མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀུར་འོས་པའི་སྐུ་ཞབས་སྒྲོལ་མ་སྐྱབས། གཉིས་པ།

བོད་ཀྱི་དུས་བབ།
༢༠༠༨/༠༨/༢༠
Share on FacebookShare on TwitterShare on EmailShare on Whatsapp

འོད་ཟེར་གྱིས་བརྩམས། གཟུངས་ཕྱུག་སྐྱིད་ཀྱིས་བོད་བསྒྱུར་བྱས། རྡ་ས 

དེ་མིན་རང་རིགས་སྤུན་ཟླ་རྣམས་ལ་ཕུལ་བའི་འཕྲིན་ཞེས་པའི་ནང་འདི་ལྟར་བྲིས་ཡོད་དེ། བོད་མི་མང་གི་མཐོང་སྣང་དུ་བྱུང་བའི་རླབས་རྒྱུན་དྲག་པོ་ཞིག་ནི། དོན་དངོས་སུ་བོད་ཀྱི་བདག་པོ་སུ་ཡིན་པ་ངོས་ཟིན་བྱུང་པ་དེ་ཡིན་པས།  བོད་ལ་རང་དབང་སྤྲོད་མིན་དེ་རྒྱ་ནག་གཞུང་ཕྱོགས་ཁོ་ནས་ཐག་གཅོད་བྱེད་ཐུབ་པ་ཞིག་གཏན་ནས་མ་རེད། ང་ཚོས་ད་ལྟའི་གནས་བབ་དག་ལ་བལྟས་ཀྱང་བོད་ཀྱི་གཞོན་སྐྱེས་དག་གིས་བདེན་དོན་དབྱེ་འབྱེད་ཐད་རྒྱ་གཞུང་ལ་ཁྲིམས་མཐུན་རང་བཞིན་ཅན་དང༌། གནོན་ཤུགས་ཆེ་བའི་ལས་འགུལ་འདྲ་མིན་སྤེལ་ནས་གནད་དོན་ཐག་གཅོད་བྱེད་པར་འབོད་སྐུལ་མང་དུ་བྱ་རྒྱུ་ཡང་དོན་དངོས་རེད། ད་དུང་རྟོགས་སད་ཀྱི་རླབས་རྒྱུན་དྲག་པོ་འདི་མི་རབས་གཅིག་ལས་གཅིག་གིས་རྒྱུན་མཐུད་དེ་ཇེ་ཆེར་ཡང་འགྲོ་ངེས་པས། བོད་ཀྱི་རང་དབང་མངོན་འགྱུར་ཡོང་བའི་རེ་བ་དེ་ད་ལྟ་ཇེ་ཆེ་ནས་ཇེ་ཆེ་རེད། རྒྱ་ནག་གཞུང་གིས་གནས་ལུགས་འདྲ་མིན་བཀོལ་ནས་རང་གི་བྱས་ཉེས་ཀྱི་ངོ་གདོང་རྫུན་མ་དེ་འགེབས་སྲུང་དང༌། གཞན་ལ་གཞོལ་ཐབས་དུ་མ་བྱེད་པའི་སྣང་ཚུལ་འདི་ཡང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གསལ་བོར་བཟོ་ཐུབ་པ་ཞིག་ཀྱང་མ་རེད། ཡིན་ནའང་མི་རབས་གསར་བའི་བོད་མི་དག་གིས་ཁོ་ཚོའི་གནས་ལུགས་དེར་ངོས་ལེན་རྩ་བ་ནས་མི་བྱེད་པ་མ་ཟད། བོད་མི་རེ་རེའི་ངོས་ནས་ཕན་ཚུན་བར་ལ་བསམ་ཚུལ་བརྗེ་རེས་དང་གླེང་སློང་མང་དུ་བྱས་པ་བརྒྱུད་ནས། ནམ་ཞིག་རྒྱ་ནག་གཞུང་གི་གདོང་འབག་རྫུན་མ་གསལ་བོར་ཕྱི་སྲིད། དེ་བཞིན་བོད་ཀྱི་གནད་དོན་ནི། བོད་མི་རེ་རེས་སྒེར་ངོས་ཀྱི་དོན་དག་ཞིག་གི་ཚུལ་དུ་བཟུང་ནས་བསྒྲུབ་དགོས་ལ།  ཐ་ན་ཕྱུགས་འཚོ་བའི་རྫི་བོ་དང་རླངས་འཁོར་ཁ་ལོ་བ་ཚུན་ཆད་ཀྱིས་ཕན་ཚུན་བར་ལ་གླེང་སློང་དང་འབྲེལ་འདྲིས་མང་པོ་བྱས་ནས། བོད་མི་ཡོད་ཚད་མཐུན་སྒྲིལ་གྱི་ལག་རྡང་གཅིག་ཏུ་སྦྲེལ་དགོས་པའི་སྐུལ་མ་གཏོང་བཞིན་ཡོད། འདི་ལྟར་ཕན་ཚུན་ལ་རྒྱུས་ལོན་སྐུལ་འདེད་བྱས་ནས་བོད་ཀྱི་སྤྱི་ཚོགས་ནང་ཁུལ་ལ་འགྲིག་མཐུན་ཡོང་བ་བྱ་རྒྱུ་ནི། བོད་མི་སུ་འདྲ་ཞིག་ཡིན་ཡང་སེམས་སུ་དམ་པོར་འཛིན་འོས། དེ་བས་ང་ཚོ་སྐྲག་མི་དགོས་ལ། མིག་ཆུ་དེ་བས་ཀྱང་མི་དགོས། ང་ཚོ་ནམ་ཡང་རྒྱལ་ངེས་ཡིན། སྙིང་ཉེ་བའི་གངས་ལྗོངས་མི་མང་རྣམ་པ། བདག་གི་ཤ་ཁྲག་གིས་སྦྲེལ་བའི་ཡུལ་མི་སྤུན་ཟླ་རྣམ་པ།  ང་ཚོས་མུ་མཐུད་དུ་རྒྱུན་འཁྱོངས་བྱོས་དང༌། ང་ཚོར་འོད་སྟོང་འཕྲོ་བའི་མདུན་ལམ་ཞིག་ཅིས་ཀྱང་ཡོད་ངེས། ཁྱེད་ཚོས་ཨེ་ཤེས། གསུམ་པའི་ཚེས་བཅུ་ནི་ཅི་ཞིག་གི་ཉིན་མོ་རེད། དེ་ནི་བོད་ཀྱི་རང་དབང་བསུ་བའི་ཉིན་མོ་རེད། དམིགས་བསལ་གྱི་ཉིན་མོ་འདི་ནི་བོད་མི་ཁྲི་ཁྲི་འབུམ་འབུམ་མང་པོས་སེམས་སུ་འཛིན་རོགས་གནང༌། གནས་སྐབས་སུ་ང་ཚོ་ཕམ་སྲིད་ཀྱང༌། ཕམ་ཁའི་རྗེས་ན་རྒྱལ་ཁ་ཡང་ཡོད་པའི་གནས་ལུགས་ཤེས་དགོས།

   ང་ཚོའི་ཁྲག་རྩའི་སྦུབས་སུ་རྒྱུན་གཅིག་པའི་ཁྲག་གི་འཁོར་བསྐྱོད་ཅིག་འཕར་ལྡིང་བྱེད་བཞིན་ཡོད་ལ། ང་ཚོའི་ཤ་རུས་ཀྱི་བར་གསེང་རེ་ན་རྒུད་བཞིན་པའི་རིགས་རྒྱུད་ཅིག་གི་ལ་རྒྱའི་རུས་རྐང་ཡང་བསྐྱར་གསོ་བཞིན་ཡོད། ང་ཚོས་རྣམ་ཤེས་ཀྱི་ཟབ་ས་ཞིག་ནས། ཉམས་བཞིན་པའི་མི་རིགས་ཤིག་གི་ཁྱིམ་གཞི་སྲུང་དགོས།  འདི་དག་ཡོད་ཚད་ཀྱིས་ད་གཟོད་ང་ཚོའི་ས་གཞི་ཆེན་པོ་འོད་དུ་སྦར་སྲིད། གནམ་རྒན་མས་ཀྱང་ང་ཚོའི་ཆེད་དུ་བདེན་དཔང་འབྱེད་ངེས། དཀོན་མཆོག་གིས་ཀྱང་ང་ཚོའི་ཆེད་དུ་སྨོན་ལམ་འདེབས་ངེས། ང་ཚོས་འདི་ལྟར། ང་ཚོ་དང་མིའི་རིགས་ཀྱི་ཆེད་དུ་འཐབ་རྩོད་བྱེད་དགོས།

    སྒྲོལ་མ་སྐྱབས་ཀྱི་རྩོམ་ཡིག་དེ་དག་ལ་བལྟས་ན། ང་ཚོའི་གྲས་ཀྱི་ཡིག་རིགས་གཅིག་གམ་ཡང་ན་དེ་ལས་མང་བའི་ཡིག་རིགས་འདྲ་མིན་ཤེས་པའི་རྩོམ་པ་པོ་ཡོད་ཚད་ཁོ་ལ་ངོ་གནོང་དགོས་པའི་གསལ་བརྡ་ཞིག་བཏང་བ་རེད་ལ། ད་དུང་ཁོང་ལ་གུས་ཕྱག་ཞུ་འོས་པའི་གནས་ལུགས་ཀྱང་བསྟན་པ་རེད། ངས་<<ལྷིང་འཇགས་མེད་པའི་རི་བོ་ཧི་མ་ལ་ཡ>>ཞེས་པའི་རྩོམ་དེབ་དེ་ཀློག་ཚར་རྗེས། བདག་ལ་ཚད་མེད་པའི་སྒུལ་ཤུགས་དང་སེམས་འགུལ་མང་པོ་ཐེབས་བྱུང༌། མིག་སྔར་ཁོང་ལ་ཁྱབ་བསྒྲགས་བྱས་ཟིན་པའི་འདྲ་པར་རེ་གཉིས་ལས་མེད་ཀྱང༌། དཔང་ཡིག་སྟེང་གི་འདྲ་པར་དེར་ལྟ་དུས། ཁོའི་འཛུམ་མདངས་ཀྱིས་ཁེངས་པའི་བཞིན་རས་དེ་ནི་ཇི་འདྲའི་དྭངས་ཤིང་གཙང་བ་ཞིག་རེད་ཨང༌། སྐམ་ཅིང་རིད་པའི་འགྲམ་རུས་གཉིས། དཀྱུས་རིང་བའི་མིག་ཟུང༌། གནག་ཅིང་སུ་ལུར་འཁྱིལ་པའི་སྐྲ་ལོ། ཆེས་སྤྱིར་བཏང་གི་གོན་ཆོས། ད་དུང་སྐེ་ལ་བཏགས་པའི་སྲུང་མདུད་དེ་ཡང་སྟོད་གོས་ཀྱི་གོང་ཁ་ནས་གསལ་བོར་མཐོང་ཐུབ། དེ་ནི་ཕལ་ཆེར་༧གོང་ས་རྒྱལ་བ་རིན་པོ་ཆེས་བྱིན་རླབས་ཞུགས་ཡོད་པའི་སྲུང་མདུད་ཞིག་ཡིན་ཡང་སྲིད།  གལ་ཏེ་ང་རང་ལ་ཁོང་ལ་མཇལ་བའི་གོ་སྐབས་ཤིག་བྱུང་ཚེ། ངས་རང་ཉིད་ཀྱི་མགོ་བོ་ཐུར་དུ་བཀུག་ནས་ཁོང་ལ་གུས་འདུད་ཞུ་ངེས། རྒྱུ་མཚན་ནི་སྒྲོལ་མ་སྐྱབས་ནི་བོད་ཀྱི་གཞུང་ཆེན་བསྟན་བཅོས་དག་གི་ནང་ན་བསྟོད་པ་མཛད་འདུག་པའི་སེམས་དཔའ་ངོ་མ་ཞིག་སྟེ། ཡིག་འབྲི་རེ་རེ་ལས་ཁོང་གི་གཡོ་བ་མེད་པའི་ཞི་དྲག་གཉིས་ཀྱི་ཆ་རེས་མོས་སུ་འཁོར་བའི་བསམ་བློའི་རིན་ཐང་མངོན་ལ། རང་ཉིད་རང་ཉིད་ཀྱིས་སྐྱོབ་དགོས་པའི་གནས་ལུགས་དང་སྤོབས་པས་ཀྱང་ཁེངས་འདུག  ཁོ་གཅིག་པུས་འདི་ལྟར་བྲིས་ཤིང༌། གཅིག་པུ་འདི་ལྟར་སོང་བ་རེད། ད་དུང་བཙོན་ཁང་དུ་ཡང་ཁོ་གཅིག་པུ་འདི་ལྟར་བསྡད་ཡོད་པ་རེད།  ད་བར་དུ་གཞིས་ལུས་བོད་མི་སུ་འདྲ་ཞིག་གིས་ཀྱང་དབང་བསྒྱུར་པ་ཞེས་པའི་ཐ་སྙད་འདི་དག་བཀོལ་ཏེ། བོད་ཀྱི་ལོ་རྒྱུས་དང་ད་ལྟ། ལྷག་པར་དུ་དངོས་ཡོད་འཚོ་བའི་ཕྱོགས་ཡོངས་ནས་བལྟས་ཏེ། ང་ཚོར་གཞན་གྱི་དབང་བསྒྱུར་བྱས་པའི་བརྒྱུད་རིམ་དང༌། དེ་ལས་ཇི་ལྟར་གཞོལ་དགོས་པའི་ཐབས་ལམ་ཞིག་གསལ་བརྗོད་བྱེད་ཐུབ་མེད། འདི་ལྟ་བུའི་ཛ་དྲག་གི་དུས་སྐབས་སུ། ང་ཚོའི་ཤེས་ཡོན་པ་ཚོས་གང་ཡང་འབྲི་མི་ཕོད་ལ། ཅི་ཡང་བཤད་མ་ནུས་ན་དེ་ནི་དོན་དངོས་དང་མཐུན་ནམ། ཐ་ན་མི་ཚེའི་ཉམས་མྱོང་ཁྲོད་བརྗེད་དུ་མེད་པའི་ཟིན་ཐོ་ཙམ་ཡང་འགོད་མ་ཐུབ་ན། དེ་ནི་རྩོམ་པ་པོ་ཟེར་བའི་རླབས་ཆེ་བའི་མིང་དོན་དང་འགལ་མེད་དམ།   

   
    འདི་ལྟར་དྲང་བདེན་གྱི་སྨྲ་བརྗོད་ཙམ་ལ་བརྟེན་ནས་ཁྲིམས་ཆད་བཅད་པའི་སྒྲོལ་མ་སྐྱབས་ད་ལྟ་གང་དུ་ཡོད་དམ། ལ་ལས་བཤད་ན་ད་དུང་ལྷ་སའི་ཉེ་འཁོར་གྱི་བཙོན་ཁང་དེ་ན་ཡོད་ཟེར།  ཡང་ལ་ལས་བཤད་ན་མཚོ་སྔོན་ཟི་ལིང་གྲོང་ཁྱེར་གྱི་བཙོན་ཁང་ཞིག་ཏུ་བརྗེ་འདུག་ཟེར། ཡིན་ནའང་ཁོང་བཙོན་འཇུག་བྱས་པའི་གནས་ཚུལ་དང་བརྒྱུད་རིམ་ཆ་ཚང༌། འགལ་རྐྱེན་མང་པོ་ཞིག་གི་གཏིང་རིམ་བརྟོལ་ནས་ཕྱི་ཕྱོགས་ནས་ཤེས་རྟོགས་བྱུང་རྗེས། རྒྱ་ནག་གཞུང་གིས་ད་དུང་འཛེམ་དོགས་མེད་པར་འདི་ལྟར་བཤད་ཀྱིན་ཡོད། སྒྲོལ་མ་སྐྱབས་ཟེར་བའི་ཨ་མདོའི་བོད་མི་ཞིག་དེ་སྔ་ཁོ་ཚོས་འཛིན་མྱོང་མེད་ཚུལ་དང༌།  ཀན་སུའུ་ཞིང་ཆེན་གྱི་བཙོན་ཁང་ཞིག་ཏུ་མིང་ལ་སྒྲོལ་མ་སྐྱབས་ཟེར་བའི་ཉེས་ཅན་ཞིག་ཡོད་ཀྱང་དེ་ནི་རྐུན་མ་ཞིག་ཡིན་ཚུལ་གྱི་ཁུངས་ལུང་མེད་པའི་རྫུན་གཏམ་མང་པོ་ཞིག་སྒྲོག་དང་བསྒྲགས་བཞིན་ཡོད།

འབྲེལ་ཡོད་གསར་འགྱུར།

མ་རྩོམ་གྱི་པར།
Mobile App

རྒྱ་ནག་གཞུང་གིས་སླར་ཡང་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་གནོན་ཤུགས་སྤྲད་པ།

ཆུ་ཚོད་ ༡༧ སྔོན་ལ།
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

མང་གཙོའི་རྒྱ་ནག་དང་བོད་ཀྱི་མ་འོངས་པའི་གླེང་སྟེགས་ཞེས་པའི་ཚོགས་འདུ་ཞིག་འཚོག་མགོ་བཙུགས།

ཆུ་ཚོད་ ༡༧ སྔོན་ལ།
རྒྱ་ནག་དབུས་དམག་དོན་ལྷན་ཁང་གི་འགན་འཛིན་གཞོན་པ་ཀྲང་ཡུ་ཤཱ་ང་དབུས་དམག་དོན་མཉམ་འབྲེལ་སློབ་སྟོན་ཁང་གི་འགན་འཛིན་ལུའུ་ཀྲིན་ལི་གཉིས།
Mobile App

རྒྱ་ནག་དབུས་དམག་དོན་ལྷན་ཁང་གི་དམག་དཔོན་གཉིས་ཕྱིར་ཕུད་བྱས། 

ཆུ་ཚོད་ ༡༧ སྔོན་ལ།
TTT
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་དང་འབྲེལ་ནས་བོད་ནང་ནས་མི་བཅུ་ལ་ཉེས་ཆད་བཅད་ཡོད་ཟེར།

ཆུ་ཚོད་ ༡༧ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
Mobile App

བལ་གཞུང་གིས་བཀག་སྡོམ་བྱས་པའི་བོད་རིག་པའི་ཚོགས་ཆེན་ཐེངས་བཅུ་བདུན་པ་དྲ་ལམ་དུ་འཚོགས་འདུག

༢༠༢༦/༠༨/༢༩
མ་རྩོམ་ཐོག་འཁོད་པའི་རྩོམ་པ་པོའི་པར།
Mobile App

ཞི་ཅིན་ཕིང་གི་དུས་སྐབས་ཀྱི་བོད་ནང་གི་གཉའ་གནོན་ནི་མུན་ནག་གི་ས་མཚམས་ཤིག་ཡིན།

༢༠༢༦/༠༨/༢༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese