མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བསྟན་འཛིན་བརྩོན་འགྲུས་དང་ཁོའི་རྫི་བོ་གཉིས།

བོད་ཀྱི་དུས་བབ།
༢༠༠༨/༠༨/༢༠
Share on FacebookShare on TwitterShare on EmailShare on Whatsapp

བོད་དོན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་དང་མི་དྲུག་ཅུ་ཙམ་གསང་སྟབས་ཀྱིས་ས་མཚམས་བརྒལ་ཏེ་ཕྱིར་བོད་དུ་ལོག་རྩིས་བྱས་སྟབས་རྒྱ་གར་ཉེན་རྟོག་པས་འཛིན་བཟུང་བྱས་རྗེས། གཞན་རྣམས་རང་སོར་ལོག་བཏང་ནའང་བསྟན་འཛིན་བརྩོན་འགྲུས་བཙོན་ཁང་རིམ་བརྒྱུད་ཀྱིས་ཀང་ར་རྫོང་དུ་རྩིས་སྤྲོད་བྱས་པ་དང༌། ཀང་ར་རྫོང་ངྷ་ས་ས་གནས་ཉེན་རྟོག་པས་ཁོང་དུས་ངེས་མེད་རིང་ངྷ་ས་དང་ཁ་བྲལ་མི་ཆོག་པ་བཟོས་པ་མ་ཟད། ཉེན་རྟོག་པ་གཉིས་རེ་རེས་བསྐོར་ནས་རྗེས་འདེད་ཀྱིས་ཁོང་གར་འགྲོ་སྲུང་གི་ཡོད་འདུག

ངས་སྔོན་ཆད་མཐོང་མྱོང་བའི་བོད་ཀྱི་རང་དབང་འཐབ་རྩོད་པ་ཞིག་དེ་རིང་ཞལ་མདངས་ཤོར་ཞིང༌། ལུས་སྟོབས་རྒུད་འདུག་ལ། སྐད་གདངས་ཀྱང་ཉམས་འདུག ཁོང་གི་ཀོ་ལྷམ་རྙིང་པ་དེའི་ཕྱི་སྟེང་རལ་ཏེ་ཡང་བསྐྱར་དར་སྐུད་དཀར་བོ་ཞིག་གིས་བཙེམས་པ་དང༌། དེང་རབས་ཇུན་སི་རྟགས་ཅན་གྱི་དོར་མ་སྔོན་པོའི་སྟེང་ཚུལ་དྲི་ཆགས་འདུག ཡིན་ནའང་ཁོང་གིས་དེ་ལ་སྣང་དོགས་ཅི་ཡང་བྱེད་ཀྱི་མེད་ལ། འདི་ནི་ཁོང་གི་རྒྱུན་ལྡན་གྱི་གནས་སྟངས་ཤིག་ཀྱང་ཡིན། ཐེངས་འདིར་ང་ལ་སེམས་ཚོར་ཞིག་བྱུང་བ་ནི་ངས་ཁོང་མཐོང་མ་ཐག་ཁོང་བློ་ཕམ་ཞིང་ཡིད་ཐང་ཆད་འདུག་སྙམ་པ་བྱུང་ནའང༌། རྗེས་སུ་ངེད་གཉིས་ཀྱི་གླེང་མོལ་སྐབས་ཁོང་གིས་རྒྱ་གར་གཞུང་གིས་ཁོང་ཇི་ལྟར་བཙོན་འཇུག་དང་བཀག་ཉར་བྱས་ཤིང༌། ཁོང་གི་འགྲོ་འདུག་འཕྲོག་ནའང་ཁོང་གིས་བོད་དོན་ཆེད་བཅངས་པའི་སེམས་ཤུགས་དེ་ནམ་ཡང་གནས་ངེས་རེད་ཟེར་བས། ང་ལ་སྤོབས་པ་བསྩལ་བྱུང༌། ངེད་གཉིས་བོད་གཞུང་ཕྱི་དྲིལ་ལས་ཁུངས་ནས་གནས་ཆུང་ཟ་ཁང་ནང་སྐད་ཆ་བཤད་སའི་ལྷིང་འཇགས་ཀྱི་གནས་དེར་འགྲོ་སྐབས། ལམ་བར་དུ་ཁོང་གིས་དེང་སྐབས་བོད་ནས་ཚུར་བྲོས་ཡོང་རྒྱུ་དང༌། བོད་དུ་ཕར་ལོག་རྒྱུ་གཉིས་ལས་བོད་དུ་ལོག་རྒྱུར་དཀའ་ཁག་ཆེན་པོ་འདུག རྒྱ་གར་གཞུང་གིས་རྒྱ་ནག་གི་ཨོ་ལིམ་པིག་རྩེད་འགྲན་ལ་གནོད་སྐྱོན་མི་ཡོང་ཆེད་ང་ཚོར་སྲུང་སྲུང་བ་རེད་ཟེར།

ངེད་གཉིས་གནས་ཆུང་ཟ་ཁང་གི་ཕྱི་ལོག་ཏུ་བསྡད་དེ་ཁོང་གི་རྗེས་འདེད་པ་ཉེན་རྟོག་པ་གཉིས་དང་ངེད་ཚོ་བཞི་བོར་ཇ་རེ་མངགས་རྗེས། ཉེན་རྟོག་དེ་གཉིས་ལ་པག་ལེབ་གཉིས་རེ་ཡང་མངགས་སོང་ལ། ཁོང་གིས་འདི་གཉིས་ཀྱིས་ང་སྲུང་ཕྱིར་དེ་རིང་ཉིན་གུང་གི་ཟ་མ་ཡང་ཟོས་ཡོད་པ་མ་རེད་ཟེར། སྐབས་དེར་ཕྱི་དྲོའི་ཆུ་ཚོད་བཞི་ཡོལ་ཚར་འདུག

ངས་ཁོང་ལ་ཁྱེད་རང་ཐེངས་འདིར་འཛིན་བཟུང་བཀག་ཉར་བྱེད་དོན་ཅི་ཡིན་ནམ་ཞེས་དྲིས་པར། ཁོང་གིས་ང་ཚོ་བོད་མི་དྲུག་ཅུ་ཙམ་རང་ངོས་ནས་གསང་སྟབས་ཀྱིས་ཕྱིར་བོད་དུ་ལོག་རྩིས་བྱས་སྟབས་རེད། ངས་ད་ལྟ་བར་དུ་འབད་བརྩོན་གཙོ་བོ་སོ་སོའི་ཕ་ཡུལ་དུ་ཕར་ལོག་ཐུབ་རྒྱུར་རེ་བ་བརྒྱབ་པ་ཡིན། བཙན་བྱོལ་ནང་ལས་འགུལ་རྣམ་གྲངས་མང་བོ་ཞིག་སྤེལ་བ་རེད། ཡིན་ནའང༌། ད་ལོ་དུས་ཚོད་ཛ་དྲག་འདི་འདྲ་ཞིག་ཏུ་སོ་སོའི་ཕ་ཡུལ་དུ་ལོག་དགོས་ཀྱིན་འདུག དེ་ཡང་རང་དབང་བྱས་ནས་འགྲོ་ཆོག་པའི་ཐོབ་ཐང་དགོས་ཀྱི་འདུག་ཅེས་རྩོད་ལེན་བྱེད་ཀྱི་ཡོད་པ་རེད། འདི་གཙོ་བོ་དེ་རེད།

དང་པོ་གཞུང་འབྲེལ་མིན་པའི་ཚོགས་པ་ལྔ་བརྒྱུད་ནས་བོད་བར་གྱི་ཞི་བའི་གོམ་བགྲོད་ནང་འཛུལ་བ་ཡིན། དེ་དུས་དཀའ་ངལ་མང་བོ་འཕྲད་བྱུང༌། བཙོན་ལ་བཅུག ཁྲིམས་ཆད་བཏང། ཡང་བཙོན་ལ་བཅུག ཁྲིམས་ཆད་བཏང། ཁྲིམས་ཐག་ཁ་ཤས་ད་དུང་ཆོད་ཡོད་པ་མ་རེད། ཟླ་འདིའི་ཟླ་མཇུག་ཏུ་ཡང་བསྐྱར་ཁྲིམས་ཁང་དུ་འགྲོ་དགོས། བཙོན་ཁང་མི་འདྲ་བ་གསུམ་ནང་ཕྱིན་པ་ཡིན་ལ། བོད་བར་གྱི་གོམ་བགྲོད་ནང་མི་ ༤༠༠ ལྷག་སྡེ་ཚན་མི་འདྲ་བའི་ནང་འཛུལ་བ་རེད། དེ་ཕྱི་ཟླ་ ༦ པའི་ནང་མཇུག་སྒྲིལ་བ་རེད། ཡིན་ནའང༌། སོ་སོའི་འདུན་པའི་ནང་ད་ལྟའི་དུས་ཚོད་འདི་འདྲ་ཞིག་གི་ནང་དུ་ཕར་བོད་དུ་ལོག་ཐུབ་དགོས་ཀྱི་འདུག སོ་སོའི་ཐོབ་ཐང་རྩོད་དགོས་ས་གཙོ་བོ་བོད་ནང་ཡིན་སྟབས་ཕ་གིར་འགྲོ་ཐུབ་ན་བསམ་བསམ་འདུག གཉིས་པ་ད་ལོའི་ཕྱི་ཟླ་གསུམ་པའི་ནང་བོད་དུ་ཞི་བའི་སྒེར་ལངས་ཆེན་པོ་དེ་འདྲ་ཞིག་བྱུང་བ་རེད། བོད་ཁྱོན་ཡོངས་ལ་བྱུང་བ་རེད། དེ་རྗེས་དམ་དྲག་བྱས་པ་རེད་ལ། དམ་དྲག་དེ་ད་དུང་མུ་མཐུད་ནས་འགྲོ་བསྡད་ཡོད་པ་རེད། སྤུན་ཟླ་མང་བོ་བཙོན་ལ་ཚུད་བསྡད་ཡོད་པ་རེད། དུས་ཚོད་འདི་འདྲའི་ཁག་པོ་ཞིག་གི་ནང་དུ་ཕ་ཡུལ་དུ་སྤུན་ཟླ་ཚོས་མྱང་བསྡད་དུས་སོ་སོ་མཉམ་དུ་ཡོད་ན་བསམ་པ་དེ་ཤུགས་ཆེན་པོ་འདུག་ཅེས་ཁོང་བོད་ལ་ལོག་འདུན་ནི་གཞིས་ལུས་སྤུན་ཟླས་མྱོང་བཞིན་པའི་སྐྱིད་སྡུག་མཉམ་མྱོང་ཆེད་ཡིན་ཞེས་དང༌། ཡང་ཁོང་གིས་བོད་མི་གཞན་ཁག་ཅིག་ཀྱང་ཁོང་དང་འདྲ་བར་དུས་སྐབས་འདིར་བོད་དུ་ལོག་འདོད་ཡོད་པའི་སྐོར་བརྗོད་དོན། ང་ཚོ་གྲོགས་པོ་མང་བོ་ཡོད། ཁོང་ཚོ་མང་ཆེ་བ་བོད་ནས་ཚུར་གསར་དུ་འབྱོར་ཏེ་ལོ་ལྔ་ནས་བཅུ་མ་གཏོགས་འགྲོ་གི་མེད་པ་དེ་འདྲ་རེད། ཁོང་ཚོ་ནི་སོ་སོའི་ཕ་མ་སྤུན་མཆེད་ཚང་མ་བོད་ལ་ཡོད་པ་རེད་ལ། ང་ཚོ་ཚང་མའི་བསམ་བློ་མཐུན་པོ་རེད། དེར་བརྟེན་ཚོགས་པའི་ངོས་ནས་མིན་ནའང་སོ་སོ་སྒེར་ངོས་ནས་གསང་སྟབས་ཀྱིས་བོད་ནང་འགྲོ་ཐུབ་ན་བསམ་སྟེ། གྲ་སྒྲིག་བྱས་པ་ཡིན། ཡིན་ནའང་རྒྱ་གར་གཞུང་གིས་ང་ཚོ་མུ་མཐུད་བོད་ལ་ལོག་རྒྱུའི་བསམ་བློ་ཡོད་པར་ཚོད་དཔག་བྱས་འདུག་སྟབས། ས་མཚམས་སུ་མ་སླེབས་གོང་རྒྱ་གར་གསང་བའི་ལས་ཁུངས་དང་ཉེན་རྟོག་པས་ང་ཚོ་མི་དྲུག་ཅུ་ཙམ་འཇུས་པ་རེད། ང་ཚོས་གོ་སྒྲིག་ལྟར་ང་ལོགས་སུ་སོང་བ་དང་ཁོང་ཚོ་མཉམ་དུ་འགྲོ་བཞིན་ཡོད་ནའང༌། བྷུན་ཊར་ (Bhuntar) རྟ་ཕོ་དགོན་པར་འབྱོར་སྐབས་ང་ཚོ་ཚང་མ་འཇུས་པ་རེད། དེ་ནི་རྒྱ་གར་ནས་བོད་ལ་འགྲོ་སའི་ལམ་བར་དུ་མི་སྡོད་སའི་ས་ཆ་མཐའ་མ་དེ་རེད། དེ་རྗེས་རི་བརྒྱུད་ནས་འགྲོ་དགོས། 

ང་བྷུན་ཊར་ནས་བཟུང་སྟེ་ཀུ་ལུ་ (Kullu) ལ་ཁྲིམས་རྩོད་ཅིག་བྱས་རྗེས་ཟླ་ ༨ ཚེས་ ༤ ལ་གློད་པ་རེད། ཡིན་ནའང༌། ཀུ་ལུ་ནས་མན་ཌིའི་ (Mandi) ལ་རྩིས་སྤྲོད་བྱས། མན་ཌིས་རྫོང་གིས་ཡང་བསྐྱར་ཁྲིམས་རྩོད་ཅིག་བྱས་པ་རེད། དེའི་སྐབས་ཡང་བསྐྱར་ཁྲིམས་ཤིག་བཙུགས་ཏེ་ཁྲིམས་ཁང་དུ་བཅུག་སོང༌། བཙོན་ཁང་དེ་ཕྱི་ཟླ་གསུམ་པ་ནས་བརྩིས་ན་བཙོན་ཁང་ལྔ་པ་དེ་ཆགས་འདུག ང་བཟུང་ནས་མ་གློད་པར་ཉིན་བཅུ་གཅིག་ལ་བཙོན་ཁང་ནང་སྡོད་དགོས་བྱུང་སྟབས་ངས་ཆུ་མ་འཐུང་ཟ་མ་མ་ཟོས་པར་ཉིན་ལྔའི་རིང་ཟས་བཅད་ཆུ་བཅད་ཀྱིས་ངོ་རྒོལ་བྱས་པ་ཡིན་ལ། ཁོང་ཚོས་ང་བཙན་དབང་གིས་སྨན་ཁང་དུ་ཁྲིད་དེ་རྐང་ལག་གཉིས་ཉལ་ཁྲིའི་སྟེང་བསྡམས་རྗེས་གནམ་ཁབ་བརྒྱབ་སོང༌། ཁང་པ་ཆུང་ཆུང་ཞིག་རེད་ལ། མི་བཅོ་ལྔ་ཙམ་འདུག ཁོང་ཚོ་འགའ་ཤས་ཀྱིས་ཕྱི་ནས་སྲུང༌། འགའ་ཤས་ཀྱིས་ངའི་མགོ་སྔ་བསྡམས་ཏེ་ཁབ་བརྒྱབ་པ་རེད་ཅེས་བཤད་ཞོར་དུ་ཁོང་གིས་དཔུང་སྟེང་དུ་བཙུགས་པའི་ཁབ་ཤུལ་འགའ་ང་ལ་བསྟན་བྱུང༌། དཔུང་པ་ཤུགས་ཀྱིས་བསྡམས་ཤུལ་དུ་ད་དུང་དམར་བོ་ཆགས་འདུག་ལ་ཁབ་བཙུགས་ཤུལ་ཡང་གསལ་བོར་ཤེས་ཀྱིན་འདུག ཁོང་གིས། ཁབ་བཙུགས་ནས་ཁྲག་མང་བོ་ཐོན་སོང༌། ཡིན་ནའང་ཐབས་ཤེས་གང་ཡང་མི་འདུག་ཅེས་ཧ་ཅང་བློ་ཕམ་པའི་ཚུལ་གྱིས་བརྗོད་བྱུང༌།

ཡང་ཁོང་གིས་མུ་མཐུད་དེ། དེ་ལྟར་ཁ་སང་ཁྲིམས་ཁང་ནས་གློད་པ་རེད། ཡིན་ནའང་ཁྲིམས་རྩོད་ཡོད་ཡོད་པ་རེད། ཕྱི་ཚེས་ ༡༢ ཉིན་གྱི་ཞོགས་པའི་ཆུ་ཚོད་གསུམ་པའི་སྟེང་མན་ཌིའི་རྫོང་གི་ཉེན་རྟོག་པས་ཀང་ར་རྫོང་གི་ངྷ་རམ་ས་ལའི་ཉེན་རྟོག་པར་རྩིས་སྤྲད་སོང་ལ། ངྷ་ས་ཉེན་རྟོག་པས་རྩིས་ལེན་བྱས་པ་དང་ཁྱེད་རང་ཨོ་ལིམ་པིག་རྩེད་འགྲན་མ་ཚར་བར་ཕྱི་ལོགས་སུ་འགྲོ་ཆོག་གི་མ་རེད་ཅེས་ཡིག་ཆ་ཞིག་སྤྲད་སོང༌། དེ་ཡང་དུས་ཚོད་ངེས་མེད་དང་གཞུང་འབྲེལ་རེད། དེ་མིན་ཁོང་གཉིས་ངའི་གྲིབ་ནག་ནང་བཞིན་རེད། གང་དུ་སོང་ནའང༌། ང་མཉམ་དུ་ཡོད་ཡོད་པ་རེད་ཟེར་ཞོར་ཁོང་སྲུང་མཁན་གྱི་ཉེན་རྟོག་པ་གཉིས་ཀྱི་ཕྱོགས་སུ་མིག་ཅེར་སོང༌།

ངས་ཁོང་ལ་བཙོན་ཁང་ནང་ཁྱེད་ལ་ནག་ཉེས་འཛུགས་སྐབས། ནག་ཉེས་གཙོ་བོ་གང་རེད་ཅེས་པར་ཁོང་གིས། ཁྲིམས་ཀྱི་སྟེང་ནས་ལྟ་སྟངས་གཉིས་འདུག ཀུ་ལུ་ལ་བཟུང་དུས་ཁྱེད་ཀྱི་དམིགས་ཡུལ་བོད་མི་མང་བོར་སྐུལ་མ་བྱས་ཏེ། ས་མཚམས་བརྒལ་ཏེ་བོད་ལ་འགྲོ་རྩིས་རེད་འདུག དེ་རྒྱ་དཀར་ནག་གི་འབྲེལ་ལམ་དང༌། རྒྱ་གར་གྱི་བདེ་འཇགས་དང་ཞི་བདེ་ལ་གནོད་ས་རེད། དེར་བརྟེན་ང་ཚོས་བཀག་ཉར་བྱེད་ཀྱིན་ཡོད་ཅེས་པ་དེ་རེད་ལ། མན་ཌེའི་ནས་ཁྱེད་རང་ངྷ་རམ་ས་ལའི་མི་རེད། ཡིན་ནའང༌། ངྷ་ས་ནས་ཕྱི་ལ་འགྲོ་སྐབས་ཆོག་མཆན་ཞུས་མི་འདུག་ཅེས་པ་འདི་རེད། གང་ལྟར་རྒྱུ་མཚན་ག་རེ་ཡིན་ནའང༌། རྒྱལ་སྤྱིའི་རྩེད་འགྲན་དེ་ཚེས་ ༨ ལ་མགོ་བཙུགས་པ་རེད། དེ་མཇུག་མ་སྒྲིལ་བར་དུ་རྒྱ་གར་གཞུང་གིས་ང་གློད་གི་མིན་པ་དེ་གཏན་ཁེལ་ཚར་འདུག དམིགས་ཡུལ་གཙོ་བོ་དེ་རེད། རྩེད་འགྲན་སྐབས་ང་ཁོང་ཚོས་བཀག་ཉར་བྱས་ནས་འཇོག་རྒྱུ་དེ་རེད་ཟེར།

ངེད་གཉིས་ཀྱིས་གླེང་མོལ་མཚམས་འདིར་སླེབས་སྐབས་ངས་ཁོང་ལ་གནད་དོན་གཞན་གསུམ་གྱི་སྟེང་དྲི་བ་དྲིས། དེ་ནི་ཨོ་ལིམ་པིམ་མཇུག་སྒྲིལ་རྗེས་བོད་ནང་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་འགྲོ་རྒྱུར་རེ་བ་བརྒྱབ་ཡོད་མེད་དང༌། བོད་རྒྱ་འབྲེལ་མོལ་ཐེངས་བརྒྱད་པར་ལྟ་ཚུལ་གང་འདྲ་ཡོད་པ། ལོ་འདིར་བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་དང༌། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་སྤེལ་བའི་ལས་འགུལ་ཁག་ལ་འདོད་བློ་ཁེངས་ཡོད་མེད་བཅས་ཡིན། དྲི་བ་འདི་དག་ཁོང་གི་ད་ལྟའི་གནས་སྟངས་དང་མཚམས་ཀྱི་མེད་ནའང༌། ཁོང་ནི་རྒྱུན་དུ་བོད་དོན་ཕྱོགས་ལ་དོ་སྣང་ཆེ་བའི་མི་སྣ་ཞིག་ཡིན་སྟབས་ཁོང་ལ་གནད་དོན་འདི་དག་གི་ཐད་ལྟ་ཚུལ་ཡོད་པར་ངས་ཚོད་དཔག་བྱས་པས་ཡིན། ཁོང་གིས་ཨོ་ལིམ་པིག་མཇུག་སྒྲིལ་ནའང་རྒྱ་ནག་གིས་བོད་ལ་ཡག་པོ་ཞིག་གཏན་ནས་བྱ་སྲིད་ཀྱི་མ་རེད་ལ། བོད་ནང་དུ་འདི་ལས་སྡུག་པའི་གནས་སྟངས་ཤིག་མ་བྱུང་ནའང༌། གནས་སྟངས་ཡག་པོ་ཞིག་ཡོང་རྒྱུར་རེ་བ་ནམ་ཡང་མེད་ཅེས་དང༌། ངས་བོད་རྒྱ་འབྲེལ་མོལ་ལ་སྔོན་མ་ནས་རེ་བ་བརྒྱབ་མེད། ཡིན་ནའང༌། ཐེངས་འདིར་བློ་ཕམ་ཆེ་ཤོས་དེ་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་མཉམ་རུབ་ཀྱིས་ལས་འགུལ་སྤེལ་མ་ཐུབ་པ་དེ་ཡིན། ད་ལྟའི་དུས་འདིར་ནུས་ཤུགས་གཅིག་ཏུ་སྒྲིལ་ཏེ་བོད་དོན་ཆེད་ལས་འགུལ་སྤེལ་བའི་དུས་རེད། ཡིན་ནའང་དེ་ལྟར་མ་བྱུང་བ་རེད། དེ་མིན་བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་ནི་ཛ་དྲག་གི་གནས་སྟངས་སྐབས་བཙུགས་པའི་ཚོགས་པ་ཞིག་རེད་ལ། ཛ་དྲག་གི་གནས་སྟངས་མཇུག་སྒྲིལ་ན་ཛ་དྲག་གི་ལས་འགུལ་ཡང་མཇུག་སྒྲིལ་གི་རེད་ཅེས་བརྗོད་བྱུང་ལ། མཇུག་ཏུ་ཁོང་གིས་ང་ལ་ཐེངས་འདིར་ང་ཀུ་ལུ་དང་མན་ཌའི་ནས་གློད་ཆེད་ཀུ་ལུ་དང་མན་ཌའི། ཕོན་ཌ་སོགས་ཉེ་འཁོར་གྱི་ས་གནས་ཁག་གི་བོད་མི་ཚོ་རོགས་རམ་ བྱེད་དུ་སླེབས་སོང་ལ། ཐེངས་འདིར་ང་ཚོ་མི་དྲུག་ཅུའི་གོམ་བགྲོད་སྐབས་བླ་མ་ཤང་བཟའ་རིན་པོ་ཆེས་སྣེ་ཁྲིད་པ་ཡིན་ཟེར།

ངེད་གཉིས་ཀྱིས་གླེང་མོལ་གྲུབ་རྗེས་རྒྱ་གར་ཉེན་རྟོག་པ་གཉིས་ཀྱིས་ཀྱང་ཁོང་གིས་མངགས་པའི་ཇ་དང་པག་ལེབ་ཟོས་ཚར་ནས་བསྒུགས་འདུག་ལ། ཁོང་ངྷ་ཤོལ་དུ་འགྲོ་དགོས་སྐོར་བརྗོད་བྱུང༌། ངས་ཁོང་ལ་པར་འགའ་བླངས། ཡིན་ནའང་ཁོང་གིས་ཅི་ཙམ་ཨུ་ཚུགས་ཀྱིས་གདོང་ལ་འཛུལ་ཞིག་བསྡུ་བའི་ཐབས་ཤེས་བྱས་ཀྱང༌། པར་ངོས་སུ་ཁོང་ཁྲོ་དང་ཡིད་ཆད་ཀྱི་ཉམས་ཤིག་ལས་ཤར་རྒྱུ་མི་འདུག

 

གསར་འགོད་པ། འགྱུར་མེད།

འབྲེལ་ཡོད་གསར་འགྱུར།

དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

ཆུ་ཚོད་ ༨ སྔོན་ལ།
ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

༢༠༢༦/༠༤/༢༤
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

༢༠༢༦/༠༤/༢༤
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སཱ་མིར་པུལ་ཀཱ་པུར་ལགས་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཀ་ནལ་གཉིས་ཐུག་འཕྲད་གནང་། ༢༠༢༦།༤།༢༢
Mobile App

ཨ་རིའི་ཕྱི་སྲིད་དྲུང་ཆེས་བལ་ཡུལ་གྱི་སྐྱབས་བཅོལ་བོད་མིའི་ཡིག་ཆའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་གནང་།

༢༠༢༦/༠༤/༢༣
Tenzin Choegyal’s “Snow Flower” wins 2026 Queensland Music Award for Best World Music
Mobile App

ཁ་བའི་མེ་ཏོག་ཅེས་པའི་ཆེད་སྒྲིག་ལ་འཛམ་གླིང་རོལ་དབྱངས་ཆེད་སྒྲིག་ལེགས་ཤོས་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༤/༢༣
Taiwan President-elect Lai Ching-te, of Democratic Progressive Party’s (DPP), holds a press conference, following the victory in the presidential elections, in Taipei, on January 13, 2024. | Photo Credit: Reuters
Mobile App

རྒྱ་གཞུང་གིས་ཐའེ་ཝན་སྲིད་འཛིན་གྱི་ཕྱི་རྒྱལ་ཕྱོགས་སྐྱོད་བཀག་འགོག་བྱས།

༢༠༢༦/༠༤/༢༣

མཆན། 1

  1. བསོད་དེ། says:
    ལོ་ 18 སྔོན།

    ང་ཡང་ཁོང་ལ་གྲོགས་པོའི་འབྲེལ་བ་ཡོད་མཁན་ཞིག་ཡིན།
    ངས་ཁོང་མཐོང་ཐེངས་རེར་ང་ལ་རང་བཞིན་གྱིས་མིག་ཆུ་རེ་རང་དབང་མེད་པར་འཐོར་ཡོང་འདུག རྒྱུ་མཚན་ནི་ཁོང་གིས་མི་རིགས་ལ་བཅང་བའི་ལྷག་བསམ་དང་སྙིང་སྟོབས་ལ་འགྱུར་བ་མེད་པར་རང་ཉིད་བློས་བཏང་སྟེ་བོད་མི་རིགས་ཀྱི་བདེན་དོན་ཆེད་དུ་རང་དབང་འཐབ་རྩོད་བྱེད་སྟངས་དེས་སོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese