མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལུས་ངག་ཡིད་གསུམ་ལས་ངག་ལ་བཙན་འཛུལ།

བོད་ཀྱི་དུས་བབ།
༢༠༠༨/༠༩/༢༣
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་ནི་མི་རིགས་མང་པོ་དང་སྐད་རིགས་མང་པོ། ཡིག་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན་ལ། རྒྱལ་ཁབ་དེའི་ནང་གྲངས་ཉུང་མི་རིགས་ ༥༥ ལྷག་འདུས་སྡོད་བྱས་ཡོད་ལ། མན་ཇུ་རིགས་དང་ཧུའེ་རིགས་གཉིས་ཀྱིས་རྒྱ་ཡིག་སྤྱོད་བཞིན་ཡོད་པ་ཕུད་གཞན་པའི་མི་རིགས་ ༥༣ གྱིས་རང་གི་སྐད་ཆ་སྤྱོད་བཞིན་ཡོད་པ་དང༌། མི་རིགས་ ༢༡ ལ་རང་ཉིད་ཀྱི་སྐད་ཡིག་ཡོད་པ་རེད། དེར་བརྟེན་རྒྱ་ནག་གི་གནས་སྟངས་འདི་ལ་གཞིགས་ཏེ་མི་རིགས་འདྲ་མཉམ་ཡིན་པའི་གནས་བབ་ཕྱིར་སྒྲོགས་བྱ་ཆེད་གྲངས་ཉུང་མི་རིགས་ལ་རང་ཉིེད་ཀྱི་སྐད་ཡིག་བཀོལ་སྤྱོད་ཀྱི་སྲིད་བྱུས་གཏན་འབེབས་བྱས་ཡོད་མོད། གྲངས་ཉུང་མི་རིགས་ལ་མཚོན་ན་རྒྱ་ནག་གིས་སྤྲད་པའི་དབང་ཆ་འདི་འགྲེལ་དཀའ་བའི་གནས་སུ་ལྷག་ཡོད།

ཉེ་ཆར་རྒྱ་ནག་གིས་གྲངས་ཉུང་མི་རིགས་ལ་དམིགས་པའི་སྐད་ཡིག་བཀོལ་སྤྱོད་ཐད་ཀྱི་ཁྲིམས་གཞི་གསར་བ་ཞིག་གཏན་འབེབས་བྱས་འདུག་ལ།  བོད་ཁུལ་ལའང་ས་གནས་རང་སྐྱོང་གིས་རྒྱལ་ཁབ་ཀྱིས་བཀྲམ་པའི་ཡིག་ཆ་དང་བརྡ་སྤྱོར། དྲིལ་བསྒྲགས་ཡིག་ཆ། གཞན་ལས་ཁུངས་ཁག་གི་ཐམ་ཀ་དང༌། མིང་བྱང༌། འཛིན་ཡིག  བསྒྲགས་ཡིག  ཚོང་རྟགས། ཡིག་ཆའི་ཁ་བྱང༌། ཡིག་ཤུབས། གསལ་བརྡ་སོགས་ལ་རྒྱ་བོད་ཡིག་རིགས་གཉིས་ཀ་སྤྱོད་དགོས་པ་དང༌། དེ་མིན་རང་སྐྱོང་ནང་ཁུལ་གྱི་རྫོང་མཁར་དང༌། གྲོང་བརྡལ་སྡེ་བའི་སྲང་ལམ་གཙོ་བོའི་མིང༌། ལམ་རྟགས། ས་མཚམས་ཀྱི་རྟགས། སྤྱི་སྤྱོད་བཀོད་སྒྲིག་ཡིག་ཆ། འགྲིམ་འགྲུལ་མཚོན་རྟགས། རླངས་འཁོར་གྱི་སྒོ་བྱང༌། རྒྱལ་ཁབ་ཀྱི་ལས་ཁུངས་ཀྱིས་བསྡུས་པའི་ཚོགས་འདུའི་སྟེང་རྒྱ་བོད་ཡིག་རིགས་གཉིས་ཀྱི་ལམ་ནས་བཀོལ་ཆོག་པ་དང༌། མི་རིགས་རང་སྐྱོང་ས་གནས་སུ་རྒྱ་ཡིག་དང་གྲངས་ཉུང་མི་རིགས་སྐད་ཡིག་གཉིས་ཀྱི་སློབ་ཁྲིད་སྤེལ་བ། གྲངས་ཉུང་མི་རིགས་ཀྱི་ཁྲིད་དེབ་ཞིབ་འཇུག་དང་གསར་སྤེལ་རྩོམ་བསྒྱུར། རྒྱ་བོད་ཡིག་རིགས་གཉིས་ལ་མཁས་པའི་དགེ་རྒན་གསོ་སྐྱོང་བྱས་པ་སོགས་དེ་མིན་ཁྲིམས་དོན་གྱི་ཡིག་ཆ་སོགས་ཡི་གེ་མཚོན་དགོས་པ་ཚང་མ་རྒྱ་བོད་ཡིག་རིགས་གཉིས་ཀྱི་ལམ་ནས་བཀོལ་ཆོག་པའི་སྲོལ་ཡིག་སོགས་དང་འབྲེལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་རང་སྐྱོང་བཅའ་ཁྲིམས་གཞིར་བཟུང་ཐོག་གཏན་འབེབས་དང་ཁྱབ་བསྒྲགས་བྱས་ཡོད་པ་མ་ཟད།  འདིའི་ཐད་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐོ་ཡིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོཊ་ཆེན་ཞིག་གི་སྟེང་དོན་ཚན་ ༡༢ ཅན་གྱི་བསྒྲགས་ཡིག་ཅིག་སྤེལ་ཡོད་པ་དང༌།  ཁོང་གིས་མི་རིགས་ཕན་ཚུན་བར་སློབ་སྦྱོར་དང༌། ཕན་ཚུན་བར་ཤུགས་རྐྱེན་ཐེབས་སུ་འཇུག་དགོས་པའི་སྐོར་དང༌། མི་རིགས་བར་དཔལ་འབྱོར་འཕེལ་རྒྱས་ཀྱི་བར་ཁྱད་སོགས་བསྒྱུར་བཅོས་གང་ལེགས་བྱ་དགོས་སྐོར། ལོ་རྒྱུས་དང་མི་རིགས་ཁག་གི་སྲོལ་རྒྱུན་དང་སྐད་ཆ། རིག་གནས་ཡུལ་སྲོལ་གོམས་གཤིས་སོགས་ཀྱི་ཐད་ཁོས། མི་རིགས་བར་གྱི་སེམས་ཁམས་ངོས་ཟིན་ལ་སོགས་ཁྱད་པར་དག་ལ་བརྩི་འཇོག་དང་བསམ་ཤེས་བྱ་དགོས་པ་དང་དེ་དག་གནས་པར་སྣང་ཆུང་མི་བྱེད་པ་དང་བཙན་ཤེད་ཀྱི་ཐབས་ལམ་སྤྱོད་མི་རུང་བ་སོགས་ཀྱི་བསྒྲགས་ཡིག་སྤེལ་ཡོད་ནའང༌། བོད་རང་སྐྱོང་ལྗོངས་གཙོ་བྱས་པའི་བོད་ཀྱི་ས་ཁུལ་གང་སར་བོད་རང་གི་སྐད་ཡིག་བེད་སྤྱོད་བྱེད་རྒྱུ་དེ་དཀའ་གནད་ཅིག་ཆགས་ཡོད་ལ། བོད་ཁུལ་གྱི་གཞུང་ཞབས་ལས་ཁུངས་དང་སློབ་གྲྭ་ཁག  འཕྲོད་བསྟེན་ལས་ཁུངས་སོགས་སུ་གནས་སྟངས་འདིའི་ཐད་ཧ་ཅང་ཛ་དྲག་ཏུ་གྱུར་ཡོད། ༧པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གིས་བཽད་ལྗོངས་སློབ་གྲྭ་ཆེན་མོར་དམིགས་གསལ་གྱི་བོད་སྐད་ཡིག་གི་ཆེད་ལས་སྡེ་ཚན་ཞིག་གསར་འཛུགས་གནང་བ་དང༌། སྤྱི་ལོ་ ༢༠༠༤ ལོ་ཡས་མས་ནས་སློབ་གླིང་དེར་བོད་སྐད་ཡིག་སྡེ་ཚན་དུ་སློབ་མ་བསྡུ་རུབ་མཚམས་བཞག་པའི་གནས་ཚུལ་དང༌། གཞན་སློབ་གྲྭ་ཆེན་མོའི་ནང་མི་རིགས་སློབ་འབྲིང་ནས་རྩིས་དངོས་རྫས་གསུམ་གྱི་ཆེད་ལས་སྤྱོང་བའི་སློབ་མ་ལ་བོད་ཡིག་སློབ་སྦྱོང་བྱེད་པའི་གོ་སྐབས་མེད་པ། བོད་ཁུལ་གྱི་མི་རིགས་སློབ་འབྲིང་ཁག་ཏུ་ཕྱིའི་སྒོ་བྱང་མི་རིགས་སློབ་འབྲིང་ཡིན་པ་ལས་ནང་གི་སློབ་གསོ་སྤྲོད་སྟངས་དེ་རྒྱ་ནག་རང་གི་སློབ་གསོ་གཙོ་བྱས་པ་ལས་མི་རིགས་རང་གི་སྐད་ཡིག་ཁོ་ནའི་སློབ་གསོ་སྤྲོད་མི་ཐུབ་པའི་གནས་སྟངས་ཆགས་ཡོད་ལ། དགེ་རྒན་མང་ཆེ་བའང་རྒྱ་མིའི་དགེ་རྒན་ཡིན་འདུག ལྷ་སའི་ལྷོ་ཁ་དང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་སོགས་གྲོང་ཁྱེར་དེ་དག་དང༌། དེ་མིན་བོད་ཀྱི་རྫོང་ཁུལ་ཆུང་ཆུང་ཞིག་ཏུ་ཕྱིན་ཚེ་མིའི་སེམས་ལ་རྒྱ་མིའི་གྲོང་ཁྱེར་ཞིག་ཏུ་སླེབས་པའི་ཚོར་སྣང་སྟེར་ལ། སྒོ་བྱང་ཡོད་ཚད་རྒྱ་ཡིག་ཡིན་པ་དང༌། བོད་ཡིག་ཅིག་འབྲི་དགོས་པ་ཡིན་ནའང་དེ་ལ་རྒྱ་ནག་གཞུང་གི་སྟངས་འཛིན་བྱེད་བཞིན་ཡོད་པ་མ་ཟད། གྲོང་ཁྱེར་དེ་དག་ལ་སོང་ཚེ་རྒྱ་ནག་རང་གི་གྲོང་ཁྱེར་ཏུ་སླེབས་པའི་ཚོར་སྣང་སྟེར་སྲིད། ཐ་ན་ཟ་ཁང་ཆུང་ཆུང་ཞིག་གི་སྒོ་བྱང་འབྲི་དགོས་པ་ཡིན་ནའང༌། རྒྱ་ནག་གཞུང་ཕྱོགས་ཀྱི་ཆོག་མཆན་ཐོབ་དགོས་པ་དང༌། ཁོ་ཚོས་ཐོག་མར་རྒྱ་ཡིག་བྲིས་རྗེས་ད་གཟོད་བོད་ཡིག་འབྲི་གིན་ཡོད་ལ།  སྒོ་བྱང་སྟེང་བྲིས་པའི་བོད་ཡིག་གི་དག་ཆ་ནོར་ཞིང་མིའི་ཧ་མི་གོ་བའི་མིང་ཚིག་མང་པོ་ཞིག་རྒྱ་ནག་གི་ཚོང་བ་ཚོས་གསར་བཟོ་བྱེད་བཞིན་ཡོད་པ་རེད། རྒྱ་ནག་གི་ཆུང་བ་སྒོ་བྱང་ནས་ཆེ་བ་སློབ་གྲྭ་ཆེན་མོའི་སློབ་གསོ་བར་བོད་ཀྱི་སྐད་ཡིག་བཀོལ་སྤྱོད་ལ་བཀག་འགོག་ཚབས་ཆེན་བྱེད་བཞིན་ཡོད་པ་དང༌། གནས་སྟངས་འདི་དག་ནི་ད་ལྟ་བོད་ནང་གི་བོད་མི་ཚོར་རྒྱ་ནག་གཞུང་གིས་སྤྲོད་བཞིན་པའི་བོད་པར་བཙན་གནོན་གྱི་བྱེད་ཐབས་ཤིག་ཆགས་ཡོད་ལ། རྒྱ་ནག་ནི་ཁ་བཤད་དོན་ལ་མི་གནས་པའི་རྒྱལ་ཁབ་ཅིག་དང་ཁོང་ཚོས་སྒྲོག་གིན་པ་ཡོད་ཚད་ཕྱིའི་རྒྱལ་ཁབ་ཁག་ཏུ་ཁྱབ་བསྒྲགས་བྱས་པ་ཁོ་ན་ལས་བོད་མི་རིགས་གཙོ་བྱས་པའི་གྲངས་ཉུང་མི་རིགས་གཞན་ལྷག་བསམ་ཟོལ་མེད་ཀྱིས་བཙུགས་པའི་ཁྲིམས་སྲོལ་ཞིག་མིན་པར། བོད་མི་རིགས་ཀྱི་སྐད་ཡིག་དེ་ཉམས་དམས་སུ་གཏོང་བའི་གཡོ་ཐབས་ཤིག་དང་སྐྱག་རྫུན་ཁོ་ན་རེད།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་གནང་བ། ༢༠༢༦།༠༢།༠༩ ཐད་གཏོང་གི་པར་བཤུས།
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་ཐོག་བོད་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་།

ཆུ་ཚོད་ ༡༣ སྔོན་ལ།
The Millionaire media tycoon Jimmy Lai, 72, poses during an interview with AFP at the Next Digital offices in Hong Kong. June 16 2020
(Photo by Anthony WALLACE / AFP)
Mobile App

ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ཇི་མི་ལའེ་ལགས་ལ་ལོ་ ༢༠ བཙོན་འཇུག་ཁྲིམས་ཐག་བཅད། 

ཆུ་ཚོད་ ༡༤ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་བཀོད། ལྡི་ལི་དོན་གཅོད་ཀྱི་སྐུ་པར། ༢༠༢༦།༠༢།༠༩
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་འཁོད།

ཆུ་ཚོད་ ༡༦ སྔོན་ལ།
A-Nya Sengdra
Mobile App

ཨ་ཉག་སེང་སྒྲ་ལགས་ཀློད་གྲོལ་བཏང་འདུག

ཆུ་ཚོད་ ༡༨ སྔོན་ལ།
Mobile App

འཛམ་གླིང་ཡུལ་གྲུ་གང་སར་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་ལ་རྗེས་དྲན་ཞུ་བཞིན་འདུག

༢༠༢༦/༠༢/༠༨
Press Statement From The Office of His Holiness The Dalai Lama
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་དང་ཨེབ་སི་ཊོན་བར་འབྲེལ་བ་རྩ་ནས་བྱུང་མེད་པའི་གསལ་བསྒྲགས་གནང་།

༢༠༢༦/༠༢/༠༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese