མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཅིག་གྱུར་ཆེན་པོ་གཉིས།

བོད་ཀྱི་དུས་བབ།
༢༠༠༨/༠༨/༢༡
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་སྤྱིའི་འདོན་ཐེངས་ ༤༢༢ སྟེང་གི་རྩོམ་སྒྲིག་པའི་གཏམ།

བོད་མིའི་མགོ་ཐོག་ལ་ལྷུང་བའི་རྒྱ་ནག་གཅིག་གྱུར་གྱི་སྲིད་བྱུས་ཕན་ནས། ང་ཚོས་གོ་ལ་གཅིག་གྱུར་གྱི་དཀའ་ངལ་ལ་གདོང་ལེན་བྱེད་དགོས། གཅིག་གྱུར་ཆེན་པོ་འདི་གཉིས་ནི་སྔོན་བསག་གི་ལས་དབང་ལྟར་གཡོལ་ས་མེད་ལ། ཞུ་སའང་མེད་པར་ང་ཚོའི་མི་འདོད་པའི་གཞི་དེར་སྨིན་གི་ཡོད། ལྗིད་ཁོག་འདི་གཉིས་ཀྱིས་བོད་དོན་འཐབ་རྩོད་ལ་ཁ་ཕྱོགས་བྲིས་ཤིང་བཟོ་ལྟ་བཏོད་ཀྱི་ཡོད་པའང་ང་ཚོའི་ཁ་ཐོག་མིག་ཐོག་ལ་ཤར་གི་ཡོད།
༧གོང་ས་མཆོག་ནི་གཅིག་གྱུར་ཆེན་པོ་འདི་གཉིས་ཀར་ཞལ་བཞེས་དང་རྒྱབ་སྐྱོར་གནང་མཁན་སྔ་ཤོས་ཀྱི་གྲས་ཡིན། བོད་ཀྱི་ཆབ་སྲིད་ཀྱི་བདག་དབང་དང་རིག་གཞུང་གི་རང་དབང་གང་བརྩད་ཀྱང་མཐའ་མཇུག་བདེན་ཁ་སྟེར་དགོས་སའང་གོང་གི་གཅིག་གྱུར་ཆེན་པོ་འདི་གཉིས་ཡིན། ཉིན་ཤས་སྔོན་༧གོང་ས་མཆོག་གིས་ཨོ་ལིམ་པིག་མཇུག་སྒྲིལ་མ་ཐག་རྒྱ་མིའི་མི་འབོར་ས་ཡ་གཅིག་ལྷག་གང་མགྱོགས་སྒོས་བོད་དུ་གཞིས་སྐྱོད་བྱེད་པའི་ཉེན་ཁ་འདུག་ཅེས་ཧྥ་རན་སི་ནས་གསུངས་ཡོད། ལར་ནས་རྒྱལ་སྤྱིའི་ཆེད་ལས་ཉམས་ཞིབ་པ་ལྟར་ན། ད་ལྟའི་ཆར་འཛམ་གླིང་གི་མི་འབོར་ས་ཡ་ ༢༠༠ ལྷག་སོ་སོའི་ལུང་པ་མིན་པའི་ཡུལ་ལུང་གཞན་དུ་ཡོད་པ་དང་། ཁོང་ཚོའི་ཕལ་ཆེ་བ་ནི་ཡུལ་ལུང་གཞན་དེར་གནས་བཅའ་འདོད་ཡོད་པ་རེད་ཟེར་ལ། འདི་ལས་ལྷག་པའི་གྲངས་འབོར་ཞིག་འགྲོ་ཐུབ་པ་ཡིན་ན་ཡུལ་ལུང་གཞན་ལ་སྙེག་མཁན་ཡིན་ཡང་། འོན་ཀྱང་། ད་ལྟའི་ཆར་འགྲོ་ཐུབ་གི་མེད་པ་རེད་ཟེར། སྣང་ཚུལ་འདི་དག་གིས་མ་འོངས་པ་དེ་ད་ལྟ་ནས་ང་ཚོའི་མིག་མདུན་ལ་འཁྱེར་ཡོང་གི་ཡོད། བོད་མིའི་བདག་དབང་ཤོར་བའི་རྗེས་སུ་གོ་ལ་གཅིག་གྱུར་གྱི་ནུས་ཤུགས་དང་མི་འབོར་གནས་སྤོར་གྱིས་ང་ཚོའི་རིག་གཞུང་རང་སྐྱོང་ལའང་ད་ལྟ་ནས་ལྗིད་ཁོག་དེ་སྤྲོད་ཀྱི་ཡོད།

དབུ་མའི་ལམ་གྱི་སྲིད་བྱུས་ལ་དངོས་ཤུགས་བརྒྱུད་གསུམ་ནས་འགྱུར་བ་ཐེབས་ཡོད་མེད་གང་ལྟར་ཡང་། བོད་དོན་གླེང་མཁན་ཚོས་༧གོང་ས་མཆོག་གིས་ཡོངས་བསྒྲགས་མ་བྱས་པའི་སྔོན་དུ་ཁོང་གི་བོད་དོན་ཐག་གཅོད་ཀྱི་མཐའ་མའི་འབབ་ས་དེ་གླེང་མགོ་བཙུགས་ཡོད། ལར་ནས་ཀྱང་། དབུ་མའི་ལམ་གྱི་སྲིད་བྱུས་ནི་ཆབ་སྲིད་ཀྱི་དཀའ་རྙོག་ཆེན་པོ་ཞིག་ཐག་གཅོད་ཕྱོགས་ཀྱི་སྲིད་བྱུས་ཡིན་ཕྱིན་དེར་མཐའ་མའི་འབབ་ས་ཞིག་དགོས་པ་ནི་སུས་ཀྱང་ཤེས་ཐུབ་པ་ཞིག་ཡིན།

ཉེ་ཆར་ནེའུ་ཡོག་དུས་བབ་ཀྱི་ཆེད་བརྗོད་པ་ནེ་ཁོ་ལ་སི་ཡིས་གསར་ཤོག་དེའི་སྟེང་བོད་དོན་ཐག་གཅོད་ཕྱོགས་ཀྱི་ཆེད་རྩོམ་གཉིས་སྔ་ཕྱི་ལྟར་བཏོན་ཞིང་། བོད་ལ་གལ་ཆེ་བ་ནི་ཆོས་རིག་དང་བོད་མིའི་ཁྱད་ཆོས་རྒྱུན་འཛིན་བྱེད་རྒྱུ་དེ་ཡིན་པ་ལས་ཆབ་སྲིད་མིན་པ་དང་། དམངས་གཙོའང་མི་དགོས་པར་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་བྱ་ཆོག་སྐོར་༧གོང་ས་མཆོག་གིས་གསུངས་ལ། དེ་ནི་༧རྒྱལ་བ་རིིན་པོ་ཆེ་མཆོག་གི་མཐའ་མའི་འབབ་ས་དང་རྒྱ་ནག་གི་མཐའ་མའི་གོ་སྐབས་ཡིན་པར་བཤད། འདིའི་ཐད་བཙན་བྱོལ་བོད་གཞུང་གིས་ནེ་ཁོལ་ལགས་ཀྱིས་གང་བཤད་པ་དེ་དག་ནི་ཁོང་སྒེར་གྱི་བསམ་ཚུལ་ཡིན་པ་ལས་༧གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་གི་ད་ལྟའི་སྲིད་བྱུས་མིན་པར་བཤད། འདི་བོད་གཞུང་གི་ད་ལྟའི་སྲིད་བྱུས་མིན་ཡང་བཀའ་ཁྲི་མཆོག་གིས་དེང་སྐབས་ཤུགས་ཆེར་གླེང་བཞིན་པའང་བོད་ཀྱི་ཆོས་དང་རིག་གཞུང་ཡིན་པ་དང་། བོད་ལ་ཆོལ་གསུམ་ཆིག་སྒྲིལ་གྱི་ཆབ་སྲིད་རང་སྐྱོང་མིན་པའི་རིག་གཞུང་རང་སྐྱོང་ཞིག་གླེང་མྱོང་ཡོད་པ་མིན་ནམ། འདི་ལྟར་ ༡༩༩༠ གོ་གྲངས་ནང་ཐག་བཅད་པའི་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ཐོག་མའི་གོ་དོན་ནི་ལོ་ཤས་སྔོན་ནས་འགྱུར་མགོ་ཚུགས་ཤིང་། བཀའ་ཟུར་རྣམ་པའི་ཐུགས་འཚབ་ཀྱང་རིམ་པས་ཇེ་ཆེར་གྱུར་ཡོད། ད་ནི་དབུ་མའི་ལམ་གྱི་མཐའ་མའི་འབབ་ས་དེར་ཐུག་གི་ཡོད་པ་དང་། ཉིན་ཤས་སྔོན་༧གོང་ས་མཆོག་གིས་ཧྥ་རན་སི་ནས་གསུངས་པ་བཞིན། འཆར་ཟླའི་ནང་གྲོས་ཚོགས་འཚོགས་སྐབས་༧གོང་ས་མཆོག་གིས་བོད་མི་མང་གྲོས་ཚོགས་ལ་ད་ལྟའི་བོད་རྒྱ་འབྲེལ་མོལ་གྱི་ནང་དོན་སྐོར་བཀའ་གནང་སྲིད་པ་ལྟར། བོད་མི་ཚོའི་ངོས་ནས་ཀྱང་འབྱུང་སྲིད་པའི་ཆབ་སྲིད་ཀྱི་ལམ་ཁ་གང་ལའང་གོ་བསྡུར་བྱེད་རྒྱུ་ནི་གནད་དམ་པར་ཐུག་ཡོད་པར་འདོད་དོ།།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 11

  1. ཨ་འབྲུག་དཀོན་མཆོག says:
    ལོ་ 17 སྔོན།

    ང་ནི་གོ་རིམ་གྱི་འགོ་འཛུགས་ས་དང་མཇུག་སྡུད་ས་གཉིས་ཀ་བྱེ་བྲག་ཡིན་པའི་ལྟ་སྟངས་ལ་མོས་མཐུན་ཡོད་མཁན་ཞིག་ཡིན་ལ། བོད་པ་སུ་ཡིན་རུང་བོད་ཀྱི་མ་འོངས་པའི་ཐད་རང་ཉིད་ལ་ལྟ་སྟངས་ཁེར་ཚུགས་ཅན་ཡོད་ཆོག་ལ། ཐབས་ལམ་དང་འཆར་གཞི་བྱེ་བྲག་པ་ཡོད་ཆོག་པའི་ཡིད་ཆེས་བྱེད་ཀྱི་ཡོད། འོན་ཀྱང་མ་མཐའ་ཡང་ང་ཚོ་གནད་དོན་འདི་དག་ལ་བསམ་བློ་གཏོང་ཁུལ་བྱེད་མཁན་ཞིག་ཡིན་པའི་ཆ་ནས་སྐད་ཆ་དྲང་མོ་ཙམ་བཤད་ཐུབ་དགོས་ཀྱི་འདུག རང་ཉིད་དང་བགྲོ་གླེང་གི་ཁོར་ཡུག་གཉིས་ལ་བསམ་བློ་གཏོང་དགོས་ཀྱི་འདུག དྲང་མོ་བཤད་ན་དེང་གི་ཟམ་གདོང་དང་རྒྱ་རི་སོགས་ཀྱིས་༸གོང་ས་མཆོག་གི་དགོངས་གཞི་དང་མི་མཐུན་པ་ཞིག་དང་དབུ་མའི་ལམ་གྱི་སྲིད་བྱུས་དང་མི་མཐུན་པ་ཞིག་བྱེད་ཀྱི་ཡོད་པའི་ངེས་ཤེས་དང་དཔང་རྟགས་གསལ་པོ་ཡོད་ན་གསལ་འདོན་བྱེད་དགོས་པ་རེད། དེ་མིན་ཁོང་ཚོ་ནི་གཞུང་གི་མགྲིན་ཚབ་པ་ཙམ་དང་༸གོང་ས་མཆོག་གི་རྗེས་འཇུག་ཙམ་རེད། དེ་ཙམ་གྱིས་མ་འགྲིག་པ་ཡིན་ན་སྐྱོན་བརྗོད་བྱེད་སྟངས་གཞན་ཞིག་དགོས་ཀྱི་རེད། དེ་བཞིན་དུ་བོད་ཀྱི་གནད་དོན་ལ་བསམ་བློ་གཏོང་སྐབས་བོད་ནང་གི་གནས་སྟངས་དང་ཁོང་ཚོའི་དངོས་ཡོད་ཀྱི་བདེ་སྡུག་གཞི་རྩར་འཛིན་དགོས་པ་རེད། ང་ཚོ་ནི་མ་མཐའ་སྲོག་ཉེན་མེད་ས་ན་ཡོད་པ་རེད། ང་ཚོ་བཙོན་ཁང་གི་ཕྱི་ལོག་ན་ཡོད་པ་རེད། དེའི་ཕྱིར་དཔའ་ཉམས་དང་རང་ཚུགས་ལ་རྒྱ་དང་ཞེ་འཁོན་སོགས་དྲན་ཐུབ་ནི་རེད། འོན་ཀྱང་ང་ཚོ་ལ་འདི་དག་ཡོད་ཙམ་གྱིས་འཛམ་གླིངདང་རྒྱ་ནག་སྒུལ་ཐུབ་ཀྱི་རེད་དམ། བོད་ནང་གི་སྡུག་བསྔལ་སེལ་ཐུབ་ཀྱི་རེད་དམ། ངས་བསམ་ན་སྟོབས་ཤུགས་ཐམས་ཅད་ཀྱི་སྟོབས་ཤུགས་ནི་ཐབས་ཤེས་ཀྱི་སྟོབས་ཤུགས་རེད། གལ་ཏེ་ཁྱེད་ཀྱིས་ཁྱེད་རང་གཅིག་བུའི་མ་འོངས་པར་ཅི་ཞིག་བྱེད་རྒྱུ་ཡིན་མིན་བཤད་བཞིན་ཡོད་ན་དེ་ང་ཚོས་མཉམ་གླེང་བྱེད་དགོས་དོན་མི་འདུག

    Reply
  2. Doko says:
    ལོ་ 17 སྔོན།

    དད་པ་ལྷ་ལ་བྱས་ཀྱང་ལྷ་ཡི་དངོས་གྲུབ་ནི་མ་ཐོབ།།
    ཡིད་ཆེས་གཞུང་ལ་བཅོལ་གྱང་གཞུང་གིས་རང་ཚུགས་དེ་མ་ཐུབ།།
    སེམས་ནད་གྲོགས་ལ་བཤད་ཀྱང་གྲོགས་པོས་སེམས་གཏམ་དེ་མ་ཚོར།།
    སྤྲོ་སྣང་འཚོ་བར་བཅོལ་གྱང་འཚོ་བའི་སྙིང་པོ་དེ་འཕྲོག་སོང་།།

    Reply
  3. Doko says:
    ལོ་ 17 སྔོན།

    བཙན་གྱིས་བསྒྱུར་དུ་མེད་པའི་ཀླད་གྱོང་གི་བུ་ང་།།
    བློ་རིག་དཔའ་རྩལ་དར་བའི་ཕ་བཟང་གི་བུ་ཡིན།།
    ཤི་ཡང་རྒྱ་མི་དམར་པོའི་རྩ་ཁྲིམས་ཀྱི་འོག་ཏུ།།
    སུ་ཡིས་བསྐུལ་ཀྱང་མི་འགྲོ་རང་ཐག་དེ་བཅད་ཡིན།།

    རྩ་ཕྲན་དྲུག་བརྒྱའི་སྦུབས་ན་ལྷོག་ལྷོག་ཏུ་བཞུར་བའི།།
    འབྲི་མོའི་འོ་མའི་བསྐྱེད་པའི་འབྲོག་ཕྲུག་གི་ཁྲག་འདི།།
    འབུ་བཟན་རྒྱ་ཡི་མི་དང་བསྲེས་འདོད་དེ་མེད་པས་།།
    སྡུག་ཀྱང་ས་མཐའ་ཞིག་ནས་འཆི་བ་རང་དགའ་འོ།།

    ཟམ་གདོང་རྒྱ་རི་སོགས་ཀྱིས་རྒྱ་དར་དེ་འཕྱར་ནས་།།
    རྒྱ་ས་པེ་ཅིན་ཕྱོགས་ལ་ནམ་ཞིག་ཏུ་ཕེབས་ཀྱང།།
    བདག་མེད་བུ་ལྡོམ་ང་ལ་ཕྲག་དོག་ནི་མེད་ཀྱང།།
    ཚེ་འདིར་གཞུང་དང་ཕྱི་མའི་མགོན་སྐྱབས་ཀྱང་མི་དགོས།།

    Reply
  4. ཀརྨ་དོན་གྲུབ། says:
    ལོ་ 17 སྔོན།

    མ་གཞི་ནས་རྒྱ་ནག་གཅིག་གྱུར་དང་གོ་ལ་གཅིག་གྱུར་གང་ཡིན་ཡང་། ད་ལྟའི་ཆར་བོད་ཀྱི་ཐོག་ལ་བཙན་ཤོས་དང་མགྱོགས་ཤོས་ནི་དེ་གཉིས་རེད། འདི་གཉིས་ཀར་གདོང་ལེན་བྱེད་དགོས་ན་དེ་ལ་དཔག་པའི་ཐབས་ལམ་ཞིག་འཁྱེར་ཡོང་རྒྱུ་གལ་ཆེན་པོ་རེད། ལོ་རྒྱུས་ནི་ལོ་རྒྱུས་རེད། ལོ་རྒྱུས་ཐོག་ང་ཚོས་རྩྭ་ཟོས་ནས་ཆུ་འཐུང་སྟེ་ཡོང་བ་མ་རེད་ཅེས་སུས་བཤད་ཐུབ། ང་ཚོ་དེ་འདྲ་ཞིག་རེད། གནས་སྟངས་དེ་འདྲ་ཞིག་རྩོད་གི་ཡིན་ནམ། ལོ་རྒྱུས་ཐོག་ང་ཚོས་ཕྱི་བཅོམ་མྱོང་བ་རེད། ནང་དམེ་མྱོང་བ་རེད། ང་ཚོའི་གྲུབ་ཆའང་འདི་རེད། ཁྱོད་ལ་རྒྱུ་མཚན་གཞན་ཡོད་དམ། ལར་ནས་ལོ་རྒྱུས་སྙེག་ནས་ཕྱིར་འགྲོ་མཁན་ཞིག་ཡོད་ན་དེ་ནི་གདོད་མའི་སྤྱི་ཚོགས་ལ་བསླེབ་གི་རེད། དེང་གི་འཛམ་གླིང་སྟེང་སུ་ཡིན་ནའང་ད་ལྟ་རྩོད་གི་རེད། མ་འོངས་བར་རྒྱང་གཟིགས་བྱེད་གི་རེད། ཁོང་ཚོས་ད་ལྟའི་གནས་སྟངས་གླེང་གི་རེད། ད་ལྟའི་དགོས་མཁོ་བཤད་གི་རེད། ད་ལྟ་ཐག་ཆོད་པའི་ཐབས་ལམ་འཚོལ་གི་རེད། ཁག་ཅིག་ལ་ཡར་རྒྱས་ཆེ་བ་དང་བློས་གཏོང་ཆེ་དོན་ཡང་དེར་ཐུག་འདུག་སྙམ། ད་ལྟ་དང་མ་འོངས་པའི་དོན་དག་ཅིག་འདས་ཟིན་པའི་ལོ་རྒྱུས་ལ་གཞིར་བཞག་ནས་རྩོད་པ་ནི་ཨུ་ཚུགས་རེད། ཀླད་གྱོང་རེད། སྔོན་ཆད་ཡིན་ན་སྔོན་ཆད་ཀྱི་དུས་ལ་དཔག་པའི་དགོས་མཁོ་ཡོད་གི་རེད། དཔེར་ན། བོད་པ་ཚོར་སྔོན་མ་བུ་སྤུན་ཅི་ཙམ་མང་ན་དེ་ཙམ་ཞིག་ཁྱིམ་ཚང་དེའི་མགོ་འཕངས་མཐོ་ཞིང་ང་རྒྱལ་ཆེ་བ་དང་། རྒྱ་གར་དུའང་བུ་དང་བུ་མོ་གཉིས་ལ་ཁྱད་ཆེ་བ་བཅས་སྤྱི་ཚོགས་ཀྱི་གཏིང་ལ་ཟུག་བསྡད་པའི་བག་ཆགས་དང་། ཐ་ན་དེ་ཆོས་ལུགས་དང་ཆོ་གའི་ངོ་བོར་གྲུབ་པ་ལྟ་བུ་རེད།
    ཡིན་ནའང་ལོ་རྒྱུས་ནི་གོ་དོན་ངོ་མ་ནི་འགྱུར་རིམ་རེད། འཕེལ་རིམ་རེད། འདི་མགོ་ཚོད་སོང་ན་མ་འོངས་པའི་ལོ་རྒྱུས་ང་ཚོས་ད་དུང་འབྲི་ཆོག་གི་རེད། དུས་རབས་དང་མཐུན་པ། མི་རིགས་འདིའི་བདེ་དོན་དང་འཚམས་པ། ད་དུང་འཛམ་གླིང་གི་འགྲོ་བ་མིའི་རིགས་གཞན་པ་ལའང་འགན་ཁུར་ཡོད་པ་ཞིག་གི་ཐོག་ནས་བསམ་དགོས་པ་རེད་སྙམ། ངས་ང་རང་གི་རྒྱལ་བ་རིན་པོ་ཆེ་མ་གཏོགས་འདི་ལྟའི་བསམ་བློ་གཏོང་མཁན་ཞིག་ད་ལྟའི་ཆར་མཐོང་མ་སོང་། གྲོགས་པོ། བློ་ཕམ་ནས་མ་འདུག བསམ་བློ་ཡག་པོ་ཞིག་ཐོངས།

    Reply
  5. Doko says:
    ལོ་ 17 སྔོན།

    གས་ཆགས་ཏུ་བཏང་བའི་སྙིང་ནད་པ་འདི་དང་། ཐོར་ཞིག་ཏུ་སོང་བའི་ངའི་ཀླད་ཞོ་རྙོག་མ་འདིས་མི་རིགས་ཀྱི་ལ་རྒྱ་འཛིན་རྒྱུའི་ནུས་པ་ཤོར་ཚར་བས་ད་ནས་གང་ཡང་གླེང་འདོད་མེད། འོན་ཀྱང་བཤད་འདོད་པ་ཞིག་ལ། ང་སྲོག་ལ་ཐུག་ཀྱང་རྒྱ་ནག་གི་རྩ་ཁྲིམས་འོག་སླར་ཡང་ལོག་མི་སྲིད།
    ཟམ་གདོང་དང་རྒྱ་རི་སོགས་ལ་རྒྱ་ནག་གི་རྩ་ཁྲིམས་ནང་ཡོད་པ་དེ་དང་རིག་གཞུང་རང་སྐྱོང་གཉིས་ཐོབ་ནས་ཕ་ཡུལ་དུ་ལོག་འགྲོ་དུས། ངས་ཕྱི་རྒྱལ་གྱི་སྲང་མདོ་ཞིག་ནས་ལྟད་མོ་ལྟ་ཆོག

    Reply
  6. ཨ་འབྲུག་དཀོན་མཆོག says:
    ལོ་ 17 སྔོན།

    དེ་རིང་ཁྱེད་ཀྱི་ཡིད་ཆེས་དང་སྤོབས་པ། དད་པ་དང་སེམས་ཀྱི་བདེ་སྐྱིད་བཅས་མཉམ་གཅིག་ཏུ་བརླག་འདུག་ཅིང༌། མ་འོངས་པའི་མི་ཚེ་ལ་སེམས་འཁྲལ་དང་སྐྱོ་སྣང་གིས་ཁེངས་ནས་འགྱེལ་བསྡད་ཡོད་པ་འདྲ། འོན་ཀྱང་རིགས་ཀྱི་གནད་དོན་དང་རང་གི་མི་ཚེ་མཉམ་སྦྱོར་གྱིས་བསམ་གཞིགས་བྱེད་སྟངས་དང་བསམ་གཞིགས་བྱེད་མཁན་གཉིས་ལ་ང་རང་དགའ་བོ་ཡོད། ཡར་ལོངས་དང་ཁ་བརྡ་བྱེད།

    Reply
  7. Doko says:
    ལོ་ 17 སྔོན།

    དེ་རིང་གི་ཉི་མ་མ་ཤར་བར་དུ་ང་ལ་དད་པ་བྱེད་ས་དང་ཡིད་ཆེས་བྱེད་ས། མགོན་སྐྱབས་བཅོལ་ས་དང་སྐྱིད་སྡུག་བཤད་སའི་མགོན་སྐྱབས་སྲིད་ན་འགྲན་ཟླ་བྲལ་ཞིག་ཡོད་བསམ་ནས་སྤོབས་པ་རི་འདྲ་དང་ཡིད་ཆེས་མཚོ་ལས་ཟབ་པ་ཡོད། ད་ཇི་ལྟར་མི་ཚེ་བསྐྱལ་དགོས་སམ། རྨོངས་དད་ཀྱིས་གང་ཡང་མི་ཕན། སེམས་པ་མི་བདེ་བ་ཆགས་འདུག་པས་འདི་ལྷག་འབྲི་མི་ཐུབ་པ་ཆགས་་་་་་་་་་་་་་་་་་་་་་་་

    Reply
  8. ཨ་འབྲུག་དཀོན་མཆོག says:
    ལོ་ 17 སྔོན།

    སྐུ་ཞབས་་ Doko ལགས། སེམས་ཁུར་བྱས་པ་བཟང་བ་བཞིན་སེམས་ཁུར་བྱེད་སྟངས་ཀྱང་བཟང་དགོས་པ་རེད། མ་གཞི་སྲོག་ཐར་སོང་ས་ཞིག་ནས་མགོ་ལྷག་འགྲོ་བའི་སེམས་ཁྲལ་བྱེད་པ་དེ་སྤྱང་རྟགས་དང་གླེན་རྟགས་གང་ཡིན་མི་ཤེས། ངས་ནི་ལོ་རྒྱུས་ཀྱི་དབང་གིས་གཅིག་གྱུར་བྱེད་ཐབས་མེད་ཀྱང་ད་གནས་ཀྱི་དབང་གིས་ཐ་དད་ཀྱང་བྱེད་དཀའ་བའི་རང་རེའི་དངོས་ཡོད་ཀྱི་གནས་བབ་འདིའི་འོག་ན་༸གོང་ས་མཆོག་གི་ཐབས་ཤེས་དང་འབད་བརྩོན་ལས་ལྷག་པའི་ཐབས་ལམ་གཞན་ཞིག་མཐོང་གི་མི་འདུག་ལ། མ་མཐའ་ཡང་བོད་མི་ཞིག་ཡིན་པའི་ཆ་ནས་ཁོང་ལ་ལེ་བརྡ་བྱེད་པ་དེ་འོས་འཚམས་མིན་པ་ཞིག་ཏུ་མཐོང་གི་ཡོད། དེ་ལས་ཀྱང་གལ་ཆེ་བ་ཞིག་ལ་ང་ཚོས་གནད་དོན་འདི་དག་གླེང་དུས་ང་ཚོ་དང་ཁ་གཏད་བར་གྱི་འགལ་འབྲེལ་ཆ་ཚང་བློ་ཡུལ་དུ་བྱེད་པ་དང་། གནད་དོན་གསར་པ་ཞིག་བཟོ་བའི་ཐབས་ཤེས་ལས་ཀྱང་གནད་དོན་རྙིང་པ་དག་སེལ་བའི་ཕྱོགས་སུ་བསམ་དགོས་པར་འདོད་ཀྱི་ཡོད། བསམ་ཚུལ་བརྗེ་རེས་བྱེད་བསམ་ན་ལངས་ཕྱོགས་གསལ་སྟོན་བྱེད་རྒྱུ་ནི་རྩ་བའི་ཆ་རྐྱེན་རེད།

    Reply
  9. Doko says:
    ལོ་ 17 སྔོན།

    ད་གསུངས་རྒྱུ་རིག་གཞུང་རང་སྐྱོང་ཟེར་བ་དང་། རྩོད་རྒྱུ་རྒྱ་ནག་གི་རྩ་ཁྲིམས་ནང་ཡོད་པ་ཞེས་པ་ཞིག་ལས། ཆོལ་གསུམ་གཅིག་ཏུ་སྒྲིལ་བ་ཞེས་ཚིག་ཆེན་པོ་དེ་འདྲ་གསུངས་རྒྱུའི་བློ་ཁོག་མེད་པ་ཆགས་པ་འདྲ་བོ་འདུག བོད་རྒྱ་ནག་དང་ཁ་བྲལ་བྱེད་དགོས་ཤེར་མི་ཕོད་པ་གང་ཡིན་ནམ། དད་་ཡུལ་ལ་འགྱུར་ལྡོག་མང་བ་དེ་ཚོད་ཀྱིས་དད་མཁན་གྱི་དད་པའང་འགྱུར་བ་ཡོང་སྲིད་པ་ཞིག་རེད།

    Reply
  10. ཟླ་བ་ཚེ་རིང་། says:
    ལོ་ 17 སྔོན།

    སྔ་ཕྱི་མ་གཏོགས་དབུ་མའི་ལམ་ལ་འགྱུར་བ་འགྲོ་གཏན་འཁེལ་ཚར་བ་རེད། སྔོན་མ་༧གོང་ས་མཆོག་རང་བཙན་ནས་དབུ་མའི་ལམ་ལ་འབབ་སྐབས་ལྟར་གློ་བུར་དུའམ་དུས་ཚོད་ཐུང་ཐུང་ཞིག་གི་ནང་གསུང་བདེ་བོ་མེད་པ་འདྲ། གྲོས་ཚོགས་སྐབས་ཏན་ཏན་སྐད་ཆ་ཞིག་ཡོང་གི་རེད་ལ། མགྱོགས་ན་ལོ་རྗེས་མའི་གསུམ་བཅུ་དུས་དྲན་སྐབས་༧གོང་ས་མཆོག་གིས་གསུང་འཕྲིན་གནང་གི་རེད། འོན་ཀྱང་ང་རང་ཞེད་ས་ནི་མར་འབབ་སྟངས་ཐད་ཡིན། སྔོན་མ་རང་བཙན་ནས་དབུ་མའི་ལམ་ལ་འབབ་སྐབས་མང་མོས་འོས་བསྡུ་བྱས་ཡོད། རྩ་བའི་དེ་འོས་བསྡུ་དོན་མཐུན་ཞིག་ཡིན་མིན་ལ་དོགས་པ་ཡོད་ནའང་མིང་ཙང་བཟུང་ཡོད། ད་ཐེངས་བཀའ་ཤག་དང་སྐུ་སྒེར་གྱིས་འགྲེལ་བཤད་རྒྱག་སྟངས་ལ་བལྟས་ན་སྔོན་མ་ནང་བཞིན་བརྒྱུད་རིམ་མེད་པར་ཐད་ཀར་འབབ་ཐབས་བྱེད་བཞིན་པ་དེ་རེད།

    Reply
  11. ཨ་འབྲུག་དཀོན་མཆོག says:
    ལོ་ 17 སྔོན།

    ༸གོང་ས་མཆོག་གིས་བོད་ཀྱི་གནད་དོན་འདི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་ལྡོག་ཆེན་པོ་ཞིག་གི་འོག་ནས་བྱུང་བ་དང་འདི་ཉིད་ཐག་གཅོད་ཀྱང་རྒྱལ་སྤྱིའི་ཆབ་སྲིད་འགྱུར་འགྲོས་ཀྱི་རྒྱབ་ལྗོངས་དང་མཐུན་པར་བྱེད་དགོས་པ་དེ་དུས་རབས་སྔོན་མའི་དུས་དཀྱིལ་ནས་དཔྱོད་དཔག་གིས་ལམ་སྟོན་དང་འཆར་སྣང་གི་དགོངས་ཚུལ་བཏོན་ཡོད་ལ། རྒྱང་བཀྱེད་ནས་བལྟས་ན་དབུ་མའི་ལམ་གྱི་སྲིད་བྱུས་ལ་དེ་ལྟ་བུའི་དུས་རབས་ཀྱི་རྒྱབ་ལྗོངས་ཡོད་པ་རེད། འོན་ཀྱང་༸གོང་ས་མཆོག་གིས་དགོངས་པ་བཞེས་ཕྱོགས་དང་དབུ་མའི་ལམ་གྱི་སྲིད་བྱུས་རང་སྟེང་ནས་བཤད་ན་དེའི་ཆེ་བ་རྒྱས་བཤད་བྱེད་རྒྱུ་ལས་ཀྱང༌། དེ་ཉིད་འགལ་ཟླ་འདུམ་འགྲིག་གི་ལམ་ནས་སེལ་ཐུབ་པའི་ལག་ལེན་གྱི་རང་བཞིན་ལྡན་པའི་ཐོག་མའི་ཡིད་ཆེས་དེ་མངོན་གྱུར་ཡོང་ཐབས་ལ་འབད་པ་བྱས་ཡོད་པ་རེད། དབུ་མའི་ལམ་གྱི་སྲིད་བྱུས་དེ་རྒྱལ་སྤྱིའི་འགལ་རྩོད་སེལ་ཕྱོགས་ཀྱི་༸གོང་ས་མཆོག་གི་སྤྱིར་བཏང་གི་དགོངས་པ་ལས་བྱུང་ཡང་ཆེད་དམིགས་ཀྱི་ཆ་ནས་དེ་ཉིད་བོད་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཐབས་ལམ་ཞིག་ཡིན་ལ། སྲིད་བྱུས་འདི་༸གོང་ས་མཆོག་གི་དགོངས་གཞི་ཙམ་ལས་བོད་གཞུང་གི་ཁྲིམས་ཐོག་ནས་གཏན་འབེབས་བྱས་པའི་སྲིད་བྱུས་ཤིག་ཏུ་མ་གྱུར་བའི་ཡར་སྔོན་དེར་༸གོང་ས་མཆོག་གིས་བོད་ཀྱི་རྩ་དོན་ནི་བོད་མི་ས་ཡ་དྲུག་གི་བདེ་སྐྱིད་ཀྱི་ཆེད་ཡིན་ཞེས་བོད་ཀྱི་རྩ་དོན་དེ་བོད་མིའི་བདེ་སྐྱིད་ཀྱི་ཆེད་ཅེས་པར་ངོས་འཛིན་གནང་མྱོང་ཡོད། ཉེ་བའི་ཆར་༸གོང་ས་མཆོག་གིས་བོད་མིའི་སྡུག་བསྔལ་སེལ་ཆེད་ཅེས་པའི་ཚིག་འདི་བེད་སྤྱོད་གནང་གི་འདུག་ཅིང༌། དམིགས་བསལ་སྐུ་ཚབས་རྒྱ་རི་བློ་གྲོས་རྒྱལ་མཚན་ལ་༸གོང་ས་མཆོག་གིས་བཀའ་མངགས་ནན་པོ་བྱས་པའི་སྙིང་དོན་ཡང་བོད་མིའི་སྡུག་བསྔལ་སེལ་བའི་ཆེད་དུ་ཐབས་ཤེས་ག་རེ་ཡིན་ནའང་བྱེད་དགོས་ཞེས་པ་དེ་རེད། ༸གོང་ས་མཆོག་གིས་བོད་མིའི་བདེ་སྐྱིད་ཀྱི་ཆེད་ཅེས་པ་ནས་འགོ་བརྩམས་ཏེ་བོད་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཐབས་ལམ་དང་ཇུས་གཞི་གསལ་འདོན་གནང་བའི་གནས་ཚུལ་དེ་དཔེ་མཚོན་དུ་བཞག་ནས་ད་ལྟ་བོད་མིའི་སྡུག་བསྔལ་སེལ་ཆེད་དུ་ཐབས་ཤེས་ག་རེ་ཡིན་ནའང་བྱེད་དགོས་ཞེས་པ་དེ་ཁོང་གི་དགོངས་པ་དང་ཐབས་ཇུས་ལ་རྩ་བའི་ཆ་ནས་འགྱུར་ལྡོག་ཅིག་འགྲོ་བཞིན་པ་དང༌། བདེ་སྐྱིད་བསྒྲུབ་ཆེད་དང་སྡུག་བསྔལ་སེལ་ཆེད་དུ་ཞེས་པ་གཉིས་ལ་ཁྱད་པར་ཆེན་པོ་ཞིག་ཡོད་པ་ཡང་ངས་ངོས་འཛིན་བྱེད་ཀྱི་མེད། ཡིན་ནའང་བོད་མི་རིགས་འདི་གསོན་གནས་ཡོང་བ་ལ་ཕན་པའི་ཆེས་མཐའ་མཇུག་གི་གོ་སྐབས་ཀྱི་ཆེད་དུ་ཁོང་གིས་ག་རེ་ཡིན་ནའང་གནང་གི་རེད། ཁོང་ནི་ཐབས་ཤེས་དང་གདམ་ག་གཅིག་གིས་ནུས་པ་མ་ཐོན་པ་མངོན་གསལ་དུ་གྱུར་རུང་རང་ཉིད་ཀྱི་ལ་རྒྱ་སྲུང་སྐྱོབས་ཀྱི་ཆེད་དུ་གདམ་ག་གསར་བ་དང་ལེན་བྱེད་མི་ནུས་མཁན་དེ་འདྲ་གཏན་ནས་མ་རེད། དེང་སང་གི་བོད་ཀྱི་གནས་བབ་ལ་བསམ་ན་ང་ཚོས་ལ་རྒྱ་ལས་ཀྱང་དོན་དངོས་ལ་མཐོང་ཆེན་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་རེད། དོན་དམ་པའི་ང་ཚོ་ལ་ལ་རྒྱ་ཞིག་ཡོད་ན་ང་ཚོའི་གཞན་དང་གཞན་ལ་ངོ་རྒོལ་བྱེད་རྒྱུ་ལས་ཀྱང་རང་དང་རང་རིགས་དར་སྤེལ་གཏོང་བའི་གོ་སྐབས་དང་ཐབས་ལམ་ལ་བསམ་བློ་གཏོང་རན་རེད། ང་ཚོའི་རང་གི་རིགས་ལ་རུས་གཏིང་ནས་ཞེན་པ་ཡོད་པ་དེ་ཉིད་ང་ཚོར་གདུག་རྩུབ་ཀྱིས་མནར་གཅོད་དང་བཙན་གནོན་བྱེད་མཁན་ལ་མི་དགའ་བའི་རྒྱུ་མཚན་གྱིས་མིན་པར་རང་དང་རང་རིགས་ལ་དུང་ཞེན་ཡོད་པའི་རྒྱུ་མཚན་གྱིས་ཡིན་པ་དེ་ཡང་ཤེས་དགོས་ཀྱི་འདུག མཚམས་མཚམས་སུ་ང་ཚོ་ཡང་བཙན་གནོད་བྱེད་མཁན་དག་དང་འདྲ་བར་ཚོར་སྣང་གི་ཤུགས་ཀྱིས་རྣམ་དཔྱོད་ཉམས་བཞིན་པའི་རྣམ་འགྱུར་ཅན་དུ་འགྱུར་བཞིན་འདུག ངས་སྐད་ཆ་ཆེན་པོ་བཤད་གི་མ་བསམ་རོགས། འོན་ཀྱང་ལྷོད་ལ་བབ་ཏེ་བསམ་གཞིགས་བྱེད་སྐབས་ང་ཚོའི་འཐབ་རྩོད་ནི་རང་ཉིད་ཀྱི་ཐོབ་ཐང་བསྐྱར་གསོ་དང་འོས་འགན་ལེགས་བསྒྲུབ་ཀྱི་གོ་སྐབས་ཀྱི་ཆེད་ཡིན་པ་ལས་གང་ཞིག་རྩ་རྫོགས་དང་སུ་ཞིག་ལ་ཁ་གཏད་ཀྱི་ཆེད་དུ་མ་རེད། འདི་༸གོང་ས་མཆོག་གི་དགོངས་པ་རེད། ང་ཚོའི་རྩ་དོན་རེད། དེ་བཞིན་དུ་དབུ་མའི་ལམ་གྱི་སྲིད་བྱུས་ནི་བོད་དོན་ཐག་གཅོད་བྱེད་པའི་ཐབས་ལམ་ཡིན་པའི་ཆ་ནས་འདི་ལ་གོ་རིམ་ཞིག་ངེས་པར་དུ་དགོས་ཀྱི་རེད། ཚོད་ལྟ་ཞིག་ཀྱང་དགོས་ཀྱི་རེད། ཚོད་ལྟ་དང་གོ་རིམ་དེ་དག་གི་བརྒྱུད་རིམ་ནང་ང་ཚོ་ལ་ངང་རྒྱུད་རིང་པོའི་གཤིས་ཀ་ཞིག་ངེས་པར་དུ་དགོས་ཀྱི་རེད་ལ། བོད་མི་རིགས་ཀྱི་མཐའ་མཇུག་གི་ཚེ་སྲོག་ལ་ཐུག་པའི་གནད་འགག་གི་དུས་སྐབས་ཤིག་ཡིན་པའི་ཆ་ནས་ང་ཚོས་གནད་དོན་འདི་ཚོར་སྣང་གི་དབང་དུ་གཏོང་གཏན་ནས་ཉན་གྱི་མ་རེད། ཆབ་སྲིད་ཀྱི་དབུ་ཁྲིད་ལ་ཆོར་སྣང་དང་རྣམ་དཔྱོད་དོ་སྙོམས་པོ་དགོས་པར་བཤད་དེ་སྤྱི་ཡོངས་ནས་བཤད་ན་བདེན་མོད་ཀྱི་རྨས་སྐྱོན་ཐེབས་པའི་མི་རིགས་ཤིག་གི་ཚེ་སྲོག་སྐྱོབས་པའི་མཐའ་མའི་དམག་འཐབ་ལ་ཞུགས་པའི་དུས་སྐབས་ཤིག་ལ་ཚོར་སྣང་ལས་ཀྱང་རྣམ་དཔྱོད་གལ་ཆེ་བ་མ་རེད་དམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese