མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ས་ཡོམ་གཤེད་མ།

བོད་ཀྱི་དུས་བབ།
༢༠༠༨/༠༩/༠༡
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཚེས་ ༣༠ ཉིན་སི་ཁྲོན་ལ་ཡང་བསྐྱར་ཤུགས་ཚད་ ༦་༡ ཅན་གྱི་ས་ཡོམ་ཞིག་བརྒྱབས་ཏེ་མི་ ༣༢ བསད་ཡོད་པ་དང་། ཁྱིམ་ཚང་ ༢༥༨༠༠༠ གཏོར་སྐྱོན་ཐེབས་ཡོད་འདུག

རྒྱ་ནག་གི་ཞིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བ་ལྟར་ན། ས་ཡོམ་དེ་སི་ཁྲོན་ནས་མགོ་བཙུགས་ཏེ། གཞུང་ལམ་དང་ཟམ་པ། ཆུ་མཛོད། སློབ་གྲྭ་བརྒྱ་ཕྲག་ལྷག་ལ་གཏོར་སྐྱོན་བཏང་ཡོད་འདུག མི་གྲངས་ ༤༠༠༠༠ སི་ཁྲོན་དང་ཡུན་ནན་ཞིང་ཆེན་ནས་ས་ཁུལ་གཞན་དུ་ཉེན་གཡོལ་ལ་ཕྱིན་ཡོད་འདུག མི་གྲངས་ ༢༣༠ ལ་རྨས་སྐྱོན་ཕོག་ཡོད་ཚུལ་བརྗོད་ཡོད་པ་རེད།

ཕྱི་ཚེས་ ༣༠ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༤།༣༠ ཐོག་ས་ཡོམ་བརྒྱབས་ཡོད་པ་དང་། དེའི་རྗེས་ནས་ཆ་ཡོམ་ཆུང་ཆུང་ཐེངས་བརྒྱ་ཕྲག་ལ་སླེབས་ཡོད་ཚུལ་འདུག གཟའ་སྤེན་པའི་ས་ཡོམ་གྱི་རྗེས་ནས་ཡོང་བའི་ས་ཡོམ་ཤུགས་ཆེ་ཤོས་ནི་གཟའ་ཉི་མའི་ཉིན་རྒྱབ་ཀྱི་ས་ཡོམ་ཡིན་པ་དང་། དེའི་ཤུགས་ཚད་ནི་ ༥་༡ ཡིན་པ་རེད། ཡིན་ནའང་འདིའི་སྐབས་མི་བསད་རྨས་བྱུང་ཡོད་མེད་དང་། གཏོར་སྐྱོན་ཅི་བྱུང་ཡོད་མེད་གསལ་བོ་ཤེས་མེད་ཚུལ་ཞིན་ཧྭ་གསར་འགྱུར་ཁང་གིས་སྤེལ་ཡོད་པ་རེད།

གཞན་ཡང་། སི་ཁྲོན་ལྷོ་བརྒྱུད་དུ་འབྲེལ་མཐུད་ཀྱི་ཆ་རྐྱེན་ཞན་པའི་དབང་གིས་གཟ་མཇུག་དེའི་ས་ཡོམ་གྱི་སྐབས་གཏོར་སྐྱོན་ཅི་ཙམ་བཏང་ཡོད་པ་དང་མི་ཅི་ཙམ་བསད་ཡོད་མེད་གསར་འགོད་པ་དང་གཞུང་ངོས་ནས་ཤེས་ཐབས་བྲལ་སོང་ཟེར།

སི་ཁྲོན་ནི་རྒྱ་ནག་གི་ཞིང་ཆེན་ཆེ་ཤོས་ཤིག་ཡིན་ལ། སི་ཁྲོན་དམ་ཡུན་ནན་གཉིས་ནི་གྲངས་ཉུང་མི་རིགས་ས་ཡ་མང་པོ་ཞིག་གི་ཕ་ཡུལ་ཡིན་པ་རེད།

རྒྱ་གཞུང་གིས་བཤད་པ་ལྟར་ན། གཟའ་སྤེན་པའི་ས་ཡོམ་སྐབས་པན་ཀྲི་ཧྭ་ས་ཁུལ་གཅིག་པུ་ནས་མི་གྲངས་ ༧༠༠༠༠ ལ་ཤུགས་རྐྱེན་སླེབས་ཡོད་པ་དང་། སི་ཁྲོན་གྱི་ས་ཁུལ་གཅིག་ཏུ་སློབ་གྲྭའི་ཁང་བརྩེགས་ ༦༦༠ འགྱེལ་ཡོད་ཚུལ་འདུག

ས་ཡོམ་དེ་བྱང་ཕྱོགས་སུ་སི་ཁྲོན་གྱི་རྒྱལ་ས་ཁྲིན་ཏུའུ་བར་དང་། ལྷོ་ཕྱོགས་སུ་ཡུན་ནན་གྱི་རྒྱལ་ས་ཁུན་མིན་བར་དུ་བརྒྱབས་ཡོད་པ་རེད།

འདས་པའི་བདུན་ཕྲག་ནང་བོད་ས་ཁུལ་དུའང་ས་ཡོམ་བརྒྱབས་ཡོད་པ་དང་། བོད་རང་སྐྱོང་ལྗོངས་ཁོངས་ཀྱི་གྲོང་པ་རྫོང་དུ་རིམ་པ་ ༨ ཅན་གྱི་ས་ཡོམ་བརྒྱབས་ཏེ་ཁང་ཁྱིམ་ ༦༢༢ གཏོར་ཡོད་པ་དང་། སློབ་གྲྭ་ ༥༤ གཏོར་ཡོད་འདུག མི་གྲངས་ ༧༦༠༠ ལ་ཤུགས་རྐྱེན་སླེབས་ཡོད་པ་རེད། ས་གནས་གཞུང་གིས་ས་ཡོམ་གྱི་ཤུགས་རྐྱེན་སླེབས་མཁན་ཚོར་རྒྱ་སྒོར་ས་ཡ་ ༣ སྟེ། ཨ་སྒོར་ ༤༤༠༠༠༠ ཟས་གོས་ཀྱི་ཆེད་དུ་སྤྲད་ཡོད་པ་དང་། མི་དེ་དག་གི་ཆེད་དུ་གུར་ ༤༠༠ དང་ཉལ་ཆས་ ༣༥༠༠ རག་ཡོད་ཚུལ་འདུག

མི་ ༢༠༠༠ ལྷག་ཉེན་གཡོལ་དུ་འགྲོ་དགོས་བྱུང་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

རྒྱ་གར་བོད་དོན་རྒྱབ་སྐྱོར་བའི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་ཁུལ་དུ་གཟིགས་སྐོར་གནང་བཞིན་འདུག

ཆུ་ཚོད་ ༡༡ སྔོན་ལ།
སྤྱི་འཐུས་ཉི་ཤུ་ལྷག་གཞི་རིམ་མི་མང་གི་ལས་འགུལ་སྤེལ་སར་ཕེབས། བོད་ཀྱི་དུས་བབ་ཀྱི་པར།  ༢༠༢༣། ༠༩། ༢༢
Mobile App

དེ་རིང་ཉིན་གང་བོར་གྲོས་ཚོགས་འཚོགས་ཐུབ་མ་སོང་།  

ཆུ་ཚོད་ ༡༢ སྔོན་ལ།
Mobile App

ཨ་རིའི་རི་འཛེགས་པ་གཉིས་བོད་ནང་འགྲོ་བསྐྱོད་བཀག་འགོག་བྱས་འདུག

ཆུ་ཚོད་ ༡༣ སྔོན་ལ།
དཔལ་ལྡན་དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

ཟླ་རྗེས་མ་ནས་༧གོང་ས་མཆོག་གིས་མཛད་འཕྲིན་གང་མང་ཞིག་བསྐྱང་འཆར་འདུག

ཆུ་ཚོད་ ༡༦ སྔོན་ལ།
ནེའུ་ཡོག་གྲོང་ཁྱེར་ནང་རྒྱ་ནག་གི་སྲིད་འཛིན་གཞོན་པར་ངོ་རྒོལ་ལས་འགུལ། པར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་དྲ་བ་ནས་བླངས།
Mobile App

རྒྱ་ནག་གི་སྲིད་འཛིན་གཞོན་པར་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༣/༠༩/༢༡
༧གོང་ས་མཆོག་གིས་མཁན་པོ་མཁྱེན་རབ་བསྟན་འཛིན་མཆོག་གི་སློབ་མ་དང་དད་ལྡན་པ་ཁག་ཅིག་ལ་མཇལ་ཁ་དང་བཀའ་སློབ་བསྩལ། པར་དགའ་ལྡན་ཕོ་བྲང་གི་བརྙན་ལས་བླངས།
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་བོད་པའི་གཞོན་སྐྱེས་ཚོས་ནང་པའི་ལྟ་གྲུབ་ལ་སློབ་སྦྱོང་བྱ་རྒྱུ་གལ་ཆེན་ཡིན་སྐོར་བཀའ་སློབ་བསྩལ།

༢༠༢༣/༠༩/༢༠

མཆན། 1

  1. ཀརྨ་དོན་གྲུབ། says:
    ལོ་ 15 སྔོན།

    སྙིང་རྗེ། མ་རྒན་འདིའི་སྡུག་བསྔལ་ངས་ཚོར་ཐུབ་གི་འདུག ངོ་མ་སེམས་སྐྱོ་བ་ཞིག་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist