མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རྒྱ་ཞི་མོལ་གྱི་ཐོག་བགྲོ་གླེང་བྱ་འཆར་ཡོད།

བོད་ཀྱི་དུས་བབ།
༢༠༠༨/༠༩/༠༩
Share on FacebookShare on TwitterShare on EmailShare on Whatsapp

བོད་གཞིས་བྱེས་རྒྱ་ཆེའི་མི་དམངས་ཀྱི་སྐུ་ཚབ་མཚོན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཟབ་རྒྱས་ངང་འཚོགས་སོང་ལ། ཐེངས་འདིའི་ཚོགས་འདུའི་སྟེང༌། ད་ལོའི་བོད་ནང་གི་དོན་རྐྱེན་སྐོར་དང༌། རྒྱ་ཆེའི་མང་ཚོགས་ནས་བསམ་བློ་བསྐྱར་དུ་གཏོང་གིསན་ཡོད་པ་བཞིན། བོད་པའི་རྩ་དོན་འཐབ་རྩོད་བྱེད་ཕྱོགས་ཀྱི་སྲིད་བྱུས། དེ་བཞིན་དམིགས་བསལ་སྐུ་ཚབ་རྣམ་གཉིས་གདན་ཞུས་ཀྱིས་ཐེངས་བརྒྱད་པའི་བོད་རྒྱའི་འབྲེལ་མོལ་གྱི་ཁ་ཕྱོགས་བཅས་ལ་བགྲོ་གླེང་ཞིབ་རྒྱས་བྱ་འཆར་ཡོད།

སྐབས་བཅུ་བཞི་བའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པ། ཕྱི་ཚེས་ ༨ ཉིན་གྱི་ཞོགས་པ་མགོ་བརྩམས་ཡོད། ཉིན་དེའི་ཞོགས་པར་བོད་མི་དམངས་སྤྱི་འཐུས་ཚོགས་གཙོ་གཞོན་གཉིས་གཙོས་པའི་གྲོས་ཚོགས་འཐུས་མི་རྣམ་པ་དང༌། བཀའ་བློན་ཁྲི་པ་གཙོས་པའི་བཀའ་བློན་རྣམ་པ། དེ་བཞིན་ལྷན་ཁང་ཁག་གི་དྲུང་ཆེ་དང་ཟུར་ཉན་པ་བཅས་ལྷན་འཛོམས་ཐོག བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་སྐྱོར་བ་དང༌། དེའི་རྗེས་ད་ལོ་བོད་ནང་རྒྱལ་ཁབ་དང་མི་རིགས་ཀྱི་རང་དབང་ཆེད་སྐུ་སྲོག་ཤོར་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ ༢༡༨ ཙམ་ཡོད་པ་དང༌། གཡུང་དྲུང་བོན་གྱི་སྤྱི་ཟུར་སྡེ་དགེ་གཡུང་དྲུང་རྣམ་རྒྱལ་ལགས་ད་ལོའི་ཕྱི་ཟླ་ ༦ ཚེས་༡༨ ཉིན་སྐུ་ཚེའི་འཕེན་པ་རྫོགས་ཡོད་པ་བཅས་ལ་གཞུང་འབྲེལ་མྱ་ངན་གུས་འདུད་ཞུས་ཡོད་ལ། ཚོགས་ཐོག་ཏུ་དབྱིན་ཡུལ་གྱི་གྲོས་ཚོགས་འཐུས་མི་གསུམ་ཆེད་དུ་འཚམས་གཟིགས་སུ་ཕེབས་ཡོད། སྤྱི་ལོ་ ༢༠༠༧ ནས་ ༢༠༠༨ བར་གྱི་བཙན་བྱོལ་བོད་གཞུང་གི་སྔོན་རྩིའི་བཀའ་འཁྲོལ་གཏན་འབེབས་ཧིན་སྒོར་ས་ཡ་བརྒྱ་དང་དགུ་བཅུ་ ༡༩༠༠༠༠༠༠༠ ཙམ་ཡིན་ཡང༌། ད་ལྟ་སོང་ཟིན་པ་ཧིན་སྒོར་ས་ཡ་བརྒྱ་དང་ལྔ་བཅུ་ཡིན་པ་དང༌། ད་དུང་ས་ཡ་བཞི་བཅུ་ ༤༠༠༠༠༠༠༠ ཙམ་ལྷག་ཡོད་པའི་ཐད། གྲོས་སྤྱི་འཐུས་རྣམ་པ་ཐུགས་འཚབ་གནང་གཞི་ཆགས་ཡོད། ཐེངས་འདིར་བཙན་བྱོལ་བོད་གཞུང་གི་སྤྱི་ལོ་ཉིས་སྟོང་བདུན་དང་བརྒྱད་ལོའི་ལས་སྡོམ་ཡིག་ཆ་དང་སྤྱི་འཐུས་རྒྱུན་ལས་ནས་ཞིབ་འཇུག་བྱས་པའི་སྙན་ཐོ་བཅས་ལ་བགྲོ་གླེང་དང༌། ད་ལོའི་བོད་མིའི་སྒེར་ལངས་དང་དེ་ལ་རྒྱ་གཞུང་གིས་དྲག་གནོན་བྱེད་མུས་ལ། རང་དབང་ལུང་པའི་བོད་མི་རྣམས་དང་བོད་དོན་རྒྱབ་སྐྱོར་བ་ཚོས་སྔར་ལས་ལྷག་པའི་བྱ་ཐབས་ཅི་དགོས་ཐད། ཐེངས་འདིར་བགྲོ་གླེང་དགོས་པའི་གྲོས་ཆོད་བཞག་ཡོད།

སྤྱི་འཐུས་ཚོགས་གཙོ་ཀརྨ་ཆོས་འཕེལ་མཆོག་གིས་ཚོགས་འདུའི་དབུ་འཛུགས་གསུང་བཤད་གནང་དོན། ད་ལོ་གསུམ་བཅུའི་དུས་དྲན་ནས་བོད་ནང་གི་རྒྱ་ཆེའི་མི་དམངས་ཀྱིས་ཞི་བའི་གྱེན་ལངས་གཞི་རྒྱ་ཆེན་པོ་ཞིག་བྱས་ཡོད་ལ། དེ་ལ་རྒྱ་གཞུང་གིས་མི་སྤྱོད་ལས་འདས་པའི་དྲག་གནོན་ཚབས་ཆེན་བཏང་དང་གཏོང་མུས་རེད། ཡིན་ནའང༌། བོད་མི་ཚོས་གང་ཐུབ་ཐུབ་ཀྱིས་ཞི་རྒོལ་གནང་རྒྱུའི་ཆོད་སེམས་མུ་མཐུད་བརྟན་པོར་གནས་ཡོད། དེ་ལ་རྒྱ་ནག་གི་དམ་དྲག་ཡོང་རྒྱུའི་ཛ་དྲག་གི་གནས་སྟངས་ཡང་མུ་མཐུད་གནས་ཡོད། གཉིས་པ། རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་རྫོགས་ཚར་ཡོད། དེའི་རྗེས་སུ་བོད་ནང་རྒྱ་གཞུང་གིས་ཞིབ་བཤེར་དང་སུན་གཙེར་བཟོ་རྒྱུ་ཤུགས་ཆེ་རུ་གཏོང་རྒྱུའི་གནས་ཚུལ་ཡོང་གིན་ཡོད་པ་རེད། དེ་ལ་སྤྱི་འཐུས་རྒྱུན་ལས་ནས་གོ་བསྡུར་གོ་སྒྲིག་ཞུས་པའི་ཐོག་ལ། ད་རེབ་གྲོས་ཚོགས་འདིའི་ནང་དུ་ལས་ཁུངས་མ་ལག་དང་བཅས་བའི་ལས་སྡོམ་ཐོག་བགྲོ་གླེང་གནང་རྒྱུ་དང༌། བོད་ནང་གི་ད་ལྟའི་ཛ་དྲག་གི་གནས་སྟངས་ཐོག་གྲོས་ཚོགས་ལ་ཐུགས་འཚབ་ཡོད་པ་སྟོན་ཆེད་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ཡོད་ལ། དུས་ཚོད་ཟུར་བཅད་ཀྱིས་ག་བསྡུར་གནང་རྒྱུ་དང༌། སྔོན་མ་གྲོས་ཚོགས་ཚོགས་དུས་ལྔ་བར་ལས་དོན་མཚམས་འཇོག་བྱས་དགོས་བྱུང་བའི་གྲུབ་ནག་ཅིག་ཐེངས་འདིའི་གྲོས་ཚོགས་ནང་དུའང་གནས་ཡོད། དེར་བརྟེན། བོད་ཀྱི་གནས་སྟངས་ཐོག་གཞིས་བཞུགས་སྤུན་ཟླ་ཚོའི་ཕྱག་ལས་གནང་ཕྱོགས་ལ། ཐུགས་འཚབ་དང་གུས་འདུད། རྒྱབ་སྐྱོར་ཡོད་པ་དེ་ཐེངས་འདིའི་ཚོགས་དུས་རིང༌། གོ་བསྡུར་བྱེད་རྒྱུ་གལ་ཆེན་པོ་ཆགས་ཡོད། དེ་མིན་༧གོང་ས་མཆོག་བོད་ཀྱི་ཛ་དྲག་གནས་སྟངས་ཆེད། རྒྱལ་སྤྱིའི་ནང་ཕེབས་པ་དང༌། མཛད་འཕྲིན་སྐུ་ངལ་མང་དྲགས་པ་སོགས་ལ་བརྟེན། ཉེ་ཆར་ཧྥ་རན་སི་ནས་ཕྱིར་ཕེབས་མ་ཐག བདུན་ཕྲག་གསུམ་རིང་གི་མཛད་རིམ་ཕྱིར་བསྡུ་གནང་སྟེ། མུམ་བྷེ་ལ་བརྟག་དཔྱད་དུ་ཕེབས་དགོས་པའི་གནས་སྟངས་བྱུང་ཡོད། ཡིན་ནའང་དེ་རིང་གྲོས་ཚོགས་བརྒྱུད་ནས་བོད་རིགས་ཡོངས་ལ་ཞུ་རྒྱུ་ཞིག་ལ། བརྟག་དཔྱད་སྐབས་སྙུང་གཞི་སྡུག་ཅག་དེ་འདྲ་གང་ཡང་མི་འདུག་ཟེར་ལ། མི་འགྱངས་པར་བཞུགས་སྒར་དུ་ཕེབས་ཏེ། སྔོན་མ་བཀའ་ཤག་དང་སྐུ་སྒེར་གྱི་གསལ་བསྒྲགས་ལྟར་བདུན་ཕྲག་གསུམ་ལ་སྐུ་ངལ་གསོ་རྒྱུ་ཐུགས་གཏན་འཁེལ་ཡོད། དེར་སེམས་འཚབ་ཆེན་པོ་གནང་མི་དགོས་མོད། སྤྱི་མཐུན་བསོད་ནམས་མུ་མཐུད་གསོག་དགོས་པ་རེད་སྙམ་ཡོད། གྲོས་ཚོགས་ཚོགས་དུས་ལྔ་བའི་སྐབས་ལས་རིམ་མཚམས་འཇོག་བྱས་ཏེ་ལས་དོན་ལུས་ཡོད་པ་དང༌། གཞན་པའི་ལས་དོན་གལ་ཆེན་པོ་རེ་གཉིས་ཡོད་པར་གོ་བསྡུར་ཞིབ་རྒྱས་གནང་དགོས་ཞེས་གསུངས་བྱུང༌།

བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཞིར་བཟུང་ཚོགས་གཙོ་བཞུགས་མིན་གྱི་གནས་ཚུལ་བྱུང་ན། ཚོགས་གཙོའི་ལས་ཚབ་ཏུ་གྲོས་ཚོགས་འཐུས་མི་གསུམ་ནས་ལྔ་བར་བསྐོ་འཇོག་བྱེད་སྲོལ་ཡོད་པ་བཞིན། ཐེངས་འདིར་ཚོགས་གཙོའི་ལས་ཚབ་ཏུ་སྤྱི་འཐུས་ཀརྨ་ཤེས་རབ་མཐར་ཕྱིན་དང༌། སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན། སྤྱི་འཐུས་འཕེལ་རྒྱས་སྒྲོལ་མ་མཚོ་མོ་གསུམ་བསྐོ་འཇོག་བྱས་རྗེས། བཙན་བྱོལ་བོད་གཞུང་གི་ལས་ཁུངས་མ་ལག་དང་བཅས་པའི་སྤྱི་ལོ་ ༢༠༠༧ ནས་ ༢༠༠༨ བར་གྱི་ལོ་འཁོར་ལས་སྡོམ་སྙན་ཐོ་འབྲེལ་ཡོད་ལྷན་ཁང་བཀའ་བློན་ནས་གྲོས་ཚོགས་ནང་སྙན་སྒྲོན་ཞུས་ཡོད།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese