མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་ཟུར་ལྷན་རྒྱས་ཀྱི་ཚོགས་འདུ།

བོད་ཀྱི་དུས་བབ།
༢༠༠༨/༠༩/༢༣
Share on FacebookShare on TwitterShare on EmailShare on Whatsapp

བཙན་བྱོལ་བོད་གཞུང་གི་བཀའ་ཟུར་རྣམ་པའི་ཚོགས་འདུ་དེ་ཕྱི་ཚེས་ ༢༢ ཉིན་མགོ་བཙུགས་ཏེ་ཉིན་ ༥ ལྷག་གི་རིང་བཞུགས་སྒར་ཉེ་འདབས་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དུ་ འཚོགས་ཀྱིན་ཡོད་པ་དང་། ཐེངས་འདིའི་ཚོགས་འདུའི་བརྗོད་གཞི་ནི་བོད་ཀྱི་རྩ་དོན་དང་བོད་རྒྱ་ཞི་མོལ། དེ་བཞིན་རྒྱ་ནག་གཞུང་གིས་༧གོང་ས་མཆོག་ལ་མུ་མཐུད་སྐྱོན་བརྗོད་བྱེད་ཀྱིན་པར་ བོད་གཞུང་དམངས་གཉིས་ཀྱིས་ཇི་ལྟར་ལན་འདེབས་བྱེད་ཕྱོགས་བཅས་ཡིན་པ་དང་། དེ་བཞིན་དུ་ལོ་མཇུག་འདིར་བོད་ཀྱི་དམིགས་བསལ་ཚོགས་ཆེན་ཞིག་འཚོགས་གཏན་འཁེལ་ ཡོད་པ་འདིའི་ཐོག་བཀའ་ཟུར་རྣམ་པས་ཆ་ཤས་ལེན་ཕྱོགས་ལའང་བཀའ་བསྡུར་བྱེད་ཀྱི་ཡིན་ཚུལ་འདུག

ཐེངས་འདིར་བཀའ་ཟུར་རྣམས་ཀྱི་ཚོགས་འདུའི་བརྗོད་གཞི་གཙོ་བོའི་སྐོར་ལ་བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་གིས་གསུངས་དོན། ད་ལོ་བོད་ནང་དམིགས་བསལ་གྱིས་ཛ་དྲག་གི་གནས་ཚུལ་ཤུགས་ཆེན་པོ་བྱུང་བ་དང་། བོད་ཀྱི་ས་ཁུལ་མང་པོར་བོད་ཀྱི་རྩ་དོན་ལ་ཕན་ཞིང་སྤྱིའི་རྩ་དོན་ཐོག་རྣམ་འགྱུར་ཤུགས་ཆེན་པོ་བསྟན་པ་དེ་ལ་བཀའ་ཟུར་རྣམ་པས་རྒྱབ་སྐྱོར་ལྟ་བུ་དང་། དེ་དང་ཆབས་ཅིག་རྒྱ་ནག་གཞུང་གིས་བཙན་གནོན་ཤུགས་ཆེན་པོ་བྱེད་བཞིན་པ་འདི་ལ་བསམ་ཚུལ་བསྡུ་བ། བོད་རྒྱ་ཞི་མོལ་ཡག་པོ་ཡོང་བའི་ཐོག་ལ་རྒྱལ་བ་རིན་པོ་ཆེའི་སྐུ་ཚབ་ཚོ་ཕེབས་གི་ཡོད་པ་རེད། རྒྱལ་བ་རིན་པོ་ཆེས་དབུ་མའི་ལམ་གྱི་དགོངས་བཞེས་ཤིག་གནང་གི་ཡོད་པ་རེད་དེ། རྒྱ་མིའི་ངོས་ནས་འདི་རྩིས་མེད་བྱས་པས་མི་ཚད། ད་ལོ་རྒྱལ་བ་རིན་པོ་ཆེ་ལ་བོད་ཀྱི་གནད་དོན་སྐོར་གསུང་རྒྱུའི་ཐོབ་ཐང་ཡོད་པ་མ་རེད་ཅེས་བཤད་པ་དེ་ནི་རྩིས་མེད་ཀྱི་སྐད་ཆ་རང་ཡིན་སྟབས། འདི་ལ་ང་ཚོའི་ཕྱོགས་ནས་ལན་ག་རེ་རྒྱག་དགོས་ཀྱི་འདུག བོད་གཞུང་དམངས་གཉིས་ཀའི་ངོས་ནས་ལན་གསལ་བོ་ཞིག་རྒྱག་དགོས་གི་འདུག གནད་དོན་འདི་གཉིས་ཀ་གཙོ་བོ་ཡིན་པ་འདྲ། ང་ཚོ་ད་རེབ་གནད་དོན་འདི་ཚོའི་ཐོག་ལ་འཛོམས་ནས་རྒྱལ་བ་རིན་པོ་ཆེ་དང་བོད་གཞུང་། བོད་མི་དམངས་བཅས་ལ་ང་ཚོའི་བསམ་འཆར་ཟེར་ན་མི་འདུག ང་ཚོའི་བསམ་ཚུལ་འདྲ་བོ་ཕན་ཐོགས་པ་ག་རེ་འདུག་དེ་ཚོ་འབུལ་རྒྱུ་ཡིན་ཞེས་གསུངས་བྱུང་།

ཐེངས་འདིར་བཀའ་ཟུར་རྣམ་པའི་དགོངས་ཚུལ་ཕྱོགས་བསྡུ་གནང་སྟེ་རྒྱལ་བ་རིན་པོ་ཆེ་དང་བོད་གཞུང་དམངས་གཉིས་ལ་འབུལ་གྱི་ཡིན་སྟབས། འདི་ལ་ནུས་པ་གང་འདྲ་ཞིག་ཐོན་པར་དགོངས་ཀྱི་ཡོད་མེད་དྲིས་པར་ཁོང་གིས། ནུས་པ་ག་རེ་ཞིག་འཐོན་གི་ཡོད་མེད་བཤད་ཐུབ་པ་མི་འདུག་མོད། ད་རེབ་བཀའ་ཟུར་བགྲེས་པ་དེ་འདྲ་ཕེབས་ཡོད་པ་རེད། བོད་ཀྱི་གནད་དོན་ཐོག་ལ་ཉམས་མྱོང་མང་པོ་ཡོད་མཁན། རྒྱ་མི་དང་འབྲེལ་བའི་ཐོག་ཉམས་མྱོང་ཡོད་མཁན་མང་པོ་ཡོད་སྟབས་ང་ཚོས་གང་ཐུབ་ཐུབ་དང་བསམ་བློ་གསར་པ་ག་རེ་འདུག ང་ཚོས་འབད་བརྩོན་བྱེད་ཀྱི་ཡོད་པ་རེད། ཡིན་ནའང་བོད་ཀྱི་གནད་དོན་འདི་སྔོན་མ་ནས་རྙོག་འཛིང་ཚ་བོ་རེད། བསམ་འཆར་ལས་སླ་བོ་དང་འགྲུབ་ཆོག་ཆོག་ཅིག་ཡོང་གི་བསམ་གི་མི་འདུག འོན་ཀྱང་། བོད་ནང་ཡོད་པའི་མི་དམངས་དང་ང་ཚོ་ཚང་མས་བསམ་བློ་གཅིག་གི་ཐོག་ནས་བོད་འདི་གནས་ཐུབ་པ་ཞིག་གི་ཐོག་ལ་འབད་བརྩོན་བྱེད་དགོས་པ་རེད་ཅེས་ད་རེབ་བསམ་འཆར་སླེབས་སྲིད་གི་རེད། ཅེས་གསུངས་བྱུང་།

ཡང་། ཉེ་ཆར་༧གོང་ས་མཆོག་གིས་བོད་ཀྱི་ཚོགས་ཆེན་ཞིག་སྐོང་དགོས་པའི་བཀའ་གནང་བ་ལྟར་ལོ་མཇུག་འདིར་བཀའ་ཟུར་རྣམ་པས་ཀྱང་ཚོགས་ཆེན་འདིའི་ཆ་ཤས་གལ་ཆེན་པོ་ཞིག་ལེན་གྱི་ཡོད་སྟབས། ཚོགས་ཆེན་འདི་ལ་དམིགས་པའི་གྲོས་གཞི་འདྲ་ཡོད་མེད་དྲིས་པར་བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་གིས། གནད་དོན་འདིའི་ཐོག་ངས་ལམ་སེང་ཞུ་ཐུབ་པ་མི་འདུག ཡིན་ནའང་བཀའ་ཟུར་ཚོའི་ཚོགས་འདུ་འདི་ནི་ཟླ་བ་གཅིག་གཉིས་ཤིག་གི་སྔོན་ནས་གྲ་སྒྲིག་གནང་བ་རེད། ཡིན་ནའང་རྒྱལ་བ་རིན་པོ་ཆེའི་བཀའ་དེ་ཉེ་ཆར་རང་མར་ཕེབས་པ་རེད། ཚོགས་ཆེན་དེའི་ཐོག་བོད་ཀྱི་རྩ་དོན་དང་འབྲེལ་བའི་གནད་དོན་མང་པོར་གྲོས་བསྡུར་བྱེད་གི་རེད། ད་རེབ་ང་ཚོ་བཀའ་ཟུར་ཚོ་འཛོམས་ནས་བསམ་ཚུལ་འདྲ་ཕུལ་བ་ཡིན་ན་གཅིག་བྱས་ན་ཚོགས་ཆེན་སྟེང་ལའང་ཕན་ཐོགས་ཡོད་སྲིད་གི་རེད། ང་ཚོས་རེ་བ་དེ་འདྲ་ཞིག་རྒྱག་གི་ཡོད་ཟེར།

ཐེངས་འདིའི་ཚོགས་ཆེན་སྟེང་གི་བརྗོད་གཞི་གཙོ་བོ་ཞིག་ནི་བོད་རྒྱ་ཞི་མོལ་སྐོར་རེད། དེ་ཡང་བོད་རྒྱ་ཞི་མོལ་འདི་ཡོང་རེ་མེད་པའི་སྐོར་ཡིན་སྟབས། བཀའ་ཟུར་རྣམ་པའི་ཚོགས་ཐོག་ཏུ་ད་ལྟའི་བོད་རྒྱ་ཞི་མོལ་གྱི་གྲོས་རིམ་འདི་ཕྱིར་འཐེན་བྱེད་དགོས་པའི་དགོངས་ཚུལ་འདྲ་ཡོང་གི་ཡོད་མེད་དྲིས་པར་ཁོང་གིས། འདིའི་སྐོར་བཀའ་མོལ་མང་བོ་ཞིག་དགོངས་འཆར་གནང་བཞིན་པའི་སྐབས་རེད། ཕྱིར་འཐེན་བྱེད་དགོས་ཀྱི་འདུག་དང་མི་འདུག་ད་ལྟ་ཐག་ཆོད་པ་དེ་འདྲ་གང་ཡང་བྱུང་མ་སོང་། ཡིན་ནའང་ད་ལྟ་བར་དུ་སྐུ་ཚབ་རྣམ་པ་ཕེབས་པ་ཡིན་ནའང་། རྒྱ་མིའི་ངོས་ནས་འབྲེལ་བ་བཟང་པོ་ཞིག་བྱེད་ཀྱི་མེད་པ་དེ་གསལ་བོ་རེད། དེའི་སྒང་ལ་ག་དུས་ཡིན་ནའང་སྐྱོན་དེ་བོད་པའི་སྒང་ལ་བཞག དབུ་མའི་ལམ་གྱི་སྲིད་བྱུས་དང་རྒྱལ་བ་རིན་པོ་ཆེའི་གསུང་འཕྲིན་ལ་སྐྱོན་བརྒྱབས་པ་སོགས་གང་ལྟར་ང་ཚོའི་འདི་ཚོང་འདྲ་བོ་ཞིག་ཡིན་ན། ཚོང་དེ་མར་ནས་མར་གཅོག་གི་ཡོད་པ་རེད། དེ་འདྲའི་དགོསང་ཚུལ་ཞིག་བཀའ་ཟུར་མང་ཆེ་བར་ཡོད་པ་འདྲ། མུ་མཐུད་ནས་འབྲེལ་བ་གནང་དགོས་ཀྱི་འདུག་མི་འདུག དེ་ལས་གཞན་པའི་ཐབས་ཤེས་གཞན་པ་དང་གསར་པ་འདུག་མི་འདུག དེ་ཚོའི་ཐོག་ལ་ང་ཚོ་བགྲོ་གླེང་འགྲོ་བཞིན་པ་ཡིན་ཅེས་གསུངས་སོང་།

བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ལོ་མཇུག་འདིར་བོད་ཀྱི་ཆབ་སྲིད་ཀྱི་ལངས་ཕྱོགས་ལ་འགྱུར་བ་ཤུགས་ཆེན་པོ་ཞིག་འགྲོ་སྲིད་པའི་ཚོད་དཔག་བྱེད་མཁན་ཡོད་པ་རེད། ད་ལྟའི་བཀའ་ཟུར་རྣམ་པའི་ཚོགས་ཐོག་ཏུ་བོད་ཀྱི་ཆབ་སྲིད་ཀྱི་ལངས་ཕྱོགས་ལ་འགྱུར་ཐེབས་དགོས་མིན་སྐོར་ལ་བཀའ་མོལ་དང་དགོངས་འཆར་འདྲ་ཡོང་གི་ཡོད་མེད་དྲིས་པར་ཁོང་གིས། ད་ལྟའི་ཆར་དེ་འདྲ་སླེབས་ཀྱི་མི་འདུག ད་ལྟའི་ཆར་བོད་རྒྱའི་འབྲེལ་བའི་ཐོག་སོ་སོའི་དགོངས་ཚུལ་བཤད་བཞིན་པའི་སྒང་རེད། མི་མང་པོ་ཡོད་སྟབས་བསམ་ཚུལ་མ་འདྲ་བ་ཡོད་པ་རེད། དེར་བརྟེན་ད་ལྟའི་ཆར་སྤྱི་པའི་བསམ་ཚུལ་འདྲ་བོ་ཞིག་ཐག་ཆོད་པ་འདྲ་བྱུང་མ་སོང་ཞེས་འགྲེལ་བརྗོད་གནང་བྱུང་།

ཐེངས་འདིའི་ཚོགས་འདུའི་སྟེང་བཀའ་ཟུར་རྣམ་པ་ ༡༣ ཕེབས་ཡོད་པ་དང་། ཚོད་དཔག་གི་དུས་ཚོད་ལྟར་ན་ཉིན་ ༥ རིང་འཚོགས་འཆར་ཡོད་ནའང་། བཀའ་མོལ་དང་གྲོས་བསྡུར་གྱི་རིང་ཐུང་ལ་དཔག་པའི་དུས་ཚོད་ལ་འགྱུར་བ་ཐེབས་སྲིད་པ་ཞིག་རེད་ཅེས་ཁོང་གིས་འདི་ག་གསར་ཁང་ལ་གསུངས་བྱུང་།

འབྲེལ་ཡོད་གསར་འགྱུར།

The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༨ སྔོན་ལ།
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

ཆུ་ཚོད་ ༨ སྔོན་ལ།
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

ཆུ་ཚོད་ ༡༡ སྔོན་ལ།
དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དུས་བབ་ཀྱི་པར།
Mobile App

དམངས་གཙོའི་དུས་དྲན་ཐེངས་ ༦༦ པ་སྲུང་གཙི་གནང་། 

༢༠༢༦/༠༩/༠༢
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་ལས་བོད་ནང་གི་དངོས་ཡོད་གནས་ཚུལ་ཁ་གསལ་བཟོ་དགོས་པའི་འབོད་སྐུལ་ཞུས་སོང་།

༢༠༢༦/༠༩/༠༡
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ཟ་བཅུག་ནས་ཁ་ལ་བལྟ། འགྲོ་བཅུག་ནས་རྗེས་ལ་བལྟ།

༢༠༢༦/༠༩/༠༡

མཆན། 3

  1. གནས་ཚང་། says:
    ལོ་ 18 སྔོན།

    ཁ་སང་ངྷ་རམ་ཤྰ་ལའི་མི་རྒན་པ་ཁ་ཤས་སྐད་ཆ་བཤད་རྒྱུ་བྱུང་། ཁོང་ཚོས་གསུངས་པ་ལྟར་ན། གོང་ས་མཆོག་གིས་བོད་མི་ཚོར་བརྡ་ཞིག་བསྟན་ཡོད་པ་རེད་ལ། བརྡ་དེ་ནི་དབུ་མའི་ལམ་ཁོ་ནར་འགྱུར་བ་གཏོང་དགོས་མིན་ཙམ་མིན་པར་དེའི་ནང་དུ་དམིགས་བསལ་སྐུ་ཚབ་བརྗེ་བོ་རྒྱག་དགོས་མིན་ཡང་འདུས་ཡོད་ཟེར། ཡིན་ནའི། བོད་མི་ཚོ་ལྐུགས་དྲག་ནས་ཁོང་གི་དགོངས་པ་དངོས་ཤེས་ཀྱི་མེད་པ་འདྲ། དེ་བས། དབུ་མའི་ལམ་འགྲིག་གི་མེད་པ་རེད་དམ་དམིགས་བསལ་སྐུ་ཚབ་འཇོན་གྱི་མེད་རེད། འདིའི་ཐད་བོད་ནང་གི་བོད་མི་ཚོས་སྐུ་ཚབ་ཚོ་ག་དུས་ཡིན་ནའང་མགོ་བསྐོར་འོག་ཤོར་གྱི་འདུག་ཅེས་སྐུ་ཚབ་མ་འཇོན་པར་མཐོང་གི་ཡོད་ན།
    ཕྱི་སྡོད་བོད་མི་ཚོས་གོང་ས་མཆོག་མ་འགྲིག་པར་མཐོང་གི་ཡོད་དམ་སྐུ་ཚབ་མ་འཇོན་པར་མཐོང་འདུག་གམ།

    Reply
  2. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 18 སྔོན།

    རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ། ང་ཚོས་མུ་མཐུད་དུ་ཆེད་ལས་གསར་འགོད་པ་དག་གི་ལམ་དུ་སྐྱོད་ཐབས་བྱེད།

    Reply
  3. དགེ་འདུན་རབ་གསལ། says:
    ལོ་ 18 སྔོན།

    གསར་འགྱུར་འདི་དང་ཇུས་འགོད་འདིས་ངའི་ཡིད་དྲངས་སོང་། བོད་ཡིག་ཐོག་ཚད་གཞིར་འཛིན་འོས་པའི་གསར་འགྱུར་འདི་འདྲ་སྤེལ་བ་ལ་ནི་སྙིང་ཐག་པ་ནས་དགའ་བསུ་ཞུའོ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese