མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གིས་ “བོད་ཞི་བའི་བཅིངས་འགྲོལ་” ཞེས་པའི་ལོ་ངོ་ ༧༥ འཁོར་བའི་དུས་དྲན་ལ་དགག་ལན་དང་ཐ་སྙད་དབྱེ་ཞིབ།

བོད་ཀྱི་དུས་བབ།
༢༠༢༦/༠༥/༢༣
Share on FacebookShare on TwitterShare on EmailShare on Whatsapp

རྩོམ་པ་པོ། རྒྱལ་མཚན་ཆོས་གྲགས། གསར་འགོད་པ།

རྩོམ་ཁུངས། བོད་ཀྱི་དུས་བབ།

དེ་རིང་ནི། ཕྱི་ལོ་ ༡༩༥༡ ལོའི་ཟླ་ ༥ ཚེས་ ༢༣ ཉིན། རྒྱ་ནག་གཞུང་གིས་བོད་ཀྱི་སྐུ་ཚབ་ཚོགས་པར་བཙན་ཤེད་བྱས་ཏེ་ “དོན་ཚན་བཅུ་བདུན་” ལ་མིང་རྟགས་བཀོད་དུ་བཅུག་པ་ནས་ལོ་ངོ་ ༧༥ འཁོར་བའི་དུས་དྲན་གྱི་ཉིན་མོ་རེད། པེ་ཅིང་གཞུང་གིས་འདི་ལ་ “བོད་ཞི་བའི་བཅིངས་འགྲོལ་” ཞེས་མིང་བཏགས་ཏེ་དགའ་སྟོན་ཟབ་རྒྱས་ཤིག་གོ་སྒྲིག་བྱེད་ཀྱིན་ཡོད་ནའང་། བོད་མིའི་ལོ་རྒྱུས་ཀྱི་ངོས་ནས་བལྟས་ན། འདི་ནི་ “ཞི་བའི་བཅིངས་འགྲོལ་” མ་ཡིན་པར། དྲག་པོའི་དམག་གིས་བཙན་འཛུལ་བྱས་ཏེ་བོད་ཀྱི་རང་དབང་བཅོམ་པའི་ལོ་རྒྱུས་ཀྱི་སྐྱོ་གར་ཞིག་རེད།

ལོ་ངོ་ ༧༦ རྗེས་ཀྱི་དེ་རིང་གི་ཉིན་མོ་འདིར། བོད་པའི་སྤྱི་ཚོགས་དང་གསར་འགྱུར་བརྒྱུད་ལམ་ཁག་གིས། རྒྱ་ནག་གི་དྲིལ་བསྒྲགས་རྫུན་མར་ལོ་རྒྱུས་ཀྱི་དཔང་རྟགས་དང་ཁྲིམས་ལུགས་ཀྱི་གནད་འགག་བརྒྱུད་ནས་འགག་ལན་ནུས་ལྡན་ཞིག་སྤྲོད་དགོས་པ་ནི་ལོ་རྒྱུས་ཀྱི་འགན་འཁྲི་ཞིག་ཆགས་ཡོད།

རྒྱ་ནག་གིས་ “བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ཡིན་པས། ཞི་བས་བཅིངས་འགྲོལ་བཏང་བ་ཡིན་” ཞེས་བཤད་པའི་གཏམ་རྫུན་དེ། བདེན་པའི་ལོ་རྒྱུས་དང་། ལྷག་པར་དུ་སྐབས་དེའི་ཐ་སྙད་ཀྱི་གནད་འགག་དག་བཀྲལ་ནས་མཐར་སྐྲོད་གཏོང་དགོས། རྒྱ་ནག་གིས་ “བོད་ས་གནས་སྲིད་གཞུང་” ཞེས་པའི་ཐ་སྙད་བཟོས་ཏེ་བོད་འདི་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པར་སྒྲུབ་ཀྱིན་ཡོད་ནའང་། དངོས་ཡོད་ལོ་རྒྱུས་ཀྱི་ངོས་ནས་ ༡༩༥༡ གོང་གི་བོད་ནི་རང་བཙན་གྱི་གནས་བབ་ཡོད་པའི་ “བོད་གཞུང་” ཞིག་ཡིན་པ་ལས། རྒྱ་ནག་གི་ས་གནས་ཤིག་རྩ་བ་ནས་མ་ཡིན།

རྒྱ་ནག་གཞུང་གིས་ལོ་ངོ་ ༧༥ རིང་བསྒྲགས་པའི་ “ཞི་བའི་བཅིངས་འགྲོལ་” ཞེས་པའི་ཚིག་འདི་ནི། ཁྲག་གི་ལོ་རྒྱུས་ལ་ཕྱིས་བདར་བྱེད་པའི་རྫུན་ཚིག་ཅིག་རེད། ཕྱི་ལོ་ ༡༩༥༠ ལོའི་ཟླ་ ༡༠ ཚེས་ ༦ ཉིན།རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གིས་བོད་ཀྱི་ཤར་ཕྱོགས་ཆབ་མདོར་བཙན་འཛུལ་བྱས་ཏེ་དམག་འཐབ་བསླངས། སྐབས་དེར་བོད་གཞུང་གི་རྒྱལ་སྲུང་དམག་དཔུང་ཉམ་ཆུང་ཡིན་པས། ཉིན་ ༡༨ཀྱི་དམག་འཐབ་ནང་བོད་དམག་ ༥༧༠༠ ལྷག་བསད་རྨས་བྱུང་བ་དང་། ༡༩༥༠ ལོའི་ཟླ་ ༡༠ ཚེས་ ༡༩ཉིན་ཆབ་མདོ་རྒྱ་དམག་གིས་བཟུང་། མདོ་སྨད་སྤྱི་ཁྱབ་ང་ཕོད་ངག་དབང་འཇིགས་མེད་ཚུད་པའི་དམག་དཔོན་དང་དམག་མི་ ༢༦༠༠ འཛིན་བཟུང་བྱས།

མི་གྲངས་ ༥༧༠༠ ལྷག་གི་ཚེ་སྲོག་ཤོར་བའི་དམག་འཐབ་ཅིག་ལ་ “ཞི་བའི་བཅིངས་འགྲོལ་” ཞེས་མིང་བཏགས་པ་ནི། དངོས་ཡོད་ལོ་རྒྱུས་ལ་གཡོ་བསྒྱུར་བྱས་པ་ཞིག་ཡིན། འདི་ནི་རྒྱལ་ཁབ་ཅིག་གིས་རྒྱལ་ཁབ་གཞན་ཞིག་ལ་དྲག་པོའི་བཙན་འཛུལ་བྱས་པ་ཞིག་ཡིན་པ་ལས། “ནང་ཁུལ་གྱི་གནད་དོན་” ཞིག་མ་ཡིན། བོད་དམག་གིས་རང་གི་རྒྱལ་ཁབ་དང་བོད་གཞུང་གི་ཆེད་དུ་རང་སྲོག་བློས་བཏང་བ་ལས། རྒྱ་ནག་གི་ས་གནས་ཤིག་གི་ཆེད་དུ་དམག་བརྒྱབ་པ་མ་ཡིན།

དེ་བཞིན། ཐ་སྙད་ཀྱི་དམག་འཐབ་ནང་ “གྲོས་མཐུན་” དང་ “ཆིངས་ཡིག་” ཅེས་པའི་ཚིག་གཉིས་ཀྱི་གནད་འགག་ཤིན་ཏུ་གལ་ཆེ། རྒྱ་ནག་གཞུང་གིས་ “Agreement” ཞེས་པའི་ཚིག་ལ་ “གྲོས་མཐུན་” ཞེས་བསྒྱུར་ཏེ། འདི་ནི་རྒྱ་ནག་གི་དབུས་གཞུང་དང་ “བོད་ས་གནས་སྲིད་གཞུང་” བར་གྱི་ཡིག་ཆ་ཞིག་ཡིན་པར་སྒྲུབ་ཐབས་བྱེད་ཀྱིན་ཡོད།

འོན་ཀྱང་། “ཆིངས་ཡིག་” (Treaty) ཞེས་པ་ནི། རང་བཙན་གྱི་གནས་བབ་ཡོད་པའི་རྒྱལ་ཁབ་ཕན་ཚུན་བར་དུ་འཇོག་པའི་ཁྲིམས་མཐུན་ཡིག་ཆ་ཞིག་ཡིན་པས། བོད་པའི་ལྟ་ཚུལ་ནས་ “ཆིངས་ཡིག་” ཞེས་འབོད་པ་དེས། ༡༩༥༡ གོང་གི་བོད་ནི་རང་བཙན་གྱི་གནས་བབ་ཡོད་པའི་རྒྱལ་ཁབ་ཅིག་ཡིན་པ་མཚོན་ཐབས་བྱེད་ཀྱི་ཡོད། རྒྱལ་ཁབ་མིན་ན་ “ཆིངས་ཡིག་” འཇོག་ས་མེད་པ་ནི་ཁྲིམས་ལུགས་ཀྱི་གནད་འགག་གཅིག་རེད།

དེར་བརྟེན། བོད་པའི་སྤྱི་ཚོགས་དང་གསར་འགྱུར་བརྒྱུད་ལམ་ཁག་གིས་ “གྲོས་མཐུན་” ཞེས་པ་རྐྱང་པ་བེད་སྤྱོད་བྱས་ན། རྒྱ་ནག་གི་ལྟ་ཚུལ་ལ་མི་ཤེས་པའི་ངང་རྒྱབ་སྐྱོར་ཐེབས་པའི་ཉེན་ཁ་ཡོད། ཕྱོགས་གཞན་ནས་ “ཆིངས་ཡིག་” ཞེས་པའི་ཐ་སྙད་དེས། བོད་ཀྱི་རང་བཙན་གྱི་གནས་བབ་མཚོན་པ་དང་།རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་པ་དེ་རྒྱལ་ཁབ་ཅིག་གིས་རྒྱལ་ཁབ་གཞན་ཞིག་ལ་བཙན་འཛུལ་བྱས་པ་ཡིན་པའི་བརྡ་ལན་གསལ་པོ་སྤྲོད་ཐུབ།

ཕྱི་ལོ་ ༡༩༥༡ ལོའི་ཟླ་ ༤ པར། ང་ཕོད་ཀྱིས་གཙོ་བྱས་པའི་མི་ལྔའི་སྐུ་ཚབ་ཚོགས་པ་པེ་ཅིང་དུ་བསྐྱོད།ཟླ་ ༥ ཚེས་ ༢༣ ཉིན། བོད་ཀྱི་དབུུ་ཁྲིད་༸་གོིང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་བོད་གཞུང་ལ་སྙན་གསེང་དང་ཆོག་མཆན་གང་ཡང་མ་ཞུས་པའི་ཐོག་ནས། རྒྱ་ནག་གིས་སྐུ་ཚབ་ཚོགས་པར་བཙན་ཤེད་དང་སྡིགས་ར་བསྐུལ་ཏེ་མིང་རྟགས་བཀོད་བཅུག་པ་རེད། ཐ་ན། བོད་ཀྱི་སྐུ་ཚབ་ཚོགས་པར་རྒྱལ་ཁབ་ཀྱི་ཐམ་ཀ་མེད་པ་ཤེས་རྗེས། རྒྱ་ནག་གུང་ཁྲན་ཏང་གིས་པེ་ཅིང་དུ་བོད་གཞུང་གི་ཐམ་ཀ་རྫུན་མ་བཟོས་ཏེ་བཙན་ཤེད་ཀྱིས་རྒྱག་བཅུག་པ་རེད།

རྒྱལ་སྤྱིའི་ཁྲིམས་ལུགས་ནང་། བཙན་ཤེད་དང་། འཇིགས་སྐུལ། ཐམ་ཀ་རྫུན་མ་བེད་སྤྱོད་བྱས་པ་བཅས་ཀྱི་འོག་ནས་བཞག་པའི་ཡིག་ཆ་གང་ཡིན་ནའང་། དེ་ནི་ཁྲིམས་མཐུན་མིན་པ་ (Null and Void) ཡིན་པར་ངོས་འཛིན་བྱེད། ༸ གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་ཀྱང་། ༡༩༥༩ ལོར་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་རྗེས། ཏེ་ཛུ་པུར། (Tezpur) གསར་འགོད་ལྷན་ཚོགས་ཐོག དོན་ཚན་བཅུ་བདུན་ནི་དྲག་ཤུགས་འོག་བཞག་པ་ཞིག་ཡིན་པས་ངོས་ལེན་མེད་ཅེས་ཡོངས་ཁྱབ་གསལ་བསྒྲགས་གནང་ཡོད།

དེ་བས། རྒྱ་ནག་གིས་ “བོད་ཞི་བས་བཅིངས་འགྲོལ་” ཞེས་བསྒྲགས་པའི་དུས་དྲན་འདི་ལ། བོད་པའི་གསར་འགྱུར་བརྒྱུད་ལམ་དང་སྨྱུག་ཐོགས་པ་ཚོས། རྒྱ་ནག་གི་མིང་ཚིག་རྫུན་མའི་རྒྱུག་ཆུའི་ནང་མ་ཤོར་བར། ལོ་རྒྱུས་དང་ཁྲིམས་ལུགས་ཀྱི་གནད་འགག་གསལ་པོར་བཀྲལ་དགོས།

ལྷག་པར་དུ། “ཆིངས་ཡིག་དོན་ཚན་བཅུ་བདུན་” ཞེས་པའི་ཐ་སྙད་གཙོ་བོར་བཟུང་དགོས་པ་དང་།གལ་ཏེ་ “གྲོས་མཐུན་” ཞེས་པ་བེད་སྤྱོད་བྱེད་དགོས་ཚེ། “བཙན་དབང་འོག་བཞག་པའི་” འམ་“ཁྲིམས་མཐུན་མིན་པའི་” ཞེས་པའི་ཚིག་དེ་ནངེས་པར་དུ་སྔོན་ལ་སྦྱར་དགོས། དཔེར་ན། “བཙན་དབང་འོག་བཞག་པའི་གྲོས་མཐུན་དོན་ཚན་བཅུ་བདུན་” ཞེས་པ་ལྟ་བུ།

ལོ་ངོ་ ༧༥ རྗེས་ཀྱི་དེ་རིང་གི་ཉིན་མོ་འདིར། བོད་པའི་གསར་འགྱུར་བརྒྱུད་ལམ་དང་སྨྱག་ཐོག་པ་ཚོས་རྒྱ་ནག་གི་ “ཞི་བའི་བཅིངས་འགྲོལ་” ཟེར་བའི་གཏམ་རྫུན་གྱི་གདོང་པགས་བཤུས་ཏེ། འདི་ནི་བོད་ཐོག་་དྲག་པོའི་དམག་གིས་བཙན་འཛུལ་བྱས་པ་དང་། “བཙན་དབང་འོག་གི་ཆིངས་ཡིག་” ཅིག་ཡིན་པ་དང་། ༡༩༥༡ གོང་གི་བོད་ནི་རང་བཙན་གྱི་གནས་བབ་ཡོད་པའི་ “བོད་གཞུང་” ཞིག་ཡིན་པའི་ལོ་རྒྱུས་ཀྱི་བདེན་པ་དེ་གསལ་སྟོན་བྱེད་རྒྱུ་ནི། འདོར་དུ་མེད་པའི་འགན་འཁྲི་ཞིག་ཡིན་ནོ།།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༨༠ པ་སྲུང་གཙི་གནང་སོང་། 

ཆུ་ཚོད་ ༡༦ སྔོན་ལ།
མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

༢༠༢༦/༠༨/༡༤
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

༢༠༢༦/༠༨/༡༤
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese