མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མི་ཡུལ་དུ་འཚར་བཞིན་པའི་སོན་རྩ་ངོ་མ།

བོད་ཀྱི་དུས་བབ།
༢༠༠༨/༠༩/༡༠
Share on FacebookShare on TwitterShare on EmailShare on Whatsapp

མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་དབུ་བརྙེས་ཏེ། འདས་པའི་ལོ་གསུམ་རིང་དགེ་ལས་ཚོས་དཀའ་སྡུག་སྣ་ཚོགས་ལ་གདོང་ལེན་བྱས་ཏེ་སློབ་ཕྲུག་གི་ཉིན་རེའི་སློབ་ཚན་གོ་སྒྲིག་དང་ནང་ལས་ཞུ་དག སློབ་ཕྲུག་ཚོས་ནང་སྔ་ལངས་དང་དགོང་འཕྱི་ཉལ་གྱིས་སློབ་སྦྱོང་ལ་ཧུར་བརྩོན་བྱས་པས་འབྲས་བུ་གཡུར་དུ་ཟ་བ་བླངས་ཡོད་འདུག
ཟླ་གཅིག་གི་རྗེས་ཏེ། ཕྱི་ཟླ་ ༡༠ ཚེས་ ༡༠ ཉིན་ནི་བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་བྱུས་གསར་བ་དངོས་སུ་ལག་བསྟར་མགོ་བཙུགས་པ་དང༌། ྋགོང་ས་མཆོག་གིས་བོད་ཀྱི་ཆོས་རྒྱལ་མེས་དབོན་རྣམ་གསུམ་སྐབས་བོད་མི་རིགས་ཀྱི་རིག་རྩལ་ལ་སྟོབས་ཤུགས་གང་ཡོད་པ་དེ། མ་འོངས་པའི་མི་རབས་ཚོས་བསྐྱར་གསོ་དང་རྒྱུན་འཛིན་བྱེད་ཐུབ་པ་ཞིག་ཤེས་ཡོན་སྲིད་བྱུས་ཀྱི་ལམ་སྲོལ་འདིའི་འོག་ནས་ཡོང་རྒྱུ་ལ་ཐུགས་སྨོན་ཡིད་ཆེས་གནང་ཡོད་པའི་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་དབུ་བརྙེས་ནས་མི་ལོ་ཧྲིལ་བོ་གསུམ་འཁོར་བའི་ཉིན་ཡིན་ལ། ད་ནི་སློབ་གྲྭ་འདི་དབུ་བརྙེས་ནས་མི་ལོ་ཧྲིལ་བོ་གསུམ་རིང་གི་ཤེས་ཡོན་སྲིད་བྱུས་ཀྱི་གནས་བབ་དང༌། སློབ་ཕྲུག་ཚོའི་ཤེས་ཡོན་གནས་ཚུལ་ལ་རྒྱུས་ལོན་ཞིག་བྱེད་པའི་དུས་ཀྱང་ཡིན་སྟབས། ཕྱི་ཚེས་ ༨ ཉིན་འདི་གའི་གསར་འགོད་པ་ཆེད་དུ་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭར་བསྐྱོད་དེ་སློབ་སྤྱི་དང་དགེ་རྒན། སློབ་ཕྲུག་ཁག་ཅིག་ལ་ཐུག་འཕྲད་ཀྱིས་ལོ་གསུམ་རིང་གི་ཤེས་ཡོན་གནས་ཚུལ་རྒྱུས་ལོན་རག་ཙམ་བྱས།

སློབ་གྲྭའི་ཁོར་ཡུག་གི་རྒྱ་ཁྱོན་ཤིན་ཏུ་ཆུང་ཞིང༌། ཡིག་ཚང་དང་འཛིན་ཁང༌། ཉལ་ཁང་བཅས་ཀྱི་བར་ཐག་ཧ་ཅང་གུ་དོག་པའི་སློབ་ར་ཆུང་ཆུང་འདིའི་ནང་དུ། ྋགོང་ས་མཆོག་གིས་ད་བར་ཤེས་ཡོན་འདབ་གཤོག་གཉིས་ལྡན་ཞིག་དགོས་པ་རེད། དེ་ནི་སྲོལ་རྒྱུན་ཤེས་ཡོན་གྱི་འདབ་གཤོག་དང་དེང་དུས་ཤེས་ཡོན་གྱི་འདབ་གཤོག་གཉིས་ཡིན་པ་རེད་ཅེས་གསུངས་པ་ལྟར། རེ་བ་དང་ཡིད་ཆེས་ཀྱིས་ཁེངས་པའི་འདབ་གཤོག་གཉིས་ལྡན་གྱི་བྱེའུ་ཆུང་ཆུང་རེ་འཁྲུངས་ཀྱིན་འདུག་སྟེ། ངས་སློབ་གྲྭའི་སྤྱི་ཁྱབ་ཡིག་ཚང་བརྒྱུད་རྒྱུས་ལོན་བྱས་པ་ལྟར་ན། སློབ་མའི་དུས་ཚིགས་རེའི་རྒྱུགས་འབྲས་ཀྱི་ཚད་འཇལ་སྟངས་ནི། སློབ་ཕྲུག་གི་ཡིག་རྩལ་ལ་བརྒྱ་ཆ་ལྔ་བཅུ་དང་རྒྱུན་ལྡན་གྱི་ཉམས་ཞུགས་དང་བློ་འཛིན། ལས་འཁུར། དཔོད་བྲིས། ཚོད་ལྟ་བཅས་ཀྱི་ཆ་སྙོམས་ཀྱི་བརྒྱ་ཆ་ལྔ་བཅུ་བཅས་རེད་ལ། ཕྱོགས་བསྡོམས་ཀྱི་བརྒྱ་ཆ་མཐོ་ཤོས་ལེན་མཁན་ལ་ཀ་དང་དེ་ལས་ཅུང་ཞན་པ་ལེན་མཁན་ལ་ཁ། དེ་བས་ཀྱང་ཞན་པ་ཚོར་ག་དང་ང༌། ཅ་བར་དུ་ཡོད་ཅིང་ཀ་མེད་སུམ་བཅུའི་ནང་གི་ཕྱོགས་སྡོམ་གྱི་བརྒྱ་ཆ་ཅ་ལེན་མཁན་ནི་སྤྱིར་བཏང་སློབ་སྦྱོང་དང་ཀུན་སྤྱོད། སྒྲིག་ཁྲིམས་གང་གི་ཆ་ནས་ཀྱང་སྡུག་ཤོས་ཡིན་མོད། ད་བར་ག་ལེན་མཁན་རེ་ཟུང་མ་གཏོགས་སློབ་ཕྲུག་ཕལ་ཆེ་བས་ཀ་དང་ཁ་བླངས་ཡོད་པ་དགེ་རྒན་ཚོའི་སློབ་ཁྲིད་འཆར་འགོད་ཀྱི་དེབ་ནང་དུ་གསལ་བོར་འཁོད་འདུག་ལ། སློབ་སྦྱོང་གི་རྒྱུགས་འབྲས་ལ་བལྟ་སྐབས་སྐད་ཡིག་སློབ་ཚན་ལྟ་བུར་མཚོན་ན། རྒྱུགས་འབྲས་ཀྱི་ཀློག་རྩལ་ལ་སྒྲ་གདངས་དང་གོ་རྟོགས། འབྲི་རྩལ་ལ་ཡིག་གཟུགས་དང་འབྲི་རྩོམ། བརྡ་སྤྲོད་ལ། དག་ཆ་དང་མིང་ཚིག བཤད་རྩལ་ལ། གྲོས་མོལ་དང་ངག་འདོན། ཉན་རྩལ་ལ། གོ་རྟོགས་བཅས་ཀྱིས་གྲུབ་ཡོད་འདུག

སློབ་སྤྱི་ཚེ་རིང་གཡུ་སྒྲོན་ལགས་ཀྱིས་གསུངས་དོན། སྔོན་འགྲོ་ནས་འཛིན་གྲྭ་གསུམ་པ་བར་བོད་ཡིག་གཅིག་པུ་ཡག་པོ་བསླབ་ཁྲིད་བྱེད་ཀྱིན་ཡོད་ཅིང༌། སློབ་ཕྲུག་ཚོར་ཡང་བོད་ཡིག་གི་འབྲི་ཀློག་ཡག་པོ་ཡོད་པ་མ་ཟད། འཛིན་རིམ་བཞི་བ་ནས་དབྱིན་ཡིག་བསླབ་ཀྱིན་ཡོད་ནའང༌། ཆུང་ཆུང་ནས་སྐད་ཡིག་གཅིག་ལ་སྦྱང་བརྩོན་ཡག་པོ་ཡོད་སྟབས། སློབ་གྲྭ་གཞན་གྱི་འཛིན་རིམ་བཞི་བའི་སློབ་ཕྲུག་དང་བསྡུར་ན་ང་ཚོའི་སློབ་ཕྲུག་ཚོར་དབྱིན་ཡིག་གི་འབྲི་ཀློག་ཡག་པོ་འདུག་ཟེར་ལ། ཁོང་དང་མཉམ་དུ་འཛིན་ཁང་འགའི་ནང་ཕྱིན་སྟེ། ངས་སློབ་ཕྲུག་ཁག་ཅིག་གི་འབྲི་ཀློག་ལ་རྒྱུས་ལོན་བྱས་སྐབས། ལོ་ན་ཧ་ཅང་ཆུང་བའི་སློབ་ཕྲུག་འདི་དག་གིས་བྲིས་པའི་ཡིག་གཟུགས་ཤིན་ཏུ་ལེགས་ཤིང༌། ངག་འདོན་སྐབས་སྒྲ་དག་ཅིང༌། གཅོད་མཚམས་རན་པ་ཞིག་རེད། དགེ་རྒན་ཚོས་སློབ་ཕྲུག་ཚོར་དབྱིན་ཡིག་གི་རྩོམ་ཐུང་བོད་ཡིག་ནང་བསྒྱུར་རྒྱུ་དང༌། རི་མོར་བལྟས་ནས་རྩོམ་ཡིག་འབྲི་བ། ཉིན་རེར་ཉིན་ཐོ་འབྲི་བ་སོགས་ཀྱི་ལས་བྱ་སྣ་ཚོགས་གོ་སྒྲིག་བྱས་འདུག་ལ། ངས་སློབ་ཕྲུག་བཅུ་ཙམ་ལ་བོད་ཡིག་དང་དབྱིན་ཡིག་ཀློག་འདོན་བྱེད་དུ་བཅུགས་ཤིང༌། ཁོང་ཚོ་སྤྱིར་བཏང་ཤེས་ཡོན་དང་གོ་རྟོགས་གང་འདྲ་ཡོད་མེད་ཀྱང་རྒྱུས་ལོན་བྱས། ཡིན་ནའང༌། ནམ་རྒྱུན་ནས་བཙན་བྱོལ་བོད་གཞུང་གི་ཤེས་ཡོན་སྲིད་བྱུས་ཀྱི་ལངས་ཕྱོགས་ལ་འདོད་བློ་ཁེངས་ཀྱི་མེད་ཅིང༌། སློབ་གྲྭར་ཡོད་སྐབས་དགེ་རྒན་ཚོས་སློབ་ཁྲིད་བྱེད་སྟངས་དང་སློབ་ཁྲིད་འཆར་འགོད་བྱེད་སྟངས་ལ་གཏན་ནས་འདོད་བློ་ཁེངས་མྱོང་མེད་པའི་ཕྲན་ལ། ཐེངས་འདིར་སྔར་བྱུང་མྱོང་མེད་པའི་རེ་བ་དང་ཡིད་ཆེས་གསར་བ་ཞིག་རྙེད་བྱུང་ལ། ད་དུང་འཛིན་གྲྭ་རེ་འགའི་ནང་དགེ་རྒན་ཚོ་སློབ་ཕྲུག་དང་མཉམ་དུ་སར་བསྡད་དེ་བྱམས་བརྩེ་དང་ཐབས་མཁས་ཀྱི་ངང་ནས་སློབ་ཁྲིད་བྱེད་ཀྱིན་འདུག་ཅིང༌། ཚུལ་དེ་ནི་སྲོལ་རྒྱུན་གྱི་རིག་གནས་རྨང་གཞིར་བྱས་པའི་སློབ་གྲྭ་འདི་ལྟ་བུར་མཚོན་ན་དེང་གི་ཤེས་ཡོན་སྲིད་བྱུས་ཀྱི་ལེགས་ཆ་ཞིག་སྟེ། དགེ་སློབ་ཕན་ཚུན་བར་རྒྱང་ཐག་རིང་བོ་མེད་ཅིང༌། དགེ་རྒན་ཚོས་སློབ་ཕྲུག་ཚོར་བྱམས་སྐྱོང་གིས་སློབ་ཁྲིད་བྱེད་ཀྱིན་པ་དང༌། སློབ་ཕྲུག་ཚོས་ཀྱང་རང་གིས་མི་ཤེས་པ་དེ་ཉིད་དགེ་རྒན་ཚོར་འཚེར་སྣང་མེད་པའི་ཐོག་ནས་འདྲི་ཆོག་ཆོག་ཅིག་ཏུ་མཐོང༌། 

བོད་དགེ་དཀོན་མཆོག་ཚེ་བརྟན་ལགས་ཀྱིས་བརྗོད་དོན། དང་པོ་འདིར་ཡོང་བའི་སློབ་ཕྲུག་ནང་དུ་ཨ་སམ་ཆོས་འཕེལ་གླིང་དང་དར་རྒྱས་གླིང་གི་སློབ་ཕྲུག་རེ་ཟུང་ཡོད་ཅིང༌། ཁོང་ཚོས་བོད་སྐད་བོད་ཡིག་ཤེས་ཀྱི་མི་འདུག ཡིན་ནའང༌། དེང་སྐབས་བོད་སྐད་ཡག་པོ་ཤེས་པ་མ་ཟད། བོད་ཡིག་གི་འབྲི་ཀློག་ཧ་ཅང་ཡག་པོ་ཤེས་ཀྱི་ཡོད་ཅེས་དང༌། ཁོང་གིས་བོད་ནང་ལྟ་བུར་མཚོན་ན་སློབ་ཕྲུག་ཚོས་ཡི་གེ་མི་ཤེས་ནའང་བོད་སྐད་ཡག་པོ་ཤེས་ཀྱི་ཡོད་པ་རེད། འདིར་སློབ་ཕྲུག་རེ་ཟུང་གིས་བོད་སྐད་ཀྱང་མི་ཤེས་པ་ནི་དགེ་རྒན་ལ་མཚོན་ན་ཧ་ཅང་དཀའ་ཁག་ཡིན་ནའང༌། ངས་རང་ཉིད་ཀྱིས་གང་ཤེས་པ་དེ་ལྷག་བསམ་རྣམ་དག་གིས་སློབ་ཕྲུག་ཚོར་འཁྲིད་ཐབས་བྱེད་ཀྱིན་ཡོད་ཅིང༌། སློབ་ཕྲུག་རེ་འགའ་ཧ་ཅང་འཚུབ་པོ་ཡིན་སྟབས་དང་པོ་བསླབ་བྱ་རྒྱག་པ་དང་རྔན་པ་སྤྲོད་པ་སོགས་བྱས་ཀྱང་ཁར་མ་ཉན་ཚེ་ཕྲན་བུ་རྡུང་གི་ཡོད། ཡིན་ནའང༌། སྒྲིག་ཁྲིམས་ནང་སློབ་ཕྲུག་ལ་རྡུང་ཆོག་གི་མེད་སྟབས་གཙོ་བོ་བསླབ་བྱ་བརྒྱབ་ནས་སློབ་གསོ་སྤྲོད་ཀྱིན་ཡོད་ཅེས་བརྗོད་སོང་ལ། སློབ་མ་བསྟན་འཛིན་ལྷ་སྒྲོན་གྱི་ཨ་མ་དབྱངས་སྐྱིད་སྒྲོལ་མས། ངས་བུ་མོ་དཔེ་སྟོན་སློབ་གྲྭར་བསྐྱལ་ནས་ད་བར་ལོ་གཅིག་འགོར་མེད་ནའང༌། བོད་ཡིག་གི་འབྲི་ཀློག་དངོས་གནས་ཡག་པོ་ཆགས་འདུག་ལ། ཀུན་སྤྱོད་ཀྱང་སྔར་དང་མི་འདྲ་བར་ཧ་ཅང་ཡག་པོ་ཆགས་འདུག་ཅེས་བརྗོད་སོང༌།

ད་ལྟའི་སློབ་ཕྲུག་ཚོའི་བསླབ་གཞིའི་རྩ་འཛིན་ནི་ཕྱི་ལོ་ ༢༠༠༧ ཟླ་ ༤ ཚེས་ ༢༡ ཉིན་བཙན་བྱོལ་བོད་མིའི་སྔོན་འགྲོ་དང་གཞི་རིམ་འོག་མའི་བསླབ་གཞིའི་རྩ་འཛིན་བཟོ་འགོད་ཚོགས་ཆུང་དང་པོས་བཟོ་འགོད་བྱས་ཤིང༌། ཕྱི་ལོ་ ༢༠༠༨ ལོའི་ཟླ་ ༤ ཚེས་ ༣ ཉིན་བོད་གཞུང་བཀའ་ཤག་ནས་ཐུགས་ཞིབ་ཀྱིས་གཏན་འབེབས་གནང་བའི་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་བཞིན་སྔོན་འགྲོ་དང་གཞི་རིམ་འོག་མའི་བསླབ་གཞིའི་རྩ་འཛིན་ཞེས་པ་དེ་ཡིན་འདུག གཟའ་རེའི་གཟའ་སྤེན་པའི་ཉིན་རྒྱབ་བཟོ་རིག་གི་ལས་གཞི་དང༌། ཟླ་རེའི་སྤེན་པ་བཞི་བར་སློབ་ཕྲུག་གི་ཕ་མ་དང་དགེ་རྒན་ཐུག་འཕྲད་ཀྱིས་སློབ་ཕྲུག་ཚོའི་ཤེས་ཡོན་གནས་སྟངས་དང་ཀུན་སྤྱོད་བཅས་ལ་ཕན་ཚུན་དོགས་འདྲི་དང༌། གྲོས་བསྡུར་བྱེད་བཞིན་ཡོད་འདུག

སློབ་གྲྭ་དང་པོ་མགོ་འཛུགས་སྐབས། སློབ་ཕྲུག ༩༤ དང་དགེ་ལས་བསྡོམས་པའི་མི་ ༡༧ ཡོད་ལ། དེང་སྐབས་སློབ་ཕྲུག་ ༡༧༠ ལྷག་ཡོད་ཅིང་ལྷོ་ཕྱོགས་མོན་གྷོ་དང་སྤེལ་ཀོབ། ཀོ་ལི་གྷལ། སྤོན་ཊ། ཨོ་རི་ས་བཅས་ཕྱོགས་མཐའ་ཁག་ནས་ཡོང་བའི་སློབ་ཕྲུག་ ༩༥ ཡོད་པ་དང༌། དགེ་རྒན་ ༡༥ དང་ལས་བྱེད་དང་མ་ཚབ་བཅས་བསྡོམས་དགེ་ལས་ ༢༦ ཡོད་འདུག དགེ་རྒན་རྣམས་ནི་བོད་ཁྱིམ་སློབ་གྲྭ་ཁག་ཏུ་སློབ་མཐར་ཕྱིན་རྗེས་ས་རཱར་ལོ་ལྔའི་རིང་སློབ་སྦྱང་གནང་སྟེ། དེ་རྗེས་དགེ་རྒན་འོས་སྦྱོང་ནང་དམིགས་བསལ་ཤེས་ཡོན་སྲིད་བྱུས་ཐོག་སློབ་སྦྱོང་གནང་མྱོང་མཁན་ཁྲོད་ནས་ཤེས་རིག་ལས་ཁུངས་བརྒྱུད་འདེམས་སྒྲུག་གནང་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

Sikyong Penpa Tsering Extends Condolences on the Passing of Congressman Barney Frank. Photo Credit: Tibet.net
Mobile App

བོད་མི་ཚོས་ཨ་རིའི་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་བ་ཞིག་འདས་གྲོངས་ཕྱིན་པར་གདུང་སེམས་མཉམ་སྐྱེད་ཞུས།

སྐར་མ ༥༠ སྔོན་ལ།
Mobile App

རྒྱ་ནག་གིས་ “བོད་ཞི་བའི་བཅིངས་འགྲོལ་” ཞེས་པའི་ལོ་ངོ་ ༧༥ འཁོར་བའི་དུས་དྲན་ལ་དགག་ལན་དང་ཐ་སྙད་དབྱེ་ཞིབ།

༢༠༢༦/༠༥/༢༣
བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་རྩོམ་པ་པོ་ཆུང་ཚེ་རིང་ལགས་དང་། བསོད་ནམས་རྡོ་རྗེ་ལགས་རྣམ་གཉིས་ཀྱིས་བརྩམས་པའི་བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་ཅེས་པའི་དཔེ་དེབ་དབུ་འབྱེད་གནང་བཞིན་པ། ༢༠༢༦།༠༥།༢༢ བོད་ཀྱི་དཔེ་མཛོད་ཁང་གི་པར།
Mobile App

བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་ཅེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

༢༠༢༦/༠༥/༢༢
བཙན་བྱོལ་བོད་མིའི་ལས་ཤུགས་གོང་འཕེལ་ཐབས་བྱུས་ལྷན་ཚོགས་ཐེངས་དང་པོ་འཚོགས། ༢༠༢༦།༥།༢༡བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བཙན་བྱོལ་བོད་མིའི་ལས་ཤུགས་གོང་འཕེལ་ཐབས་བྱུས་ལྷན་ཚོགས་ཐེངས་དང་པོ་འཚོགས།

༢༠༢༦/༠༥/༢༢
Mobile App

བོད་ནང་རྒྱ་ནག་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ལ་བོད་མི་སྒེར་གཅིག་གི་ངོས་ནས་གདོང་ལེན་ཇི་ལྟར་བྱེད་དགོས་སམ།

༢༠༢༦/༠༥/༢༢
བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་ཚོགས་ཆེན་གྱི་ཚོགས་ཞུགས་པ། ༢༠༢༦།༥།༢༠ ནོར་ཝེ་རླུང་འཕྲིན་ཁང་གི་པར།
Mobile App

༧གོང་ས་མཆོག་ནས་བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་དུ་སྤེལ་བར་བླ་ན་མེད་པའི་གོ་སྐབས་བསྐྲུན་གནང་ཡོད།

༢༠༢༦/༠༥/༢༡

མཆན། 1

  1. jamyangdakpa says:
    ལོ་ 17 སྔོན།

    very good

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese