མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བཙོན་ར་གཅིག་སྒོ་ཕྱེ་སོང་།

བོད་ཀྱི་དུས་བབ།
༢༠༠༨/༠༩/༠༣
Share on FacebookShare on TwitterShare on EmailShare on Whatsapp

ད་ལོའི་བོད་ནང་གི་ཞི་བའི་གྱེན་ལངས་ཁྲོད། བོད་རིགས་སེར་སྐྱ་སྟོང་ཕྲག་མང་པོ་འཛིན་བཟུང་བཀག་ཉར་བྱས་ཏེ། ན་གོར་མོ་ས་ཁུལ་གྱི་དམག་སྒར་ཞིག་ཏུ་བཙོན་འཇུག་ཕུང་གསོག་བྱས་ཡོད་པ་ཁག ཕྱི་ཟླ་ ༨ ཚེས་ ༢༦ ཡས་མས་ནས་ས་གནས་འབྲེལ་ཡོད་ཚན་པར་རྩིས་སྤྲོད་བྱས་ཏེ། ཆ་རྐྱེན་ངེས་ཅན་འོག་གློད་གྲོལ་གཏོང་མགོ་བརྩམས་ཡོད་འདུག

ལྷ་ས་འབྲས་སྤུངས་དགོན་པ་དང་སེ་ར་དགོན་པ། དགའ་ལྡན་དགོན་པ་བཅས་སུ་སློབ་གཉེར་བྱེད་བཞིན་པའི་ཁམས་དང་ཨ་མདོ་ས་ཁུལ་གྱི་དགེ་འདུན་པ་མང་པོ་ཞིག་ད་ལོའི་ལྷ་སའི་གསུམ་གཅིག་བཞིའི་དོན་རྐྱེན་ཁྲོད་ཞུགས་ཡོད་པའི་ཉེས་མིང་འོག་རྒྱ་གཞུང་གིས་འཛིན་བཟུང་བཀག་ཉར་བྱས་ཡོད་པ་དང༌། སྤྱི་ཟླ་ ༤ ཚེས་ ༢༥ ཉིན་ཁོང་རྣམས་མེ་འཁོར་ནང་བཅུག་སྟེ། ནག་ཉེས་ཡོད་མེད་ཞིབ་བཤེར་གང་ཡང་མེད་པར་ན་གོར་མོ་ས་ཁུལ་གྱི་དམག་སྒར་ཅིག་ཏུ་བཙོན་འཇུག་བྱས་ཏེ། ཟླ་བཞི་ལྷག་གི་རིང་བཀག་ཉར་བཙོན་འཇུག་གིས་མནར་བཅོད་ཚད་མེད་བཏང་ཡོད།

ཉེ་སྔོན་ཕྱི་ཟླ་ ༧ ནང་ཁམས་དང་ཨ་མདོ་ས་ཁུལ་ནས་ཡིན་པའི་དགེ་འདུན་པ་ཁག་ཅིག་ས་གནས་སོ་སོའི་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་དང་ཆོས་ལུགས་ལས་དོན་ཚན་པ། སྤྱི་བདེ་ཉེན་རྟོག་ཚན་པ་བཅས་སུ་རྩིས་སྤྲོད་ཀྱིས་གློད་གྲོལ་གཏོང་མགོ་བརྩམས་ཡོད་ཀྱང༌། མང་པོ་ཞིག་ད་དུང་སོ་སོའི་ཁྱིམ་ལ་ལོག་ཏུ་མ་བཅུག་པར་ཁུལ་དང་རྫོང་རིམ་པར་བཀག་ཉར་བྱས་ཡོད་འདུག སྤྱི་ཟླ་ ༨ ཚེས་ ༢༦ ཉིན་ཨ་མདོ་རྔ་བ་ས་ཆའི་དགེ་འདུན་པ་ ༦༠ ཙམ་སོ་སོའི་ས་གནས་སུ་ཕྱིར་སློག་བྱས་ཡོད་པ་དང༌། ཕྱི་ཚེས་ ༢༩ ཉིན་ཁམས་དཀར་མཛེས་ས་ཁུལ་གྱི་གྲྭ་བ་ ༡༤ ཙམ་གློད་གྲོལ་བཏང་ཡོད་འདུག ཁོང་རྣམས་ལ་འདས་བའི་ཟླ་བ་བཞིའི་རིང་རྡུང་རྡེག་མནར་གཅོད་ཚད་མེད་ཕོག་ཡོད་སྟབས། མང་པོ་ཞིག་ལ་སྙིང་ནད་སོགས་ནད་གཞི་འདྲ་མིན་ཕོག་ཡོད་འདུག

ཕྱི་ཟླ་ ༨ ཚེས་ ༢༧ ནས་བཟུང་ན་གོར་མོའི་དམག་སྒར་དུ་བཀག་ཉར་བྱས་ཡོད་པའི་གྲྭ་བ་རྣམས་སོ་སོའི་ས་གནས་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་དང་ཆོས་ལུགས་ལས་དོན་ཚན་པ། སྤྱི་བདེ་ཉེན་རྟོག་ལས་ཁུངས་བཅས་མཉམ་སྒྲིལ་འོག་ད་ལོའི་དོན་རྐྱེན་ཁྲོད་ཆབ་སྲིད་ཉེས་མིང་གཡོགས་ཏེ། འཛིན་བཟུང་བྱས་པའི་གྲྭ་བ་དེ་དག་ཕྱིར་སོ་སོའི་ས་གནས་སུ་ཕྱིར་སློག་གིས་གློད་གྲོལ་གཏོང་མགོ་བརྩམ་ཡོད་ནའང༌། ཁོང་ཚོ་མ་འོངས་པར་ལྷ་སར་འགྲོ་མི་ཆོག་པའི་བཙན་བཀའ་བཏང་ཡོད་འདུག་ལ། ས་གནས་རང་ནས་ཀྱང་འགྲོ་སྐྱོད་རང་དབང་མེད་པ་དང༌། གལ་སྲིད་འགྲོ་དགོས་བྱུང་ཚེ། ཟླ་བ་རེ་རེའི་ནང་ས་གནས་འབྲེལ་ཡོད་ཉེན་རྟོག་ཚན་པར་སྙན་གསེང་ཞུ་དགོས་ཡོད་འདུག

མཆན། 1

  1. སྟག་སྨྱོན། says:
    ལོ་ 14 སྔོན།

    བཙོན་ར་ཚང་མ་མྱུར་དུ་སྒོ་ཕྱེ་ནས་རང་དབང་ལ་དགའ་བའི་ཞི་རྒོལ་གནང་མཁན་ཚོ་དགའ་མོས་ལ་ལོངས་སྤྱོད་པར་ཤོག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist