མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་པའི་རྩ་དོན་ངོ་མ་དེ་སངས་རྒྱས་བསྟན་པ་རེད།

བོད་ཀྱི་དུས་བབ།
༢༠༠༨/༠༩/༠༨
Share on FacebookShare on TwitterShare on EmailShare on Whatsapp

རབ་ཏུ་བྱུང་བ་ཚོ་ཆབ་སྲིད་ཀྱི་བྱ་བའི་ནང་མ་ཞུགས་ཟེར་གྱིན་མེད། རབ་བྱུང་བ་ཚོ་མིའི་སྤྱི་ཚོགས་ནང་བསྡད་ཡོད་པ་ཞིག་ཡིན་སྟབས། སྤྱི་ཚོགས་དང་ཆབ་སྲིད་ཀྱི་ལས་དོན་ནང་མཉམ་ཞུགས་བྱ་དགོས་པ་དེ་གལ་ཆེན་པོ་རེད། མཉམ་ཞུགས་བྱེད་སྟངས་དེ་ཆོས་དང་མི་འགལ་བ། འདུལ་བ་དང་མི་འགལ་བ། འཚེ་མེད་ཞི་བའི་ལྟ་གྲུབ་དང་མི་འགལ་བའི་ཐོག་ནས་ལས་འགུལ་ནང་མཉམ་ཞུགས་གནང་རྒྱུ་གལ་ཆེན་པོ་རེད་ཟེར།

བོད་བཙན་བྱོལ་སྤྱི་ཚོགས་ཀྱི་དམངས་གཙོའི་གོ་རྟོགས་ཇེ་མཐོར་གཏོང་ཆེད། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་རྒྱ་བལ་འབྲུག་གསུམ་གྱི་དགོན་པ་ ༣༤ ཡི་གྲྭ་བཙུན ༧༢ ཙམ་ལ་དམངས་གཙོའི་ཟབ་སྦྱོང་ཞིག་སྤྲད་ཡོད་ལ། ཕྱི་ཚེས་ ༧ ཉིན་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་གྲྭ་བཙུན་ཚོར་འཚེ་མེད་ཞི་བའི་ལྟ་གྲུབ་དང་དབུ་མའི་ལམ་གྱི་སྐོར་ངོ་སྤྲོད་གནང་ཡོད། སྐབས་དེར་ཟམ་གདོང་རིན་པོ་ཆེ་མཆོག་གིས་འཚེ་མེད་ཞི་བའི་ལྟ་གྲུབ་སྐོར་ངོ་སྤྲོད་གནང་དོན། སྤྱིར་དགེ་འདུན་པ་ཚོར་འཚེ་མེད་ཞི་བའི་ལྟ་གྲུབ་བཤད་དགོས་པ་ཞིག་མ་རེད། ནང་པའི་གཞི་རྩ་འཚེ་མེད་ཞི་བ་རེད། སྤྱིར་བཏང་ཐེག་པ་ཆེན་པོའི་གཞུང་ལུགས་ལྟར་ན། འཚེ་བ་མེད་པ་ཡིན་ན་ཞི་བ་ཡིན་དགོས་པའི་ཁྱབ་པ་མེད། གང་ལྟར་འཚེ་བ་མེད་པ་ཟེར་བ་དེ་གཞན་ལ་མི་གནོད་པ་དང༌། གཞན་ལ་གནོད་པའི་གཞི་མི་བྱེད་པ་དེ་འདྲའི་བྱ་བ་ཞིག་ལ་ཟེར། གཞན་ལ་དངོས་སུ་མི་གནོད་ཀྱང༌། གཞན་ལ་གནོད་པའི་གཞིར་གྱུར་བ་དང༌། གཞན་ལ་གནོད་པའི་རྒྱུར་གྱུར་བ་དེ་འདྲ་ཡིན་ན་འཚེ་བའི་གྲངས་སུ་གཏོགས་འགྲོ་བ་རེད། གཞན་ལ་གནོད་དང་མི་གནོད་ཀྱི་ས་མཚམས་གསལ་བོ་ཤེས་དགོས། བྱ་བའི་འབྲས་བུ་གཞན་ལ་སྨིན་སྐབས་ཕན་པ་ལས་གནོད་པ་མེད་ན་འཚེ་བ་མེད་པ་རེད། གང་ཟག་གཞན་གྱི་སྲོག་གཅོད་པའི་ལས་དེ་འཚེ་བ་ཡིན་མིན་རྩོད་གཞི་རེད། གཙོ་བོ་ལས་བྱེད་མཁན་དེའི་སེམས་ཀྱི་ཀུན་སློང་གི་དབང་དུ་འགྲོ་བཞིན་ཡོད་ཅེས་གསུངས་བྱུང༌།

ཡང་ཁོང་གིས་འཚེ་མེད་ཞི་བ་ཟེར་བ་དེ་ཆོས་སྒྲུབ་བྱེད་ཁོ་ན་མིན་པར། ཆབ་སྲིད་དང་འཇིག་རྟེན་བྱ་བར་གལ་ཆེ་ཚུལ་གསུངས་དོན། འགའ་རེ་ཡིས་འཚེ་བ་མེད་པ་ཟེར་བ་དེ་ཐར་བ་དང་ཐམས་ཅད་མཁྱེན་པའི་ལམ་སྒྲུབ་བྱེད་ཅིག་ལས། འཇིག་རྟེན་ཁྱིམ་པ་ཚོའི་ཉིན་རེའི་མི་ཚེ་སྐྱེལ་སྟངས་དང༌། ལྷག་པར་དུ་རྒྱལ་ཁབ་དང་ཆབ་སྲིད་ཀྱི་ལས་དོན་ནང་འཚེ་བ་མེད་ན་མི་འགྲིག་པའི་བསམ་ཚུལ་ཡོད། དམག་དང་སྐོར་བྱ་བ་མི་དགོས་པར་རྒྱལ་ཁབ་སྐྱོང་ཐུབ་ལ། རྒྱལ་ཁབ་ཀྱི་རང་བཙན་བསྐྱར་གསོ་བྱེད་པར་འཚེ་བ་མེད་པའི་ལམ་ནས་ཡོང་ཐུབ། ཅེས་སྐད་ཆ་དང་པོ་བཤད་མཁན་གྷན་ཌྷི་རེད། གྷན་ཌྷི་ཡིས་འཚེ་བ་མེད་པའི་ལས་འགུལ་ཐོག་ལ་བསམ་གྱིས་མི་ཁྱབ་པའི་ལམ་སྟོན་བྱས་ཡོད། དཔེར་ན་བོད་ནང་གི་བོད་མི་ཚོས་མྱོང་བཞིན་པའི་དཀའ་སྡུག་ཡོད་ཚད། དབང་འཛིན་གྱི་སྟོབས་ཤུགས་འོག་ཏུ་ཡོད་པའི་མང་ཚོགས་ལ་བྱམས་བརྩེ་དང༌། འཚེ་བ་མེད་པའི་ལམ་ནས་ལྟ་སྐྱོང་མ་བྱས་པར། གཉའ་གནོན་དང་འཚེ་བའི་འོག་གནས་ཡོད། དེ་ལྟ་བུའི་འཚེ་བའི་དབང་སྒྱུར་བྱེད་མཁན་གྱི་གང་ཟག་གི་ལན་དུ་འཚེ་བ་བྱས་ན། མང་ཚོགས་ཀྱི་སྡུག་བསྔལ་མེད་པ་བཟོ་ཐབས་མེད་སྟབས། ང་ཚོས་དེ་ལས་ལྡོག་སྟེ་མཐའ་གཅིག་ཏུ་འཚེ་མེད་ཞི་བའི་ལམ་ལ་བརྟེན་དགོས་ཞེས་གསུངས་སོང༌།

ཁོང་གིས་མུ་མཐུད་དུ་སྔོན་མ་རྒྱ་གར་གྱིས་འཚེ་མེད་ཞི་བའི་ལས་འགུལ་སྤེལ་ཕྱོགས་དང་ད་ལྟའི་བོད་མི་ཚོས་འཚེ་མེད་ཞི་བའི་ལས་འགུལ་སྤེལ་ཕྱོགས་གཉིས་དབྱེ་གཤུབ་བསྡུར་གྱི་ཚུལ་དུ་གསུངས་དོན། གྷན་ཌྷི་ཡིས་འཚེ་མེད་ཞི་བའི་ལས་འགུལ་གཏན་ལ་ཕབ་སྐབས། སྒྲུབ་ཕྱོགས་དང་དགག་ཕྱོགས་གཉིས་སུ་དབྱེ་ཡོད། སྒྲུབ་ཕྱོགས་འཛུགས་སྐྲུན་གྱི་ལས་འགུལ་དང༌། དགག་ཕྱོགས་ངོ་རྒོལ་གྱི་ལས་འགུལ་རེད། སྒྲུབ་ཕྱོགས་འཛུགས་སྐྲུན་གྱི་ལས་འགུལ་རྣམ་བཞག་ ༡༨ བསྟན་ཡོད། ལས་འགུལ་ནང་ཞུགས་མཁན་གྱི་ལུས་ངག་ཡིད་གསུམ་གྱི་ནུས་པ་ཡར་རྒྱས་སུ་བཏང་སྟེ། དཔལ་འབྱོར་དང་ཆབ་སྲིད། སྤྱི་ཚོགས་བཅས་ཀྱི་སྟོབས་ཤུགས་ཀྱིས་རང་ཁ་རང་གསོ་ཐུབ་རྒྱུར་དམིགས་ཡོད། དགག་ཕྱོགས་ངོ་རྒོལ་གྱི་ལས་འགུལ་དེ་རྔམ་སྟོན་ཁྲོམ་སྐོར་དང་མཐུན་སྒྲིལ་མི་བྱེད་པ། བདེན་པའི་ཨུ་ཚུགས་ཀྱིས་རང་གི་མངོན་འདོད་སྒྲུབ་པ་སོགས་རེད། དགག་ཕྱོགས་ཀྱི་ལས་འགུལ་བསྒྲུབ་མ་ཐུབ་ཀྱང་སྐྱོན་ཆེན་པོ་མེད། སྒྲུབ་ཕྱོགས་ཀྱི་ལས་འགུལ་བསྒྲུབ་མ་ཐུབ་ན། གཞི་རིམ་གྱི་ནུས་པ་ཆག་འགྲོ། ལོ་སྔོན་མའི་སྐུའི་འཁྲུངས་སྐར་ཉིན་བཀའ་ཤག་གི་གསུང་འཕྲིན་ནང༌། སྒྲུབ་ཕྱོགས་ཀྱི་ལས་འགུལ་རྣམ་གྲངས་ ༡༡ ཙམ་བཀོད་ཡོད། བཙན་བྱོལ་བོད་མི་ཚོས་ལོ་འཁོར་ཟླ་བ་བཅུ་གཉིས་རིང་ངོ་རྒོལ་དང་ཟས་བཅད་ཀྱིས་འཁྱོལ་ཐུབ་མེད། འཁྱོལ་ཡང་གྲུབ་འབྲས་ཆུང༌། གྷན་ཌྷི་ཡིས་སྒྲུབ་ཕྱོགས་དང་དགག་ཕྱོགས་གཉིས་ཀ་འཚེ་མེད་ཞི་བའི་ལམ་ནས་འགྲོ་དགོས་པར་གཟིགས་ཏེ། སྐབས་ཤིག་ཁོང་གིས་དགག་ཕྱོགས་ཀྱི་ལས་འགུལ་ཤུགས་ཆེན་སྤེལ་སྐབས་གློ་བུར་དུ་མཚམས་འཇོག་བྱས་ཏེ། མི་རྣམས་ཧ་ལས་སུ་བཅུག་ཡོད། དེ་ནི་ལས་འགུལ་བ་ཚོའི་ལུས་ངག་ཏུ་འཚེ་བའི་རྣམ་པ་འཐོན་བཞིན་ཡོད་པ་རེད། ང་ཚོའི་ལས་འགུལ་འཚེ་མེད་ཞི་བ་ཡིན་ཟེར་གྱིན་ཡོད་ཀྱང༌། ལུས་ངག་གི་རྣམ་འགྱུར་དྲག་ཤུལ་དང་འཇིགས་རུང༌། གདུག་རྩུབ་ཀྱི་རྣམ་འགྱུར་བསྟན་པ་ཡིན་ན། བོད་ཀྱི་རྩ་དོན་ལ་ཕན་པ་ལས་གནོད་ཚབས་ཆེ། བོད་ཀྱི་རྩ་དོན་ངོ་མ་དེ་སངས་རྒྱས་ཀྱི་བསྟན་པ་རེད། སངས་རྒྱས་ཆོས་ལུགས་རེད། ལྷག་པར་དུ་རབ་བྱུང་བ་ཚོས་འདི་ལྟར་བྱས་ན། སངས་རྒྱས་ཀྱི་བསྟན་པ་ལ་ཉེན་ཁ་ཡོད། དེར་བརྟེན་རབ་ཏུ་བྱུང་བ་ཚོ་ཆབ་སྲིད་ཀྱི་བྱ་བའི་ནང་མ་ཞུགས་ཟེར་གྱིན་མེད། རབ་བྱུང་བ་ཚོ་མིའི་སྤྱི་ཚོགས་ནང་སྡོད་དགོས་སྟབས། སྤྱི་ཚོགས་དང་ཆབ་སྲིད་ཀྱི་ལས་དོན་ཐོག་མཉམ་ཞུགས་བྱ་དགོས། མཉམ་ཞུགས་བྱེད་སྟངས་དེ་ཆོས་དང་མི་འགལ་བ། འདུལ་བ་དང་མི་འགལ་བ། འཚེ་མེད་ཞི་བའི་ལྟ་གྲུབ་དང་མི་འགལ་བའི་ཐོག་ནས་ལས་འགུལ་ནང་མཉམ་ཞུགས་བྱ་རྒྱུ་གལ་ཆེ།

ཡང་ཁོང་གིས་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དང་བཙན་བྱོལ་གཞུང་གི་ཆབ་སྲིད་ལྟ་བར་འགལ་ཟླ་ཡོད་པ་གསལ་བཤད་བྱས་དོན། བཙན་བྱོལ་གཞུང་དང་ཆབ་སྲིད་ཀྱི་ལྟ་བ་མི་མཐུན་པའི་ཚོགས་པ་སྒྲིག་འཛུགས་ཁག་ལ་ང་ཚོས་འདི་ལྟར་ལབ་ཀྱིན་ཡོད། ཁྱོད་ཚོས་གཞུང་དང་ཆབ་སྲིད་ལྟ་བ་མི་མཐུན་པ་དེ་མང་ཚོགས་ལ་གསལ་བོ་བཟོ་དགོས་པ་རེད་མ་གཏོགས། ནང་དོན་གཅིག་པ་ཡིན་མདོག་མདོག་བྱས་ན་ཡག་པོ་མ་རེད། ཆབ་སྲིད་དགོས་མཁོའི་ཐོག་ནས་ལྟ་གྲུབ་འདྲ་མིན་བཟོས་བཞག་པ་ལས། ང་ཚོ་ཚང་མར་རྒྱལ་བ་རིན་པོ་ཆེས་བཀོད་སྒྲིག་བྱས་པ་ཡིན་མདོག་མདོག་བྱེད་པ་དེ་ཞེ་དྲག་ཐབས་སྐྱོ་བོ་རེད། འདི་ལྟར་བྱས་ན། དམངས་གཙོའི་སྤྱི་ཚོགས་ཀྱི་གནས་ཚུལ་ལ་ཕན་གི་མ་རེད་ལ། བོད་པའི་རྩ་དོན་ལའང་ཕན་གི་མ་རེད། གཞུང་དང་ཆབ་སྲིད་ཀྱི་ལྟ་གྲུབ་མི་མཐུན་པ་དང༌། རྒྱལ་བ་རིན་པོ་ཆེའི་དགོངས་དོན་དང་མི་མཐུན་པ་ཁས་ལེན་དགོས། མང་ཚོགས་ལ་གསལ་བོ་བཟོ་དགོས་ལབ་ཀྱི་ཡོད་ཟེར།

ཡང་ཁོང་གིས་དབུ་མའི་ལམ་ངོ་སྤྲོད་བྱས་དོན། གཞུང་གི་སྲིད་ཇུས་ལ་དབུ་མའི་ལམ་ཟེར་གྱིན་ཡོད། དབུ་མའི་ལམ་ཞེས་པ་མཐའ་གཉིས་སྤངས་པའི་དབུས་ཀྱི་དོན་རེད། རྒྱ་ནག་ལས་ཁ་བྲལ་ཏེ་བོད་རང་བཙན་གཙང་མ་བསྐྱར་གསོ་བྱ་རྒྱུ་མཐའ་གཅིག་རེད། ད་ལྟའི་བོད་པའི་གནས་སྟངས་ལྟར་སྡོད་རྒྱུ་མཐའ་གཉིས་པ་དེ་རེད། མཐའ་དེ་གཉིས་སྤངས་པའི་དབུ་མ་དེ་གང་རེད་ཟེར་ན། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆབ་སྲིད་ཀྱི་སྒྲོམ་གཞིའི་འོག་ནས། བོད་མི་ས་ཡ་དྲུག་གམ། བོད་རིགས་ཡོངས་ལ་མི་རིགས་ས་གནས་རང་སྐྱོང་གི་གནས་བབ་ཆ་ཚང་ལྷག་བསམ་རྣམ་དག་ཐོག་ལག་བསྟར་ཡོང་རྒྱུ་དེ་རེད། བོད་མི་རིགས་ཀྱི་མཐར་ཐུག་གི་དམིགས་ཡུལ་བོད་དེ་འཚེ་མེད་ཞི་བའི་སྤྱི་ཚོགས་ཤིག་ཏུ་བསྒྱུར་རྒྱུ་དེ་རེད། དེ་ལ་དབྱེ་བ་ཕྱེ་དགོས་དོན་མེད། ཆབ་སྲིད་དང་དཔལ་འབྱོར། རིག་གཞུང༌། འཕྲོད་བསྟེན། སྐད་ཡིག་ཚང་མ་དེའི་ནང་ཚུད་ཡོད། མི་རིགས་ས་གནས་རང་སྐྱོང་དེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟ་གྲུབ་ལས་བྱུང་བ་རེད། གྲངས་ཉུང་མི་རིགས་ལ་མི་རིགས་དང་གྲལ་རིམ་གྱི་གཉའ་གནོན་བཤུ་གཞོག་མི་ཡོང་ཆེད་རེད། མི་རིགས་ས་གནས་རང་སྐྱོང་བཅའ་ཁྲིམས་ནང་ས་གནས་འཐུས་ཚོགས་ལ་ཁྲིམས་བཟོའི་དབང་ཆ་དང༌། འཛིན་སྐྱོང༌། འཛུགས་སྐྲུན། དཔལ་འབྱོར། འཕྲོད་བསྟེན་སོགས་ཀྱི་དབང་ཆ་ཆ་ཚང་ཡོད། དབུས་ཀྱི་བཀོལ་ཁྱབ་ས་གནས་སུ་མི་འཚམ་ན། ལག་བསྟར་བྱ་མི་དགོས། ང་ཚོའི་དབུ་མའི་ལམ་གྱི་མངོན་འདོད་ཡང་དེ་རེད། མངོན་འདོད་དེ་སྒྲུབ་པར་རྒྱ་ནག་གི་རྩ་ཁྲིམས་ལ་འགྱུར་བ་གཏོང་མི་དགོས་ལ། ད་ལྟའི་ཆབ་སྲིད་ལམ་སྲོལ་ལའང་འགྱུར་བ་གཏོང་མི་དགོས། གང་ཞིག་དགོས་པ་རེད་ཟེར་ན། རྒྱ་ནག་གི་མགོ་ཁྲིད་ཚོར་ཆབ་སྲིད་ཀྱི་ཆོད་སེམས་ཤིག་དགོས་པ་རེད། དེ་བྱུང་ན་ཉིན་གཅིག་ལ་བསྒྲུབ་ཐུབ་པ་ཞིག་རེད། འབྱུང་ན་གྲོས་མོལ་ཐེངས་བརྒྱད་པའི་སྐབས། མི་རིགས་ས་གནས་རང་སྐྱོང་བཅའ་ཁྲིམས་བོད་ས་ཡོངས་སུ་ལག་བསྟར་བྱེད་ཕྱོགས་ཐད་བསམ་ཚུལ་བསྡུར་རྒྱུ་རེད་ཅེས་གསུངས་བྱུང༌།

འབྲེལ་ཡོད་གསར་འགྱུར།

From left 1. BTSM women members, 2. Shri Rupesh Kumar, National Central Executive Member of Rashtriya Swayamsevak Sangh (RSS), 3. Shri Lt. Gen. R.K. Sharma (Retd.), 4. Shri Indresh Kumar, Patron of BTSM, 5. Thupten lungrig, Former Cabinet Minister, 6. Shri Pankaj Goyal, National Organisational Secretary, BTSM, 7. Shri Sanjeev Manmotra, BTSM Jammu.
Mobile App

ལུས་སེམས་གཉིས་ཀྱི་ཐོག་ནས་བོད་དོན་འཐབ་རྩོད་མུ་མཐུད་བྱ་རྒྱུ་ཡིན།

ཆུ་ཚོད་ ༡༨ སྔོན་ལ།
དགའ་ལྡན་བྱང་རྩེ་གྲྭ་ཚང་ནས་ཡིན་པའི་དགེ་འདུན་པ་བཀྲ་ཤིས་དོན་གྲུབ་ལགས། རྒྱ་གར་གསར་ལམ་ཁག་གི་པར།
Mobile App

དགེ་འདུན་པ་ཞིག་དམར་གསོད་བཏང་བའི་དོགས་ཡོད་ཉེས་ཅན་ལྔ་འཛིན་བཟུང་བྱས་འདུག

ཆུ་ཚོད་ ༢༠ སྔོན་ལ།
བོད་ཀྱི་དུས་བབ་གསར་ཁང་གི་པར
Mobile App

དབུས་འོས་བསྡུ་ལས་ཁང་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་གཏུགས།

༢༠༢༦/༠༥/༠༥
This photograph taken during a government-organized media tour shows a young boy standing near his house in Damxung county, in China’s Tibet Autonomous Region, in June 2021. (Photo: Hector Retamal/AFP)
Mobile App

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས་རྒྱ་ནག་གིས་བོད་ཀྱི་སྐད་ཡིག་རྩ་མེད་གཏོང་ཐབས་བྱེད་བཞིན་པ་ཐེར་འདོན་གནང་། 

༢༠༢༦/༠༥/༠༥
Tibetans in Nepal Advised not to Hold March 10 Rallies
Mobile App

ཨ་རིས་བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བར་ལྟ་རྟོག་དགོས་པའི་སྐུལ་མ་བྱས།

༢༠༢༦/༠༥/༠༥
ཐའེ་ལན་ཌིའི་གསར་འགོད་པ་ཝུའུ་ཌི་མི་ལིན་ཊ་ཆིན་ཊ་(Woody Milintachinda) ལགས་ཀྱིས་སྣེ་འཁྲིད་པའི་ནང་པའི་ཚོགས་པ་ཐའེ་ལན་ཌི་ཝུའུ་ཌི་ཝོེ་ཌི་(Woody World Thailand ) ཡི་ཚོགས་མི་ ༢༠ ཡིས་༧གོང་ས་མཆོག་ལ་མཇལ་བཅར་ཞུས། ༢༠༢༦།༠༥།༤
༸གོང་ས་མཆོག གསར་འགྱུར།

ཐའེ་ལན་ཌི་དང་བོད་བར་གྱི་འབྲེལ་ལམ་དེ་ནི་འབྲེལ་མོལ་གྱིས་མཐུན་སྒྲིལ་ཡོང་བའི་དཔེ་མཚོན་ཡག་པོ་ཞིག་ཡིན་ཞེས་བཤད།

༢༠༢༦/༠༥/༠༤

མཆན། 1

  1. ལྷ་་སྤྱན་གསུམ་པ says:
    ལོ་ 18 སྔོན།

    གྲོགས་པོ་ལགས་འདས་ལོ་རྒྱུས་ལ་གཟིགས་དང་ནང་བའི་གྲུབ་མཐའི་བར་འཁོར་བའི་ཕྱོགས་རས་ཀྱི་མེ་ལྕེ་ཚ་བོ་བོད་སུལ་བུར་གཏོར་བ་མིན་ནམ་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese