མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༢༠༠༨ ལོའི་བཙོན་རྭ་ཆེ་ཤོས།

བོད་ཀྱི་དུས་བབ།
༢༠༠༨/༠༨/༢༠
Share on FacebookShare on TwitterShare on EmailShare on Whatsapp

      
རྒྱ་ནག་གིས་ ༢༠༠༡ ལོའི་ཁས་བླངས་དམ་བཅའ་དང་གཏན་བྲལ་བྱས་ཏེ། རྒྱལ་སྤྱིའི་རྩེད་འགྲན་གྱི་གོ་སྐབས་དང་བསྟུན། བཙོན་པ་སྟོང་ཕྲག་མང་པོ་བཙོན་འཇུག་མནར་གཅོད་དང༌། གསར་འགོད་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་སོགས་ཀྱི་ད་ལྟའི་རྒྱ་ནག་ཏེ་རྒྱལ་སྤྱིའི་བཙོན་རྭ་ཆེ་ཤོས་དེ་ཆགས་ཡོད་ལ། ང་ཚོས་རྒྱ་ནག་གི་བྱེད་སྟངས་འདི་དག་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་བཞིན་ཡོད། ཨོ་ལིམ་པིག་མཇུག་མ་སྒྲིལ་བར་དུ་འགྱུར་བ་མ་བཏང་ཚེ་ང་ཚོས་ལས་འགུལ་ནམ་ཡང་མཚམས་འཇོག་བྱེད་ཀྱི་མིན་ཅེས་རྒྱལ་སྤྱིའི་རང་དབང་གསར་འགོད་ཚོགས་པའི་བརྗོད་ཡོད།

ཕྱི་ཚེས་ ༡༦ ཉིན།  ཕེ་རི་སིར་རྟེན་གཞི་བྱས་པའི་རྒྱལ་མཚམས་མེད་པའི་གསར་འགོད་པས་དྲ་ལམ་ཁག་ཏུ་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་དང༌། སྨྲ་བརྗོད་རང་དབང༌མེད་པ། ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་སོགས་ཀྱི་ཐད་དྲ་ལམ་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་དང༌། ད་ལྟའི་ཆར་མི་ ༡༧༨༠༠ ལྷག་གིས་ཁོང་ཚོའི་ལས་འགུལ་ལ་རྒྱབ་སྐྱོར་བྱས་ཡོད་འདུག་ལ། རྒྱབ་སྐྱོར་བྱེད་མི་ཉིན་རེ་ནས་ཉིན་རེ་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད། 

ཁོང་ཚོའི་སྒྲིག་འཛུགས་འདིའི་དམིགས་ཡུལ་གཙོ་བོ་ནི། རྒྱ་ནག་གིས་ད་ལྟའི་དུས་སྐབས་འདིར་འགྲོ་བ་མིའི་རང་དབང་དང་ཐོབ་ཐང་རྩིས་མེད་རྡོག་རོལ་ཏུ་གཏོང་བཞིན་པའི་གནས་སྟངས་དང༌། འགྲོ་བ་མིའི་སྨྲ་བརྗོད་རང་དབང་ལ་བཀག་འགོག་བྱས་པ། གསར་འགོད་རང་དབང་ལ་བཀག་འགོག ད་དུང་ཆབ་སྲིད་བཙོན་པ་ཡོངས་གློད་གྲོལ་གཏོང་དགོས་པའི་རེ་འདུན་དང་བཅས་ངོ་རྒོལ་ལས་འགུལ་སྤེལ་བཞིན་ཡོད་པ་དང༌། ཁོང་ཚོས་རྒྱ་ནག་གཞུང་ལ་འདིའི་སྐོར་འགྱུར་བ་གཏོང་རྒྱུའི་རེ་འདུན་འཡང་བཏོན་ཡོད། ཐེངས་འདིའི་ལས་འགུལ་སྐབས་ཁོང་ཚོས་འཛམ་གླིང་ཡོངས་ལ་སྒྲོག་གིན་པའི་འཕྲེད་དར་གྱི་བརྗོད་བྱ་གཙོ་བོ་ནི། ཨོ་ལིམ་པིག་སྐབས་ཆབ་སྲིད་བཙོན་པ་གློད་གྲོལ་དང༌། ཨོ་ལིམ་པིག་ལ་དགའ་ཞེན་ཡོད་པ་དང༌། བཙན་གནོན་བྱས་པར་དགག་པ་ཡོད་ཚུལ་གཙོ་བོར་བཀོད་དེ་དྲ་ལམ་ནས་རྒྱ་ནག་ལ་ལས་འགུལ་ཤུགས་ཆེར་སྤེལ་ཡོད།

སྒྲིག་འཛུགས་འདིའི་ཨ་རིའི་ཝ་ཤིན་ཌོན་གྱི་ཡན་ལག་ཚོགས་གཙོ་མོའོ་རོ་ཡིས། རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་འདི་ནི་ ༡༩༧༩ ལོར་ཕེ་རི་སི་ནང་དབུ་འཛུགས་གནང་བ་ཡིན་ལ། སྒྲིག་འཛུགས་འདི་ནི་གསར་འགོད་པའི་ཆབ་སྲིད་ཀྱི་བཀག་རྒྱའི་ཐད་སྲུང་སྐྱོབ་བྱེད་རྒྱུ་དང༌། གསར་འགོད་རང་དབང་ལ་རྒྱབ་སྐྱོར་བྱེད་པའི་རྒྱལ་སྤྱིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཞིག་ཡིན། ང་ཚོའི་ཚོགས་པ་འདིར་འཛམ་གླིང་གི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ ༦༠ ལྷག་གིས་གྲུབ་ཅིང༌། རྒྱལ་སྤྱིའི་སྨྲ་བརྗོད་རང་དབང་འདུ་འཚོགས་ཀྱི་ཚོགས་པ་ཆེ་ཤོས་དེ་ཡིན། རྒྱལ་ཁབ་ ༡༦ ནང་དུ་ཡན་ལག་ལས་ཁུངས་ཡོད་པའི་རྒྱལ་སྤྱི་རང་བཞིན་གྱི་སྒྲིག་འཛུགས་ཤིག་ཡིན། ཅེས་བརྗོད་ཡོད།

ཁོང་གིས་བཤད་དོན། ཕྱི་ཚེ་ ༨ ནས་མགོ་འཛུགས་ཀྱིས་ལས་འགུལ་སྤེལ་མགོ་བརྩམས་པ་ཡིན་ལ། ད་ལྟའི་ཆར་ཉིན་དགུ་ལྷག་འགྲོ་གིན་ཡོད། ལས་འགུལ་སྤེལ་ཡུལ་རྒྱལ་སྤྱིའི་དྲ་ལམ་ཁག་ཏུ་རྒྱ་ནག་གི་ད་ལྟའི་ཡ་ང་བའི་གནས་སྟངས་ལ་ཁ་གཏད་བྱ་རྒྱུ་དེ་ཡིན། ད་ལྟའི་ཆར་རྒྱབ་སྐྱོར་བ་མི་གྲངས་ ༡༧༠༠ ལས་བརྒལ་ཡོད་ལ་མི་གྲངས་ད་དུང་འཕར་བཞིན་ཡོད་འདུག  ང་ཚོའི་ངོས་ནས་ལས་འགུལ་འདི་ཕྱི་ཚེས་ ༢༤ བར་མུ་མཐུད་སྤེལ་རྒྱུའི་དམ་བཅའ་ཡོད། གལ་སྲིད་རྒྱ་ནག་གཞུང་ཕྱོགས་ནས་ང་ཚོས་བཏོན་པའི་དགོས་འདུན་ལ་ཡ་ལན་དང་འགྱུར་བ་མ་བཏང་ཚེ་ང་ཚོས་ལས་འགུལ་མུ་མཐུད་སྤེལ་རྒྱུ་ཡིན་ཅེས་དང༌། རྒྱ་ནག་གིས་ ༢༠༠༡ ལོའི་དམ་བཅའ་དང་གཏན་བྲལ་བྱས་ཏེ། འགྲོ་བ་མིའི་རང་དབང་ཐོབ་ཐང་དང༌། གསར་འགོད་རང་དབང༌། སྨྲ་བརྗོད་རང་དབང་བཅས་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་ལ་ང་ཚོ་ཡིད་སྐྱོ་དགོས་པ་ཞིག་ཆགས་ཡོད། དེ་བས།  ཨོ་ལིམ་པིག་མ་རྫོགས་གོང་ནི་ང་ཚོ་མཉམ་འབྲེལ་གྱིས་རྒྱ་ནག་གིས་དེ་སྔོན་བཤད་པའི་སྐད་ཆར་ཁས་ལེན་བྱེད་དུ་འཇུག་རྒྱུའི་དུས་ཚོད་ཡག་ཤོས་ཡིན། ཨོ་ལིམ་པིག་རྫོགས་པ་དག་མཉམ་དུ་རྒྱ་ནག་གི་འགྲོ་བ་མིའི་རང་དབང་ཐོབ་ཐང་བཙན་གནོན་དེ་མཚམས་འཇོག་བྱེད་པར་ཡིད་ཆེས་བྱེད་ཀྱིན་མེད། དེ་བས། ང་ཚོས་ལས་འགུལ་མཚམས་འཇོག་གི་མིན་ལ། རྒྱ་ནག་གིས་ཨོ་ལིམ་པིག་རྗེས་ནས་སྨྲ་བརྗོད་རང་དབང་དང༌། གསར་འགོད་རང་དབང༌། བཙོན་འཇུག་བཀག་ཉར་བྱ་རྒྱུ་མཚམས་འཇོག་བྱ་རྒྱུའི་རེ་འདུན་མུ་མཐུད་ནས་འདོན་གི་ཡིན ང་ཚོས་རྒྱལ་སྤྱིའི་གསར་འགོད་པ་ཁོ་ན་མ་ཡིན་པར་རྒྱ་ནག་ནང་ཁུལ་གྱི་གསར་འགོད་པ་དག་ལའང་གཅིག་མཚུངས་ཀྱི་ཐོབ་ཐང་འཚོལ་བཞིན་ཡོད། ང་ཚོས་རྒྱལ་སྤྱིའི་སྤྱི་ཚོགས་དང༌། རྒྱལ་ཁབ་སོ་སོའི་དབུ་ཁྲིད་ལ་འབོད་སྐུལ་ཞུས་ཏེ། རྒྱ་ནག་གི་འགྲོ་བ་མིའི་ཡ་ང་བའི་ཐོབ་ཐང་སྐོར་འགྲེལ་བརྗོད་བྱ་རྒྱུ་ཡིན་ཅེས་བརྗོད་ཡོད།

འབྲེལ་ཡོད་གསར་འགྱུར།

Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

༢༠༢༦/༠༩/༡༩
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

༢༠༢༦/༠༩/༡༩
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

༢༠༢༦/༠༩/༡༨
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

༢༠༢༦/༠༩/༡༨
ནང་སྲིད་ལས་ཁུངས་ཀྱི་ལས་སྡོམ་སྙན་སྒྲོན་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

རྩིས་ལོ་ ༢༠༢༥-༢༠༢༦ ནང་རུབ་སྡོད་གཞིས་ཁང་གསར་རྒྱག་ཁྲོད་དེབ་བཀོད་ཟིན་པའི་ཁྱིམ་ཚང་གྲངས་ ༢༠༢༥ བྱུང་འདུག 

༢༠༢༦/༠༩/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese