མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

སིམ་ལའི་ཆར་ཞོད།

བོད་ཀྱི་དུས་བབ།
༢༠༠༨/༠༩/༢༤
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་བྱང་ཕྱོགས་མངའ་སྡེ་ཧི་མ་ཅལ་གྱི་རྒྱལ་ས་སིམ་ལར་ཉིན་ཤས་སྔོན་ཆར་ཞོད་ ཆེན་པོ་བབ་པ་དང་ས་རུལ་གྱི་དབང་གིས་ཡུལ་མི་རྒྱ་གར་པའི་འཚོ་བར་གནོད་ཚབས་དང་ བོད་པའི་ཁྲོམ་ས་ ༡༦ ལྷག་བསྣུབས་ཡོད་པ་རེད།

ས་དེར་བོད་པའི་ཁྲོམ་རྭའང་ཡོད་ལ། དེ་དག་གི་ཁྲོམ་ས་མང་བོ་ཞིག་ཀྱང་ས་རུལ་གྱིས་བསྣུབས་ཡོད་འདུག ༼ང་ཚོར་ལས་གནས་དང་ཞིང་ཁ་སོགས་ཀྱི་འཚོ་བའི་ཡོང་སྒོ་མེད་ལ། ཉིན་རེ་རེ་ཡི་ནང་མིའི་འཚོ་བའི་ཡོང་སྒོ་ནི་ཁྲོམ་རྭར་ཡོད་པའི་ཚོང་ཟོག་ཡིན། ད་ལྟ་ཆར་ཤུགས་ཀྱིས་རི་སྣུར་ནས་ཁྲོམ་རྭ་མེད་པར་གྱུར་བས། ང་ཚོར་གཞུང་གིས་རྒྱབ་རོགས་དགོས་ཀྱི་འདུག་༽ ཅེས་ཁྲོམ་རྭར་སྐྱོན་ཤོར་བའི་བོད་མི་ཉི་མ་སྒྲོལ་མས་བརྗོད་ཡོད།

ཆར་ཞོད་ཀྱི་རྐྱེན་པས་སིམ་ལ་ཁུལ་གྱི་བོད་མིའི་ཁྲོམ་ས་མང་པོ་ས་རུལ་དང་རི་ཉིལ་ཏེ་བསྣུབས་ཡོད་པས་ད་ལྟ་བོད་མི་ཚོས་གཞུང་གི་རོགས་རམ་ལ་སྒུག་ཡོད་འདུག   འདིའི་སྐོར་ལ་ནང་སྲིད་དྲུང་ཆེ་དངོས་གྲུབ་ལགས་ཀྱིས་གསུངས་དོན།  ༼བོད་མིའི་ཁྲོམ་རྭ་ཧྲིལ་བོར་ཅ་དངོས་ཅི་ཡང་མེད་པར་གྱོང་གུད་ཐེབས་ཡོད་པའི་ཁྲོམ་ས་ ༡༦ དང༌། ཕྱེད་གནོད་སྐྱོན་ཐེབས་པའི་ཁྲོམ་རྭ་གཅིག་བཅས་ཁྱོན་བསྡོམས་བོད་མིའི་ཁྲོམ་ས་ ༡༧ ལ་གནོད་སྐྱོན་ཐེབས་འདུག  ད་ལྟ་ཁོ་ཚོས་འདམ་འོག་ནས་ཅ་དངོས་འདོན་ཐབས་བྱེད་ཀྱིན་ཡོད་ཀྱང་བརྒྱ་ཆ་ལྔ་འདོན་ཐུབ་སོང་ན་ཡག་པོ་རེད།  བོད་གཞུང་གིས་ནམ་རྒྱུན་བོད་མིའི་ས་གནས་ཁག་ལ་རང་བྱུང་གི་གནོད་འཚེ་བྱུང་སྐབས། མི་ཚང་རེ་ལ་ཧིན་སྒོར་སྟོང་ཕྲག་ལྔ་ནས་བཅུའི་བར་གུན་གསབ་སྤྲོད་པའི་གཏན་འབེབས་ཀྱི་ཁ་གྲངས་ཡོད་པ་དང༌། ལས་བསྡོམས་དང་ཡིག་ཆ་ཁག་འདི་གར་འབྱོར་རྗེས་གྱོང་གུད་ཀྱི་ཆེ་ཆུང་ལ་དཔག་པའི་རོགས་སྐྱོར་གནང་སྲོལ་ཡོད། དེ་བཞིན་སིམ་ལ་ས་གནས་འཐུས་མི་དང༌། ས་གནས་བདེ་དོན་སོགས་ཀྱིས་མངའ་སྡེ་གཞུང་ལ་གྱོང་གུད་ཕོག་སའི་བོད་མི་ཚོར་རོགས་སྐྱོར་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད་ལ། རང་གཞུང་གིས་ཀྱང་རྒྱབ་གཉེར་ཡི་གེ་སོགས་མཁོ་སྤྲོད་བྱས་ཡོད་པས།  མངའ་སྡེ་གཞུང་གིས་གྱོང་གུད་ཕོག་པ་ལ་དཔག་པའི་རོགས་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་ཡོད་པ་རེད། གནོད་སྐྱོན་ཐེབས་ས་བོད་མི་གཅིག་པུ་མིན་པར་རྒྱ་གར་གྱི་ཁྲོམ་ས་ནས་ཧིན་སྒོར་འབུམ་སྟོང་ཕྲག་གཅིག་ཙམ་གྱི་གྱོང་གུད་ཕོག་ཡོད་འདུག༽  ཅེས་གསུངས་བྱུང༌།  
   

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist