མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧སྟག་འཚེར་རིན་པོ་ཆེ་མཆོག་དགོངས་པ་གཤེགས་པ།

བོད་ཀྱི་དུས་བབ།
༢༠༠༨/༠༩/༠༦
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་ཆེ་མཆོག་གི་སྐུའི་གཅེན་པོ་སྟག་འཚེར་རིན་པོ་ཆེ་མཆོག་བོད་ཟླ་བདུན་པའི་ཚེས་དྲུག་ཕྱི་ཟླ་དགུ་པའི་ཚེས་ལྔ་པ་རེས་གཟའ་པ་སངས་ཉིན་ཨ་རིའི་ཤར་ཕྱོགས་ཀྱི་ཉིན་རྒྱབ་ཆུ་ཚོད་བཞི་པ་ཙམ་ལ་དགོངས་པ་གཞན་དོན་དུ་གཤེགས་འདུག

སྟག་འཚེར་རིན་པོ་ཆེ་མཆོག་ཕྱི་ལོ་ ༡༩༢༢ ལོ་སྟེ་ཆུ་ཁྱི་ལོའི་ཟླ་བ་བརྒྱད་པའི་ཚེས་བཅུ་དྲུག་ཉིན་མདོ་སྨད་སྟག་འཚེར་ཡུལ་དུ་སྐུ་འཁྲུངས་ཤིང་དགུང་གྲངས་གསུམ་ལ་ཕེབས་སྐབས་ྋརྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་ནས་སྟག་འཚེར་སྐུ་ཕྲེང་ཉེར་གསུམ་པའི་ཡང་སྲིད་དུ་ངོས་འཛིན་གནང་བ་དང་མཚན་ལ་ཐུབ་བསྟན་འཇིགས་མེད་ནོར་བུ་ཞེས་བསྩལ་གནང་མཛད་པ་དང༌། དགུང་གྲངས་བརྒྱད་ལ་ཕེབས་སྐབས་ཞྭ་སེར་བསྟན་པའི་མངའ་བདག་རྗེ་ཙོང་ཁ་པ་ཆེན་པོ་མཆོག་གི་སྐུའི་འཁྲུངས་ཡུལ་སྐུ་འབུམ་དགོན་དུ་ཆོས་ཞུགས་གནང་པ་དང་། སྐུ་གཞོན་ནུའི་དུས་ནས་དགོན་པའི་ཆོས་ཕྱོགས་ཀྱི་བསླབ་པ་སློབ་གཉེར་ལ་ཐེམ་སྐས་རིམ་འཛེགས་ཀྱིས་སྦྱངས་པ་མཐར་ཕྱིན་གནང་སྟེ། དགུང་གྲངས་ཉེར་བདུན་ལ་ཕེབས་སྐབས་དགེ་འདུན་པ་ཞལ་གྲངས་བཞི་སྟོང་ལྷག་ཡོད་པའི་སྐུ་འབུམ་དགོན་པའི་མཁན་པོར་བསྐོ་བཞག་བསྩལ་ཡོད་པ་རེད། སྐབས་དེ་དུས་མདོ་སྨད་སྐུ་འབུམ་དགོན་པ་ནི་བོད་ཤར་ཕྱོགས་ཀྱི་བཤད་སྒྲུབ་ཀྱི་བསྟི་གནས་ཆེ་ཤོས་ཡོངས་སུ་གྲགས་པ་ཞིག་ཡིན། རིན་པོ་ཆེ་མཆོག་ནས་དགོན་པའི་མཁན་པོའི་མཛད་འགན་བཞེས་ཏེ་བཞུགས་ཡུན་རིང་པོ་བྱུང་མེད་པར་དགོན་པ་ནས་ཞལ་གྱེས་དགོས་བྱུང་ཡོད་པ་རེད། དེ་ནི་ཕྱི་ལོ་ཆིག་སྟོང་ང་དགུའི་ལོར་རྒྱ་ནག་དམར་པོ་གཞུང་གིས་བོད་བཙན་བཟུང་བྱེད་མགོ་བཙུགས་རྗེས་སྐུ་འབུམ་ས་ཁུལ་དེ་དག་ནི་རྒྱ་ནག་གི་དབང་འོག་ཚུད་པའི་བོད་ཀྱི་ས་ཆ་ཆེས་ཐོག་མའི་གྲས་ཤིག་ཡིན་པ་དང་། རིན་པོ་ཆེ་མཆོག་རྒྱ་མིའི་དམག་མིས་བཟང་བཙོན་འོག་ཉིན་མཚན་དུས་དྲུག་ཏུ་སྲུང་བྱ་ཧ་ཅང་དམ་པོའི་འོག་བཀག་ཉར་བྱས་ཤིང་རྒྱ་ནག་གཞུང་གིས་རིན་པོ་ཆེ་མཆོག་བོད་ཀྱི་རྒྱལ་ས་ལྷ་སར་ཕེབས་ཏེ་དགུང་གྲངས་བཅོ་ལྔར་ཕེབས་པའི་སྐུའི་གཅུང་པོ་བོད་མིའི་དབུ་ཁྲིད་༧གོང་ས་མཆོག་ལ་བོད་རྒྱ་ཁོངས་སུ་ངོས་ལེན་གནང་དགོས་པའི་སྐུལ་མ་ཞུ་རྒྱུ་དང་གལ་ཏེ་གསན་འཇོག་མ་གནང་ཚེ་༧གོང་ས་མཆོག་སྐུ་བགྲོངས་དགོས་པའི་སློབ་སྟོན་བྱས་ཤིང༌། དེ་ལྟར་གནང་ཚེ་རིན་པོ་ཆེ་མཆོག་ལ་རྒྱ་ནག་གཞུང་གིས་བོད་ཀྱི་དབུ་ཁྲིད་ཀྱི་མཚན་གནས་འབུལ་རྒྱུའི་ཁས་ལེན་ཀྱང་བྱས་ཡོད་པ་རེད། ཟླ་བ་མང་པོའི་རིང་རིན་པོ་ཆེ་མཆོག་ནས་རྒྱ་ནག་གི་རེ་འདུན་དེར་དང་ལེན་རྩ་བ་ནས་གནང་མེད་ཀྱང་བོད་ཀྱི་རྒྱལ་ས་ལྷ་སར་ཕེབས་ཏེ་༧རྒྱལ་བ་རིན་པོ་ཆེ་དང་བོད་གཞུང་ལ་རྒྱ་ནག་གིས་བོད་བཙན་བཟུང་བྱ་རྒྱུ་མགོ་བཙུགས་ཟིན་པའི་གནས་ཚུལ་སྙན་སེང་ཞུ་དགོས་གལ་ཆེར་དགོངས་ཏེ་མཐར་རྒྱ་ནག་གཞུང་གི་འབོད་སྐུལ་དང་དུ་བླངས་ཁུལ་གནང་སྟེ། ཕྱི་ལོ་ ༡༩༤༠ ལོར་ལྷ་སར་ཕེབས་ཐུབ་པ་བྱུང་ཡོད་པ་རེད། ལོ་དེ་རང་ལ་༧གོང་ས་མཆོག་ནས་བོད་བསྟན་སྲིད་ཀྱི་དོན་དུ་རྒྱལ་སྲིད་ཆོས་སྲིད་ཀྱི་སྐུ་དབང་བཞེས་ཡོད་པ་རེད། སྟག་འཚེར་རིན་པོ་ཆེ་མཆོག་ནས་བོད་ནང་རྒྱ་ནག་དམར་པོའི་སྲིད་དབང་འགོག་ཐབས་སླད་རྒྱལ་སྤྱིའི་རྒྱབ་སྐྱོར་དང་ལྷག་པར་དུ་སྟོབས་ཆེན་ཨ་མི་རི་ཀའི་རྒྱབ་སྐྱོར་ཐོབ་རྒྱུ་ནི་ཧ་ཅང་གལ་ཆེ་བར་གཟིགས་ཏེ་ཕྱི་ལོ་ ༡༩༥༢ ལོར་ཨ་རིར་ཕེབས་ཤིང་། ༡༩༦༥ ལོ་ནས་མགོ་བཙུགས་ཏེ་ཨ་རིའི་ནུབ་དཀྱིལ་མངའ་སྡེ་ཨིན་ཌི་ཡ་ན་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ནས་བོད་ཀྱི་ཆོས་དང་རིག་གཞུང་གི་སློབ་དཔོན་གནང་བ་དང་། ༡༩༧༩ ལོར་རིན་པོ་ཆེ་མཆོག་ནས་ཨིན་ཌི་ཡ་ནའི་གྲོང་ཁྱེར་བྷིལ་མིང་ཊོན་ནང་བོད་ཀྱི་ཆོས་དང་རིག་གཞུང་བདག་གཅེས་བྱ་རྒྱུའི་ཆེད་བོད་ཀྱི་རིག་གཞུང་བསྟི་གནས་ཁང་ཞེས་པ་ཞིག་གསར་འཛུགས་གནང་བ་དང་། ྋགོང་ས་མཆོག་ས་གནས་དེར་ཐེངས་མང་ཆིབས་བསྒྱུར་ཞབས་སོར་འཁོད་གནང་མཛད་ཡོད་པ་མ་ཟད། ༡༩༨༧ ལོར་ས་གནས་དེར་སྐུའི་གཅེན་པོ་སྟག་འཚེར་རིན་པོ་ཆེ་མཆོག་ནས་བྱང་ཆུབ་མཆོད་རྟེན་ཞིག་བཞེངས་གནང་མཛད་པ་དེའི་རབ་གནས་ཆེད་ཆིབས་བསྒྱུར་བསྐྱངས་ཡོད་པ་རེད། དེ་རྗེས་སླར་ཡང་ཕྱི་ལོ་ ༡༩༩༧ ལོར་རིན་པོ་ཆེ་མཆོག་ནས་བྱམས་བརྩེ་གླིང་ཞེས་པའི་བོད་དགོན་ཞིག་གསར་བཞེངས་གནང་རྒྱུའི་ཆེད་༧གོང་ས་མཆོག་ནས་རྨང་རྡོ་འདིང་གནང་མཛད་ཡོད་པ་རེད། ༡༩༩༩ ལོར་ྋགོང་ས་མཆོག་ནས་སྟག་འཚེར་རིན་པོ་ཆེ་བཞུགས་ཡུལ་གྱི་ས་གནས་དེར་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་སྩལ་གནང་མཛད་ཅིང་ྋགོང་ས་མཆོག་ས་གནས་དེར་ཆིབས་བསྒྱུར་མཐའ་མ་ ༢༠༠༧ ལོར་བསྐྱངས་ཡོད་པ་རེད།

རིན་པོ་ཆེ་མཆོག་ཉི་ཧོང་བོད་གཞུང་གི་སྐུ་ཚབ་དོན་གཅོད་དུ་ཡང་བསྐོ་བཞག་གནང་ཡོད་པ་རེད། སྟག་འཚེར་རིན་པོ་ཆེ་མཆོག་གི་སྐུ་ཚེ་ཧྲིལ་པོ་བོད་མི་རིགས་ཀྱི་བདེ་དོན་ཆེད་གཏོང་གནང་མཛད་ཅིང་། ལྷག་པར་དུ་ ༡༩༩༥ ལོར་རིན་པོ་ཆེ་མཆོག་དང་ཁོང་གི་ཕྱག་རོགས་ཤིག་ནས་རྒྱལ་སྤྱིའི་བོད་རང་བཙན་ལས་འགུལ་ཞེས་པའི་ཚོགས་པ་ཞིག་གསར་འཛུགས་གནང་ཞིང་སྔ་རྗེས་སུ་ཚོགས་པ་དེས་བོད་རང་བཙན་ཆེད་གོམ་བགྲོད་ཐེངས་ཁ་ཤས་གོ་སྒྒྲིག་བྱས་པའི་ཁྲོད་རིན་པོ་ཆེ་མཆོག་ཐེངས་གསུམ་ལ་མཉམ་ཞུགས་གནང་ཞིང་། རིན་པོ་ཆེ་མཆོག་ནས་ ༡༩༩༦ ལོར་མེལ་གསུམ་བརྒྱ་ལྷག་དང་ཉིན་གྲངས་ ༥༤ འགོར་བའི་ཨ་མི་རི་ཀའི་རྒྱལ་ས་ཝ་ཤིན་ཊོན་ནས་གྲོང་ཁྱེར་ནིའུ་ཡོག་བར་གྱི་གོམ་བགྲོད་དེའི་སྣེ་ཁྲིད་གནང་ཡོད་པ་དང༌། ༡༩༩༧ ལོར་ཁེ་ན་ཌའི་གྲོང་ཁྱེར་ཊོ་རོན་ཊོ་ནས་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་བར་སྟེ། མེལ་ ༦༠༠ ཡི་གོམ་བགྲོད་དེའི་སྣེ་ཁྲིད་ཀྱང་གནང་ཡོད་པ་རེད། ༢༠༠༢ ལོར་རིན་པོ་ཆེ་མཆོག་ལ་གྲིབ་སྐྱོན་ལྟ་བུའི་བསྙུན་གཞི་བཞེས་ཏེ་དགོངས་པ་མ་རྫོགས་བར་གནས་སྟངས་དེའི་འོག་འཚོ་བཞུགས་མཛད། རིན་པོ་ཆེ་མཆོག་ནི་བོད་རང་བཙན་གཙང་མའི་ཐོབ་ཐང་རྩོད་དགོས་རྒྱུར་ཡིད་ཆེས་ཆེན་པོ་གནང་མཁན་ཞིག་ཡིན་པ་དང་། ཁོང་གི་ལྷག་བསམ་དང་མཛད་རྗེས་ལ་བོད་མི་ཚོས་ཡི་རངས་ཆེན་པོ་ཞུ་བཞིན་ཡོད་ལ་ད་ཆ་རིན་པོ་ཆེ་མཆོག་དགོངས་པ་གཞན་དོན་དུ་གཤེགས་ཚུལ་མཛད་པ་དེ་ནི་བོད་མི་ཚོར་རང་མི་རིགས་འཚོ་གནས་ཀྱི་འཐབ་རྩོད་མཛད་རྗེས་ཆེན་པོ་བཞག་གནང་མཁན་ཞིག་མེད་པར་གྱུར་བར་ཧ་ཅང་བློ་ཕམ་ཡང་ཆགས་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

In this image received on July 27, 2026, Foreign Secretary Vikram Misri holds talks with Sun Haiyan, Vice Minister of the International Department of the Central Committee of the Communist Party of China (CPC)
Mobile App

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༧/༢༨
TT
Mobile App

བོད་མཚོ་སྔོན་གྱི་རྩི་གོར་ཐང་རྫོང་དུ་ཚད་རིམ་མི་འདྲ་བའི་ས་ཡོམ་གཉིས་བསྟུད་མར་བྱུང་།

༢༠༢༦/༠༧/༢༨
tt
Mobile App

གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གི་འཁྱོག་བརྗོད་ལ་གདོང་ལེན་དང་ཡོ་བསྲང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
Front Slider

གཞོན་ནུ་ལྷན་ཚོགས་ཀྱིས་ནེའུ་ཡོག་ཏུ་ལས་ཁུངས་བཙུགས་ཏེ་རྒྱ་ནག་གི་འགྲེལ་ལོག་ལ་གདོང་ལེན་གནང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

བླ་རུང་སྒར་གྱི་གྲྭ་ཤག་གཏོར་ཟིན་པའི་གྲྭ་བཙུན་རྣམས་རང་ཡུལ་དུ་ལོག་དགོས་པའི་བཀའ་ཁྱབ་བསྒྲགས།

༢༠༢༦/༠༧/༢༧
Front Slider

དགུང་ལོ་ ༩༨ ཡིན་པའི་ནོར་བུ་རྒྱལ་ལགས་ཐུགས་དམ་དུ་བཞུགས་ཡོད་པའི་སྐོར་ལ་བཅར་འདྲི་ཞུས།

༢༠༢༦/༠༧/༢༤

མཆན། 1

  1. ཀླུ། says:
    ལོ་ 18 སྔོན།

    ཨེ་ཤ་ཡ་རླུང་འཕྲིན་དྲ་ཐོག་ནས་ཡིག་ནོར་ཙམ་ཡང་མ་བཅོས་བར་འཐེན་པ་ཨི་རེད། ཨོ་མ་་་་་་་་་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese