཁ་བྲལ་གྱི་གནད་དོན་མི་འདུག  ད་སྐབས་པེ་ཅིན་ལ་ཡང་བོད་འདི་རྒྱ་ནག་དང་ཁ་བྲལ་དུ་འཇུག་བྱེད་ཀྱི་ཆ་རྐྱེན་དང་རྨང་གཞི་ཡོད་པ་མ་རེད།  ཡིན་ན་ཡང་བོད་ལ་ཁ་བྲལ་གྱི་གནད་དོན་མེད་པ་ཡིས་བོད་ཀྱི་གནད་དོན་མེད་པས་མི་ཁྱབ།  དེ་ནི་རྒྱུ་མཚན་ཅི་ཞིག་གི་དོན་དུ་ད་ལོར་བོད་དུ་ཛ་དྲག་གི་གནས་ཚུལ་དེ་འདྲ་བྱུང་བ་རེད། ག་རེ་བྱས་ནས་ལོ་རེ་རེར་བོད་མི་མང་པོ་རང་སྲོག་ལ་མ་འཛེམས་པར་ཧི་མ་ལ་ཡ་བརྒལ་ནས་སྐྱབས་བཅོལ་ལ་ཡོང་བ་རེད།  ག་རེ་བྱས་ནས་རྒྱ་ནག་གིས་དུས་སྐབས་རེ་རེ་ལ་ཏཱ་ལའི་བླ་མ་དང་བཙན་བྱོལ་བོད་གཞུང་གི་སྐུ་ཚབ་དང་མཉམ་དུ་མཇལ་འཕྲད་བྱས་པ་རེད།  ག་རེ་བྱས་ནས་རྒྱལ་སྤྱིའི་མི་མང་གིས་བཙན་བྱོལ་བོད་གཞུང་ལ་གདུང་སེམས་མཉམ་སྐྱེས་ཀྱིས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད།  གནད་དོན་འདི་དག་ལ་ང་ཚོས་དང་པོ་ནས་ལན་འདེབས་དགོས།  གནད་དོན་འདི་དག་ལས་བོད་ཀྱི་གནད་དོན་ཡོད་པ་དངོས་ཡོད་གནས་ཚུལ་རེད་ལ། པེ་ཅིན་གྱིས་མེད་པར་ཁྱབ་བསྒྲགས་གང་འདྲ་བྱས་ཀྱང་དངོས་ཡོད་གནས་ཚུལ་དེ་དངོས་ཡོད་གནས་ཚུལ་གྱིས་བདེན་དཔང་བྱེད་གི་རེད། གལ་ཏེ་རྒྱ་ནག་གིས་བོད་ཀྱི་དཀའ་ངལ་འདི་དྲང་བདེན་གྱི་སྒོ་ནས་ཐག་གཅོད་ཡག་པོ་མ་བྱས་ན་བོད་ཀྱི་དཀའ་ངལ་འདི་བོད་མི་རིགས་གཅིག་པུའི་བདེ་སྡུག་གི་གནད་དོན་ཞིག་མ་ཡིན་པར་རྒྱལ་སྤྱིའི་སྒང་གི་རྒྱ་ནག་གི་སྣང་ཚུལ་ལ་ཡང་ཤུགས་རྐྱེན་ཐེབས་གི་རེད། གནད་དོན་འདི་གསལ་བོ་བཟོས་ཚར་རྗེས་གཞི་ནས་ངས་རྒྱ་བོད་གྲོས་མོལ་གྱི་སྐོར་སྐད་ཆ་བཤད་དགོས་པ་རེད། ངའི་ལྟ་བ་ནི་དཀའ་ངལ་ཡོད་ན་དེ་ཐག་གཅོད་བྱེད་དགོས་པ་རེད།  ཐག་གཅོད་ཀྱི་ཐབས་ལམ་དང་ཐག་གཅོད་ཀྱི་རྣམ་འགྱུར་ཡང་མང་པོ་ཡོད་པ་རེད། ཐབས་ལམ་ཅི་ཡང་མ་བཀོལ་བའམ་ཡང་ན་མེད་པ་ལས་ཐབས་ལམ་ཡག་གཙོག་གང་འདྲ་ཡིན་ཡང་དེ་བེད་སྤྱོད་བཏང་ན་ལེགས་གི་རེད། མི་སུ་ཡིན་ཡང་གནད་དོན་ལ་རྒྱུས་ལོན་དང་གྲོས་མོལ་བྱེད་པ་ལས་ཕྱོགས་གཉིས་ཀྱི་ཤེས་རབས་ཀྱིས་དཀའ་ངལ་དེ་སེལ་བར་ཐབས་ལམ་གཞན་པ་རྙེད་སྲིད་གི་རེད།  གང་ལྟར་ང་སྒེར་གྱིས་བོད་གནས་མཉམ་ཞིབ་བྱེད་པ་སོགས་ལས་བོད་ལ་རང་བཙན་འདི་དགོས་དོན་མི་འདུག་བསམ་གི་ཡོད།  དེ་བས་ཆེས་གཙོ་བོ་ནི་ཏཱ་ལའི་བླ་མས་གསུངས་བཞིན་པའི་བོད་མི་རིགས་འདིར་རེ་བ་དང་བདེ་སྐྱིད་ལྡན་པ་ཞིག་ཆགས་དགོས་པ་དེ་རེད་ལ། དེ་ལ་སུ་ཞིག་གིས་མགོ་ཁྲིད་བྱས་ན་ཡང་ཆོག  རྒྱ་ནག་གུང་ཁྲན་གྱིས་མགོ་ཁྲིད་བྱས་ནའང་ཆོག  དམིགས་ཡུལ་ནི་བོད་མི་རིགས་ཀྱི་བདེ་སྡུག་དང་ཤི་གསོན་རེད།  དེ་བས་བོད་ཀྱི་གནད་དོན་ནི།  ཚོས་ལུགས་རང་དབང་དང་རིག་གནས་ཁྱབ་སྤེལ་སོགས་ཡར་རྒྱས་གཏོང་དགོས་པ་དང་མྱུར་སྐྱོབ་བྱེད་དགོས་པའི་གནད་དོན་ཅིག་རེད།  རྒྱ་ནག་གིས་ཀྱང་རང་གི་དཀའ་ངལ་ལ་སེམས་ཁྲལ་དང་ལག་ལེན་བྱས་པ་ནང་བཞིན་བོད་ཀྱི་གནད་དོན་ལ་ཡང་བློས་གཏོང་དང་ཐག་གཅོད་བྱེད་དགོས་པར་འདོད། བོད་ཀྱི་གནད་དོན་འདི་མི་རིགས་ཀྱི་གནད་དོན་ཅིག་ཡིན་པས་ལས་སླ་བོ་ཡོད་པ་མ་རེད།   དེ་བས་དེ་ནི་གྲོས་མོལ་ཐེངས་ཁ་ཤས་ཀྱི་རྗེས་ནས་སེལ་འགྲོ་བ་དེ་འདྲ་མ་རེད།   ཡིན་ཡང་ད་སྐབས་འགྲོ་བཞིན་པའི་གྲོས་མོལ་འདིས་བོད་མི་རིགས་ཀྱི་དགོས་འདུན་སོགས་གསལ་བོ་བཟོ་བཞིན་པས་མ་འོངས་པ་གྲོས་མོལ་འདིས་བོད་ཀྱི་དགོས་འདུན་ཐད་ཏན་ཏན་ཕན་ཐོག་གི་རེད།   ང་ཚོས་སྐབས་ཐོག་དེ་ལ་གནད་དོན་ཆེན་པོ་ཐག་གཅོད་བྱེད་ཐུབ་ཀྱི་མ་རེད།  ཡིན་ཡང་རྒྱུད་རིམ་འདི་ཧ་ཅང་གལ་ཆེན་པོ་རེད།   དེ་བས་ཏཱ་ལའི་བླ་མས་ཐོག་མར་བོད་ཀྱི་རིག་གནས་ཀྱི་གཏོར་སྐྱོན་སོགས་ཡར་རྒྱས་གཏོང་དགོས་པའི་གནད་དོན་གསལ་སྟོན་བྱེད་དགོས་པ་ནས་མགོ་བརྩམས་ཏེ་བོད་ཀྱི་དཀའ་རྙོག་སེལ་བར་བརྩོན་དགོས་པ་ལས་ཐད་ཀར་གནད་དོན་ཆེན་པོའི་ཆ་རྐྱེན་བཏོན་ན་དེ་ལ་འབྲས་བུ་སྨིན་རྒྱུ་ཁག་པོ་རེད།  ཅེས་ལན་འདེབས་གནང་བྱུང༌།

ང་ཚོའི་མི་རིགས་ཀྱི་ངོ་བོ་མཉམ་ཞན་དུ་འགྲོ་གི་ཡོད་དུས་ང་ཚོས་གྲོས་མོལ་ཁོ་ནར་བསམ་བློ་བཏང་ནས་སྒུག་ཁོམ་ཡོད་པ་མ་རེད། ཁོ་རང་རྒྱ་མི་རིགསཅིག་ཡིན་པའི་ཆ་ནས་སྐབས་འདི་འདྲ་ཞིག་ལ་བོད་མི་རིགས་ཀྱི་ཐབས་ལམ་དང་འཚོལ་སྙེགས་གང་འདྲ་ཞིག་བྱེད་དགོས་སྐོར་དྲིས་སྐབས། ཁོང་གིས་ཁྱེད་ཀྱིས་བོད་མི་རིགས་ཀྱི་ངོ་བོ་བརླག་འགྲོ་བར་བསམ་པ་དེ་ཧ་ཅང་ཉེན་ཁ་ཆེ་ས་ནས་བཤད་པ་རེད།   ང་ཚོས་རྒྱུས་ལོན་བྱས་ཏེ་བཙན་བྱོལ་བོད་གཞུང་གིས་བོད་ཀྱི་རིག་གཞུང་གི་ངོ་བོ་རྒྱུད་འཛིན་དང་ཡར་རྒྱས་གཏོང་བཞིན་པའི་རྣམ་པ་མཐོང་དུས་བཙན་བྱོལ་བོད་གཞུང་ནི་བོད་ཀྱི་མ་འོངས་པའི་རེ་བ་ཡིན་པའི་ངེས་ཤེས་ཐོབ་སོང༌། ངའི་བསམ་བློ་ཡིན་ན་འཛམ་གླིང་གི་གཞོན་སྐྱེས་མང་པོ་ཞིག་གིས་བོད་ཀྱི་རིག་གཞུང་དང་གནས་སྟངས་རྒྱུས་ལོན་བྱེད་ས་ནི་བཙན་བྱོལ་བོད་གཞུང་གིས་མགོ་ཁྲིད་པའི་བཙན་་བྱོལ་བོད་མི་ཡིན་པ་དང༌།   འཛམ་གླིང་མི་མང་གིས་གནས་འདི་ནི་བོད་མི་རིགས་ཀྱི་རིག་གནས་ཀྱི་རེ་བ་བྱེད་ས་ཡིན་པའི་བསམ་བློ་གཏོང་གིན་ཡོད།  བོད་ཀྱི་གནད་དོན་ལ་འགྱུར་བ་མི་འགྲོ་བའི་གནས་སྟངས་འདིའི་འོག་ནས་བོད་མི་རིགས་ཀྱིས་སྔོན་ལ་རང་གིས་བྱེད་ཐུབ་པ་དེ་བྱེད་དགོས་པ་རེད། དེ་ནི་གཞི་ནས་ཁྱེད་ཚོའི་རེ་བ་མངོན་འགྱུར་བྱེད་པའི་ལམ་བུ་ཡིན།  དཔེར་ན་ལོ་ངོ་ ༥༠ ལྷག་གི་སྔོན་ལ་རྒྱ་གར་ལ་བོད་ཟེར་བ་ཞིག་མེད་ཀྱང་ལོ་ངོ་ ༥༠ རྗེས་ཀྱི་དེ་རིང་ལ་རྒྱ་གར་དུ་བོད་ཡོད་སོང་བ་རེད། འདི་ནི་དངོས་ཡོད་རེད།  གལ་ཏེ་ཡང་བསྐྱར་ལོ་ངོ་ ༥༠ འགོར་ན་འདི་རུ་ཡོད་པའི་བོད་འདི་རྒྱ་ནག་གི་འོག་ཏུ་ཡོད་པའི་བོད་ལས་ཀྱང་ལྷག་པའི་བོད་ཞིག་ཏུ་གྱུར་སོང་ན་འཛམ་གླིང་གིས་བོད་ནི་རྒྱ་གར་དུ་ཡོད་པའི་བོད་ལ་ངོས་འཛིན་གི་རེད། འདི་ལྟ་བུའི་ངོ་བོ་ཞིག་འཛིན་དགོས་པ་སྐབས་འདིའི་བོད་དང་བཙན་བྱོལ་བོད་གཞུང་གི་ལས་འགན་ཡིན་པར་སྣང༌། དེ་བས་ང་ཚོས་ལམ་སེང་བོད་དོན་ཐག་མི་ཆོད་པའི་གནད་དོན་འདིའི་སྒང་ནས།  ཁྱེད་ཚོས་དུས་ཚོད་དང་མཉམ་དུ་བོད་མིའི་ངོ་བོ་སྲུང་སྐྱོབ་བྱེད་རྒྱུ་དང་རིག་གཞུང་གི་སྟོབས་ཤུགས་གོང་འཕེལ་གཏོང་དགོས་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད། ཅེས་བཤད་བྱུང༌།

ཡང་འདི་ག་གསར་འགོད་པས།  རྒྱ་ནག་གིས་བོད་ལ་ད་ལྟ་གྲོས་མོལ་བྱེད་བཞིན་པའི་རྣམ་འགྱུར་འདི་ལྷག་བསམ་ཡིན་མིན་གྱི་ཐད་ལ་སྐད་ཆ་དྲིས་སྐབས་ཁོས་བཤད་རྒྱུར། ངས་པེ་ཅིན་གྱི་མཐོ་རིམ་མི་སྣར་རྒྱུས་ལོན་བྱས་པ་ལྟར་ན་་ཁོ་ཚོ་ཏཱ་ལའི་བླ་མར་དོགས་པ་ཡོད་པ་རེད། ཡིན་ཡང་གནས་ལུགས་ཀྱི་སྒང་ནས་བཤད་ན་ཏཱ་ལའི་བླ་མ་བོད་དུ་གདན་འདྲེན་བྱེད་དགོས་པ་རེད།  བདེན་པའི་ཐོག་ནས་བཤད་ན་ཡང་བོད་ཀྱི་གནད་དོན་འདི་སྔ་རུང་འཕྱི་རུང་རྒྱ་ནག་གིས་གདོང་ལེན་བྱེད་དགོས་པ་ཅིག་དང་ཐག་གཅོད་བྱེད་དགོས་པ་ཅིག་རེད།  བོད་རྒྱའི་གནད་དོན་འདིའི་སྒང་ལ་པེ་ཅིན་མགོ་ཁྲོད་ཚོའི་ནང་ལོག་ཡིན་ཡང་རྣམ་འགྱུར་མ་མཐུན་པ་ཡོད་པ་རེད་ལ།  མི་མང་དཀྱུས་མ་དེ་ཚོས་ཀྱང་བོད་ཐོག་ལ་བཟུང་བའི་ལྟ་བ་མི་འདྲ་བ་ཡོད།  ངས་བལྟས་ན་སྲིད་འཛིན་ཧོའུ་ཅིན་ཐའོ་ཡིན་ཡང་བོད་ཀྱི་གནད་དོན་མེད་ན་བསམ་གྱིན་ཡོད་པ་རེད།  རྒྱལ་སྤྱིའི་སྒང་གི་གནོན་ཤུགས་དང༌། རྒྱལ་ཁབ་གང་ལ་ཕེབས་ཀྱང་ངོ་རྒོལ་གྱི་རྣམ་པ་དེ་མེད་ན་བསམ་གྱིན་ཡོད་པ་རེད།  རྒྱལ་སྤྱིའི་སྒང་ནས་རྒྱ་ནག་ལ་འགྲོ་བ་མིའི་ཐོབ་ཐང་མི་འདུག་ཟེར་ནས་མ་བཤད་ན་བསམ་གྱིན་ཡོད་པ་རེད།   ཡིན་ན་ཡང་ཆབ་སྲིད་ཀྱི་གནད་དོན་བཤད་སའི་ལམ་བུའི་ནང་དུ་བདེན་པ་དང་བརྩེ་དུང༌།   སྙིང་བརྗེ་ཟེར་བའི་ཚིག་འདི་ཚོ་ཡོད་པ་མ་རེད།  གནད་དོན་མང་པོ་ཅིག་ཁེ་ཕན་གཙིགས་སུ་འཛིན་གི་ཡོད་རྐྱེན་བོད་རྒྱ་གཉིས་འབྲེལ་མོལ་བྱས་སྐབས་ཀྱང་རྒྱ་ནག་གིས་ལྷག་བསམ་ཐོག་སྐད་ཆ་བཤད་ཀྱི་ཡོད་མེད་དེ་སུ་ཡིས་ཀྱང་བཤད་ཤེས་ཀྱི་མ་རེད་ལ།  ང་ཚོས་ལྷག་བསམ་ཟེར་བའི་སྐད་ཆ་འདི་ཕར་བཞག་ནས་བོད་པར་ཡོད་པའི་རྒྱབ་སྐྱོར་གྱི་སྟོབས་ཤུགས་འདིས་རྒྱ་ནག་གིས་ཏཱ་ལའི་བླ་མ་དང་བཙན་བྱོལ་བོད་གཞུང་གི་སྐུ་ཚབ་ལ་གྲོས་མོལ་བྱེད་དགོས་ཆགས་ཀྱིན་ཡོད་པ་བོད་པ་ཚོས་གསལ་བོ་ཤེས་དགོས།   ད་ཐེངས་རྒྱ་ནག་གིས་བོད་ལ་གྲོས་མོལ་བྱས་དོན་ཡང་བོད་མི་རིགས་ལ་རྒྱལ་སྤྱིའི་མི་མང་གི་རྒྱབ་སྐྱོར་ཀྱི་སྟོབས་ཤུགས་ཡོད་སོང་བ་རེད་མ་གཏོགས་རྒྱ་ནག་གི་ལྷག་བསམ་གྱིས་གྲོས་མོལ་བྱས་པ་མ་རེད།  བོད་པ་ཚོས་འདི་ཙམ་གྱི་གནས་ལུགས་ཤེས་དགོས་ལ། འདི་ཙམ་གྱི་གནས་ལུགས་ཤེས་རྗེས་རྒྱ་ནག་ལ་ལྷག་བསམ་ཡོད་མེད་བཤད་བསྡད་ན་ཡོང་གི་མ་རེད།  གྲོས་མོལ་བྱེད་དགོས་པར་རང་ཕྱོགས་ནས་སྟོབས་ཤུགས་ཅིག་འདོན་དགོས་པ་གལ་ཆེན་པོ་རེད།  གལ་ཏེ་ཁྱེད་ལ་སྟོབས་ཤུགས་དེ་ཡང་མེད་ན་གྲོས་མོལ་བྱེད་སྲིད་ཀྱི་མ་རེད། དེའི་ཕྱིར་དེ་རིང་ངས་ཏཱ་ལའི་བླ་མར་བཅར་འདྲི་བྱས་སྐབས་ཁོང་གིས་ཀྱང་ལོ་ངོ་ ༥༠ ནང་ལ་གྲུབ་འབྲས་ཐོན་ཡོད་པ་ནི་རྒྱབ་སྐྱོར་གྱི་སྟོབས་ཤུགས་ཆེན་པོ་ཞིག་ཡོད་པ་འདི་ཡིན་པ་དང༌། ལོ་འདི་དག་རིང་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་དང་བོད་མི། ཏཱ་ལའི་བླ་མ་དང་བཙན་བྱོལ་བོད་གཞུང་རྒྱུས་ལོན་བྱུང་སྟེ་རྒྱབ་སྐྱོར་བྱུང་བ་འདི་ཡིན་པར་གསུངས་སོང༌། བོད་མི་ཁ་ཤས་རྒྱ་ནག་དོན་གཅོད་ཁང་ལ་རྒྱུག་པ་དང་ངོ་རྒོལ་སྐད་འབོད་བྱེད་པ། ཟས་བཅད་ངོ་རྒོལ་བྱེད་པ་དེ་ཚོ་སྤྱིར་བཏང་གི་མིའི་ཚོར་བ་ཤུགས་ཆེན་པོ་བྱུང་དུས་ཀྱི་བསམ་བློ་དང་ལས་ཀ་བྱེད་སྟངས་སམ་ཁོང་ཁྲོའི་རྣམ་པ་ཞིག་རེད། ཡིན་ན་ཡང་དེ་ནི་ཁྱེད་ཀྱི་ཕྱི་གཟིགས་ཀྱི་རྣམ་པ་ཙམ་རེད་མ་གཏོགས་ཁྱེད་ཀྱི་དོན་དངོས་ཀྱི་སྟོབས་ཤུགས་མ་རེད། དེ་རིང་རྒྱལ་སྤྱིའི་མི་མང་གིས་བོད་མི་རིགས་ངོ་ཤེས་པ་དང་རྒྱུས་ལོན་བྱས་ཏེ་རྒྱབ་སྐྱོར་བྱེད་བཞིན་པ་འདི། ལོ་ ༥༠ རིང་བོད་མི་རིགས་ཀྱི་ངོ་རྒོལ་དང་སྐད་འབོད་བྱས་པ་ལས་ཐོབ་པ་ཞིག་གཏན་ནས་མ་རེད། དེ་ནི་ལོ་ངོ་ ༥༠ ལྷག་ལ་བོད་མི་རིགས་ཀྱིས་རང་གི་རིག་གཞུང་སྲུང་སྐྱོབ་བྱས་པ་དང་རྒྱལ་སྤྱིའི་སྒང་གི་མི་མང་ཚོ་དོན་དངོས་སུ་བོད་ཀྱི་རིག་གཞུང་ལ་དགའ་ཞེན་ཡོད་པས་རེད། འདི་ནི་འཐབ་འཁྲུག་གི་སྟོབས་ཤུགས་མ་ཡིན་པར་རིག་གནས་ཀྱི་སྟོབས་ཤུགས་རེད། དོན་དངོས་ཀྱི་སྟོབས་ཤུགས་ནི་ཁྱེད་ཀྱི་རིག་གཞུང་གིས་སྤྲད་པའི་སྟོབས་ཤུགས་དང་ནུས་པ་དེ་རེད། སྟོབས་ཤུགས་འདིའི་ཆེད་དུ་རྒྱ་ནག་གིས་ཁྱེད་ལ་གྲོས་མོལ་བྱེད་བཞིན་པ་ལས། གལ་ཏེ་སྟོབས་ཤུགས་འདི་ཡང་མེད་པར་གྱུར་ན། རྒྱ་ནག་གིས་ལྷག་བསམ་ཞིག་བཀོལ་ཏེ་ཁྱེད་ལ་གྲོས་མོལ་བྱེད་པའི་དགོས་པ་མཐོང་གི་མ་རེད། ཅེས་བཤད་ཞོར་འདི་ནི་ཁོ་རང་གསར་འགོད་པ་ཞིག་གི་ས་མཚམས་ནས་ལངས་ཏེ། སྐད་ཆ་བཤད་པ་ཡིན་པ་ལས་རྒྱ་མི་རིགས་ཤིག་གི་འདུ་ཤེས་ཐོག་ནས་སྐད་ཆ་བཤད་པ་མིན་ཟེར།

ཡང་འདི་ག་གསར་འགོད་པས་ལོ་རབས་བདུན་ཅུའམ་ཡང་ན་ཏིན་ཞོ་ཕིང་གི་མི་རབས་དེ་དང་ད་ལྟའི་མི་རབས་འདིའི་རྒྱ་ནག་གི་མགོ་ཁྲིད་ཚོས་བོད་ཐོག་ལ་བཟུང་བའི་རྣམ་འགྱུར་དང་ལྟ་བའི་ཁྱད་པར་གྱི་སྐོར་སྐད་ཆ་དྲིས་སྐབས་ཁོས་བཤད་རྒྱུར། ཏིང་ཞོ་ཕིང་གི་མི་རབས་དེ་ལ་ང་ཚོས་གུ་ཡངས་བའི་མི་རབས་ཞེས་འབོད་ཀྱིན་ཡོད། ཟླ་གསུམ་པའི་ནང་ང་ཚོའི་ཞང་ཀང་བདུན་རེའི་དུས་དེབ་ཀྱིས་ལྷ་སའི་ཁྲག་ཐིགས་ཞེས་པའི་དཔྱད་བརྗོད་ཅིག་སྤེལ་ཡོད་ལ་དེའི་ནང་གི་ཁ་བྱང་ཕལ་བ་དེ་ལ་གུ་ཡངས་པའི་ལམ་ཀ་ཞེས་བྲིས་ཡོད། དེའི་བསྟན་དོན་གཙོ་བོ་ནི་ཏིང་ཞོ་ཕིང་སྐབས་ཀྱི་གུ་ཡངས་པའི་ལྟ་བ་དེ་ཕར་དེད་ནས། ཧ་ཅང་མཁྲེགས་པོ་ཡིན་པའི་རྒྱ་ནག་གི་མི་རབས་གསར་བའི་མགོ་ཁྲིད་ཚོ་དང༌། བོད་མི་རིགས་ཀྱི་ཧ་ཅང་མཁྲེགས་པོ་ཡིན་པའི་མི་རིགས་རིང་ལུགས་ཀྱི་ལྟ་བ་གཉིས་མཉམ་དུ་ཐུག་སྟེ་ ༣ ༡ ༤ ཡི་་གནས་ཚུལ་དེ་འདྲ་བྱུང་བའི་རྒྱུད་རིམ་རེད།  སྔོན་ཆད་ལོ་རབས་ ༧༠ མཇུག་དང་ ༨༠ མགོ་སྟོད་ལ་རྒྱ་བོད་གཉིས་ཕྱོགས་ཀྱི་གནས་སྟངས་ཡག་པོ་མེད་ཀྱང༌། གནད་དོན་སེལ་བའམ་ཡང་ན་དཀའ་ངལ་སེལ་བའི་ལྷག་བསམ་ཡོད་པ་རེད།  ད་ལྟ་པེ་ཅིན་གྱི་མི་ཁ་ཤས་ཀྱིས་ཏཱ་ལའི་བླ་མ་སྐུ་གཤེགས་པར་རེ་སྒུག་བྱེད་ཀྱི་ཡོད་པ་རེད་ལ། ཏཱ་ལའི་བླ་མ་མེད་སོང་ན་བོད་དོན་མེད་སོང་བའི་བསམ་བློ་གཏོང་གིན་ཡོད་པ་རེད།  ཡིན་ཡང་དེ་ཧ་ཅང་གླེན་པའི་བསམ་བློ་གཏོང་སྟངས་ཤིག་རེད།   བོད་ཀྱི་རང་སྲིད་རང་སྐྱོང་གི་གནད་དོན་ཐག་གཅོད་གང་ལེགས་གནང་ཐུབ་པར་ཏཱ་ལའི་བླ་མ་མེད་དུ་མི་རུང༌།  དེ་བས་རྒྱ་ནག་གི་མགོ་ཁྲིད་ཚོས་བོད་དོན་འདི་ངེས་པར་དུ་སེལ་དགོས་པའི་གནད་དོན་ཞིག་ལ་ངོས་བཟུང་ནས་ཐག་གཅོད་བྱེད་དགོས་པ་གལ་ཆེན་པོ་རེད།  ཅེས་བཤད་བྱུང༌།

འབྲེལ་ཡོད་གསར་འགྱུར།

Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

ཆུ་ཚོད་ ༡༥ སྔོན་ལ།
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

ཆུ་ཚོད་ ༡༥ སྔོན་ལ།
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧
འདས་ལོར་བོད་མཚོ་ལྷོ་འབའ་རྫོང་དུ་འཚོགས་པའི་རྫོང་རུ་རིག་གནས་ཡུལ་སྐོར་མི་རིགས་སྲོལ་རྒྱུན་ལུས་རྩལ་སྐབས་བཅུ་དགུ་པ་དང་རྫོང་རུ་རྟགས་མའི་བོད་འབྲེལ་ས་ཁུལ་གྱི་སྐོར་བྲོ་འགྲན་སྡུར་སྐབས་དང་པོའི་མགོ་འཛུགས་མཛད་སྒོའི་དགོང་ཚོགས་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་གཞུང་གིས་བོད་མཚོ་ལྷོ་ཁུལ་དུ་ཕྱི་ལོ་ ༡༩༥༨ ལྟ་བུའི་གཉའ་གནོན་གཏོང་གིན་འདུག

༢༠༢༦/༠༦/༡༦
ttt
Mobile App

བདེ་སྙན་ལ་བསྐྱར་ཞིབ་དགོས་པའི་ཞུ་སྙན་ཕུལ། 

༢༠༢༦/༠༦/༡༦

མཆན། 2

  1. གདུག་སྲིན། says:
    ལོ་ 17 སྔོན།

    རྒྱ་ནག་གཞུང་གིས་ཏིང་ཞོ་ཕིང་གི་སྐད་ཆ་བརྗེད་ཚར་ཡོད་ན་དེའི་གཞུང་ལུགས་ཅིའི་ཕྱིར་ལག་ལེན་བྱེད་དགོས་སམ།

    Reply
  2. Doko says:
    ལོ་ 18 སྔོན།

    ཏིན་ཞོ་ཕིན་ཤི་ཚར། རྒྱ་ནག་གཞུང་གིས་ཀྱང་ཏིན་ཞོ་ཕིན་དང་ཁོའི་སྐད་ཆ་བརྗེད་ཚར། བོད་ཕྱོགས་ནས་ད་དུང་ཏིན་ཞོ་ཕིན་གྱི་སྐད་ཆར་རེ་བ་བརླག་མེད། དེ་ནི་ངོ་མ་རེ་བ་བརྒྱག་ས་མེད་པའི་མངོན་རྟགས་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese