མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གོ་སྐབས་ཤིག་ཤོར་ཡང་བོད་དོན་བརླག་མེད།

བོད་ཀྱི་དུས་བབ།
༢༠༠༨/༠༩/༠༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གི་ཨོ་ལིམ་པིག་རྩེད་འགྲན་མཇུག་བསྡུས་སོང་ལ། བོད་དོན་འཐབ་རྩོད་ཀྱི་གོ་སྐབས་ཡག་ཤོས་ཤིག་ཀྱང་མཇུག་བསྡུས་སོང༌། ཡིན་ནའང༌། བོད་རྒྱའི་དཀའ་རྙོག་ད་དུང་མཇུག་བསྡུས་མེད་ལ། རྒྱ་ནག་གིས་བོད་ནང་གི་དྲག་གནོན་དང་ཆབ་སྲིད་སྲིད་ཇུས་ལ་འགྱུར་བ་གང་ཡང་བཏང་མེད། དེའི་སྟབས་ཀྱིས་བོད་དོན་འཐབ་རྩོད་ཀྱི་གོ་སྐབས་ཡག་ཤོས་ཤིག་མཇུག་བསྡུས་ནའང༌། བོད་རང་བཙན་མ་ཐོབ་བར་བོད་དོན་འཐབ་རྩོད་མཇུག་བསྡུ་གི་མ་རེད་ཅེས་གཞོན་ནུའི་དྲུང་ཆེ་དོན་འགྲུབ་ལྷ་དར་ལགས་ཀྱིས་གསུངས་ཡོད།

ཕྱི་ཚེས་ ༢༦ ཉིན་འདི་གའི་གསར་འགོད་པས་ཐེངས་གཉིས་པའི་མི་དམངས་མདུན་སྐྱོད་ཆེན་མོའི་ལས་འགུལ་སྐོར་དང་ཕྱི་ཚེས་ ༢༥ གཞོན་ནུ་ཚོགས་པའི་ཚོགས་མི་ཁག་ཅིག་ལྡི་ལིའི་རྒྱ་ནག་གཞུང་ཚབ་ཁང་དུ་རྒྱུག་ནས་ངོ་རྒོལ་བྱས་པའི་སྐོར་གཞོན་ནུའི་དྲུང་ཆེ་དོན་འགྲུབ་ལྷ་དར་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས་གསུངས་དོན། གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་ངོས་ནས་ཟས་བཅད་ཆུ་བཅད་ཀྱི་ངོ་རྒོལ་བྱེད་རྒྱུར་ཐག་གཅོད་བྱུང་བ་བཞིན། ཐེངས་འདིར་མི་དམངས་མདུན་སྐྱོད་ཆེན་མོའི་ལས་འགུལ་ཐེངས་གཉིས་པའི་ནང་རྒྱལ་གཅེས་དཔའ་བོ་མི་དྲུག་རེས་ཟས་བཅད་ཆུ་བཅད་ཀྱི་ངོ་རྒོལ་ཐེངས་གསུམ་ལ་བྱེད་ཐུབ་པ་བྱུང་བ་ནི། བཙན་བྱོལ་ནང་རང་བཙན་འཐབ་རྩོད་ཆེད་ཟས་བཅད་ངོ་རྒོལ་མང་བོ་བྱས་ཡོད་ནའང༌། ང་ཚོའི་ངོས་ནས་ཟས་བཅད་ངོ་རྒོལ་ཚད་མཐོ་ཤོས་ཤིག་ལ་ངོས་འཛིན་བྱེད་དགོས་པ་ཞིག་ཡིན། ཐེངས་འདི་ནི་བོད་མི་རིགས་ཀྱི་ཛ་དྲག་གནས་བབ་དང༌། ཨོ་ལིམ་པིག་རྩེད་འགྲན་སྐབས་བོད་དོན་ཁྱབ་བསྒྲགས་བྱེད་པར་གོ་སྐབས་ཡག་ཤོས་ཤིག་རེད་ཅེས་དང༌། ཡང་ཁོང་ལ་ཟས་བཅད་ངོ་རྒོལ་བ་རྣམས་ཀྱིས་ཉིན་དགུའི་རིང་ཟས་བཅད་ཆུ་བཅད་ཀྱི་ངོ་རྒོལ་གནང་སྐབས་གཟུགས་པོའི་གནས་སྟངས་དང་ཚེ་སྲོག་འཚོ་གནས་ཐུབ་མིན་ལ་ཉེན་ཁ་འཕྲད་མིན་སྐོར་དྲིས་པར། ཁོང་གིས། ཟས་བཅད་ངོ་རྒོལ་བ་རྣམས་ཀྱི་གཟུགས་པོའི་གནས་སྟངས་དེ་ཉིན་གསུམ་པ་ནས་བཟུང་ཧ་ཅང་སྐྱོ་བོ་ཆགས་སོང༌། ཕལ་ཆེར་ཉིན་ལྔ་བ་དང་དྲུག་པ་བར་འཁྱོལ་ས་མ་རེད་དྲན་སོང་མོད། ཉིན་བཞི་བ་ནས་བཟུང་གཟུགས་པོའི་གནས་སྟངས་ལྷོད་ལ་བབས་པ་ལྟ་བུ་བྱུང་སོང༌། ཉིན་དགུ་བར་སླེབས་སྐབས་རྒྱ་གར་གཞུང་གི་སྨན་པའི་ངོས་ནས་མུ་མཐུད་འཚོ་ཐུབ་མིན་གྱི་ཉེན་ཁ་འདུག་གསུངས་སོང་ལ། ང་ཚོར་ཡང་བློ་འཚབ་ཆེན་པོ་བྱུང༌། ཡིན་ནའང༌། ཟས་བཅད་ངོ་རྒོལ་བ་རྣམས་དང་གཞོན་ནུའི་ངོས་ནས་མུ་མཐུད་རྒྱུན་འཁྱོངས་བྱས་ནའང༌། རྒྱ་གར་ཉེན་རྟོག་པ་བརྒྱ་ཕྲག་འགས་ཟས་བཅད་ངོ་རྒོལ་བ་རྣམས་ཁྲིད་ཕྱིན་སོང་ཟེར།

ཟས་བཅད་ངོ་རྒོལ་བ་རྣམས་ཀྱིས་ཁོང་ཚོའི་དགོས་འདུན་མ་འགྲུབ་བར་དུ་གནས་སྟངས་གང་འདྲ་ཞིག་བྱུང་ཡང་མུ་མཐུད་ཟས་བཅད་ཆུ་བཅད་ཀྱི་ངོ་རྒོལ་བྱེད་རྒྱུར་མཚམས་འཇོག་བྱ་རྒྱུ་མིན་ཞེས་ཨུ་ཚུགས་བརྒྱབས་པ་རེད་ལ། གཞོན་ནུའི་ངོས་ནས་ཀྱང་ཁོང་ཚོར་ཉིན་དགུའི་རིང་ཟས་བཅད་ངོ་རྒོལ་རྒྱུན་འཁྱོངས་བྱེད་དུ་བཅུག་པ་རེད། གལ་སྲིད་ཁོང་ཚོའི་གཅིག་གི་ཚེ་སྲོག་ལ་ཉེན་ཁ་འཕྲད་ཚེ་དེར་འགན་ལེན་བྱེད་ཕྱོགས་གང་འདྲ་ཞིག་ཡིན་ནམ་ཞེས་དྲིས་པར། ཁོང་གིས། ང་ཚོར་མིའི་ཚེ་སྲོག་ལ་ཕངས་སེམས་གང་ཡང་མེད་པའི་གནས་སྟངས་དེ་འདྲ་མ་རེད། བོད་ནང་དུ་ཧ་ཅང་ཛ་དྲག་གི་གནས་སྟངས་ཡིན་པ་དང༌། ལྷག་པར་དུ་ད་ལོ་གཞིས་ལུས་བོད་མིའི་སྙིང་སྟོབས་དེ་ཚད་མཐོན་པོར་སླེབས་ཡོད་པ་རེད། དེ་བཞིན་བོད་དོན་འཐབ་རྩོད་ཀྱི་ལོ་རྒྱུས་ནང་དམའ་མཐར་ཡང་བོད་ཀྱི་ལོ་རྒྱུས་ཀྱི་བདེན་པ་དེ་བོད་རང་བཙན་ཡིན་པ་དང༌། གཞིས་ལུས་བོད་མིའི་མངོན་འདོད་བོད་རང་བཙན་ཡིན་སྟབས། ང་ཚོ་ལ་གདམ་ཀ་དེ་འདྲ་ཞིག་མི་བྱེད་ཀ་མེད་ཆགས་ཡོད་པ་རེད། གལ་སྲིད་ངོ་རྒོལ་བ་གཅིག་གྲོངས་པ་ཡིན་ན་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་འགན་འཁྱེར་དགོས་པའི་ཆ་གཅིག་ཡོད་པ་རེད། འགན་གལ་ཆེ་ཤོས་དེ་རྒྱ་ནག་སྲིད་གཞུང་གིས་འཁྱེར་དགོས་པའི་གནས་སྟངས་ཤིག་ཆགས་ཀྱི་ཡོད་པ་རེད། གང་ཡིན་ཟེར་ན། རྒྱ་ནག་གིས་མི་ལོ་དྲུག་ཅུའི་རིང་བོད་དབང་བསྒྱུར་བྱས་མེད་པ་དང༌། ད་ལྟའི་དྲག་གནོན་གྱི་གནས་སྟངས་དེ་ལྟ་བུ་ཞིག་མེད་ན། ང་ཚོས་རྒྱ་ནག་སྲིད་གཞུང་ལ་ངོ་རྒོལ་བྱེད་དགོས་པ་དང་ཛ་དྲག་གི་གདམ་ཀ་དེ་ལྟ་བུ་ཞིག་བྱེད་དགོས་དོན་ཡོད་པ་མ་རེད། འགན་གཙོ་བོ་འཁྱེར་དགོས་མཁན་རྒྱ་ནག་སྲིད་གཞུང་དང་མཉམ་འབྲེལ་རྒྱལ་ཚོགས། ཨོ་ལིམ་པིག་རྩེད་འགྲན་ཚོགས་ཆུང་རེད་ཅེས་གསུངས་སོང༌།

དེ་བཞིན་ཨོ་ལིམ་པིག་རྩེད་འགྲན་མཇུག་སྒྲིལ་བ་དང་བོད་དོན་འཐབ་རྩོད་ཀྱི་སྡིངས་ཆ་ཞིག་མཇུག་སྒྲིལ་བ་ལྟ་བུ་རེད། ཡིན་ནའང༌། བོད་དོན་འཐབ་རྩོད་མཇུག་སྒྲིལ་ཡོད་པ་མ་རེད། དེར་བརྟེན། གཞོན་ནུའི་ངོས་ནས་མུ་མཐུད་ལས་འགུལ་ག་རེ་སྤེལ་རྩིས་ཡོད་མེད་སྐོར་དྲིས་པར་ཁོང་གིས་གསུངས་དོན། དྲི་བ་དེ་གནད་འགག་རེད། བོད་ཀྱི་རང་བཙན་འཐབ་རྩོད་ཀྱི་ལོ་ངོ་ལྔ་བཅུ་དང་དྲུག་ཅུའི་བརྒྱུད་རིམ་ནང་སྔར་བྱུང་མྱོང་མེད་པའི་གོ་སྐབས་ཤིག་ཤོར་བ་རེད། གོ་སྐབས་བྱུང་བ་ནང་བཞིན་བོད་ཕྱི་ནང་གཉིས་དང༌། ལྷག་པར་བོད་ནང་དུ་གོ་སྐབས་དེ་དམ་འཛིན་བྱེད་ཐུབ་པ་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད། གཙོ་བོ་གཞིས་ལུས་བོད་མི་ཚོའི་ཞུམ་པ་མེད་པའི་སྙིང་སྟོབས་དང༌། ཚེ་སྲོག་གི་རིན་ཐང་ལ་བརྟེན་ནས་ངོ་རྒོལ་བྱས་པ་རེད།

རྒྱ་ནག་གིས་ཨོ་ལིམ་པིག་རྩེད་འགྲན་འགྲོ་བསྡད་པའི་སྐབས་བོད་ནང་དམ་དྲག་ཤུགས་ཆེན་པོ་བྱས་པ་རེད། ལྷག་པར་ཨོ་ལིམ་པིག་རྩེད་འགྲན་ཚར་རྗེས་བོད་ནང་ཆབ་སྲིད་བཙོན་མ་སྟོང་ཕྲག་ཁ་ཤས་ཡོད་པ་དེ་ཚོ་ད་དུང་བཙོན་འཇུག་བྱས་བསྡད་ཡོད་པ་རེད། ཁོང་ཚོར་ཁྲིམས་ཐག་གཅོད་རྒྱུར་ལྷག་བསྡད་ཡོད་སྟབས། སྔར་བས་དམ་དྲག་བྱེད་ཤུགས་ཆེ་རུ་འགྲོ་གི་རེད་བསམ་ནས་སེམས་ཁྲལ་འདུག ཁོང་ཚོའི་བདེ་འཇགས་དང་ཚེ་སྲོག་ལ་ཉེན་ཁ་འབྱུང་རྒྱུར་གཞོན་ནུ་ལྷན་ཚོགས་ངོས་ནས་བློ་འཚབ་བྱེད་ཀྱིན་ཡོད། ཕྱི་ཚེས་ ༢༥ ཉིན་ཡང་གཞོན་ནུའི་ཚོགས་མི་ཁག་ཅིག་རྒྱ་ནག་གཞུང་ཚབ་ཁང་དུ་བརྒྱུགས་ནས་ངོ་རྒོལ་བྱས་ཡོད། དེ་ལྟར་བྱེད་དོན་ནི་ཨོ་ལིམ་པིག་རྩེད་འགྲན་མཇུག་སྒྲིལ་ནའང་བོད་དོན་འཐབ་རྩོད་དེ་མཇུག་སྒྲིལ་མེད་པ་མཚོན་གྱི་ཡོད། ད་དུང་ཐག་གཅོད་གང་ཡང་བྱུང་མེད་ནའང༌། མི་འགྱངས་བར་ང་ཚོས་ལས་འགུལ་གང་འདྲ་ཞིག་སྤེལ་དགོས་མིན་ཐད་གྲོས་བསྡུར་བྱ་རྒྱུ་ཡིན་ཞེས་གསུངས་ཡོད།

འབྲེལ་ཡོད་གསར་འགྱུར།

Mobile App

མི་རིགས་མཐུན་སྒྲིལ་ཡར་རྒྱས་ཀྱི་ཁྲིམས།

ཆུ་ཚོད་ ༤ སྔོན་ལ།
བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧
Mobile App

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

༢༠༢༦/༠༧/༡༧
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

༢༠༢༦/༠༧/༡༧
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

༢༠༢༦/༠༧/༡༧
Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

༢༠༢༦/༠༧/༡༦
དཀར་མཛེས་ཁུལ་སྐྱེས་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག དྲ་ལམ་གྱི་པར།
Mobile App

དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག་ལ་ཞིབ་བཤེར་བྱེད་ཀྱིན་འདུག

༢༠༢༦/༠༧/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese