མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱའི་མིག་གི་ཚེར་མ་གཉིས།

བོད་ཀྱི་དུས་བབ།
༢༠༠༨/༠༩/༢༥
Share on FacebookShare on TwitterShare on EmailShare on Whatsapp

                                                 
 བོང་སྟག་རི་ལུ། ༼མཚོ་ནུབ༽

༢༠༠༨ ལོ་ནི་རྒྱ་ནག་ནང་ཁུལ་ལ་མཚོན་ན་ཆེས་གལ་ཆེ་བའི་ལོ་ཞིག་ཡིན་པ་དང༌། ལྷག་པར་དུ། ཨོ་ལེན་ཕུག་ཁུ་ལུས་རྩལ་འགྲན་ཚོགས་དེ་རྒྱ་ནག་ནང་ཁུལ་དུ་འཚོགས་རྒྱུ་གཏན་ཁེལ་བྱས་པས་འཛམ་བུ་གླིང་གི་མི་ཚང་མས་མིག་གིས་ཀྲུང་གོར་བལྟས་པ་དང་རྣ་བས་ཀྲུང་གོར་ཉན་པ་རེད། ཡིན་ན་ཡང༌། རྒྱ་ནག་ནང་ཁུལ་དུ་ཆེས་མཐོང་མི་འདོད་པ་ཞིག་ནི་ཡུ་གུར་དང་བོད་པ་ཚང་གཙོ་བྱས་ཏེ་ཡར་ལངས་ཀྱི་ལས་འགུལ་སྤེལ་བ་དང༌། སི་ཁྲོན་དང་ཀོས་ཀྲིག་གཙོ་བྱས་ཏེ་ངོ་རྒོལ་གྱི་གཏམ་ཡན་སྤེལ་བ། ཐ་ན་ས་དང་ཆུ་ཡི་འཇིགས་པ་མང་པོ་ལ་བརྟེན་ནས་ ༢༠༠༨ ལོ་ནི་ཕྱི་ནང་གང་རུང་ནས་བལྟས་ཀྱང་འུར་འུར་ཟིང་ཟིང་ཞིག་ཏུ་བཏང་སོང༌།

ཡིན་ན་ཡང༌།  གོང་གི་དོན་འདི་ཙམ་ལ་ཁ་གཡར་ཏེ་བོད་པ་དང་ཡུ་གུར་རིགས་ཞེས་ཀྲུང་གོའི་དཔལ་འབྱོར་གྱི་སྙིང་ལྟ་བུའི་མི་རིགས་གཉིས་རྒྱ་ནག་གི་མིག་གི་ཚེར་མར་གྱུར་བ་ནི་དེ་ལས་ཀྱང་ཆེས་ཡིད་སྐྱོ་བ་ཞིག་གོ

དེ་ཡང་ཉིན་འགའི་སྔོན་ལ་ང་རང་ཟི་ལིང་དུ་ཟབ་སྦྱོང་ལ་སླེབས་རྗེས་ཞིང་ཆེན་བྱིས་པའི་ཁ་གཏད་ཀྱི་མགྲོན་ཁང་ཞིག་ཏུ་བསྡད་པ་ཡིན་ལ། ཐེངས་ཤིག་ལ་ཕྱི་རོལ་དུ་ཟ་མ་ཟ་རུ་སོང་ནས་ཕྱིར་སླེབས་རྗེས་མགྲོན་ཁང་དེའི་ནང་དུ་དམག་མི་མང་པོ་ཞིག་འགྲོ་བཞིན་པ་མཐོང༌། དེ་ནས་མགྲོན་བདག་ལ་གནས་ཚུལ་ག་རེ་བྱུང་སོང་ཞེས་དྲིས་པ་ན། མགྲོན་བདག་གིས་བཤད་དོན་དམག་མི་དེ་ཚོ་ཐོབ་ཐང་ལག་ཁྱེར་ལ་བལྟ་བཞིན་འདུག་ལ། བོད་པ་དང་ཞིན་ཅང་གཉིས་ལ་ཐོབ་ཐང་ལག་ཁྱེར་ཡོད་ཀྱང་མགྲོན་ཁང་དུ་ཐོ་འགོད་བྱེད་མི་ཆོག་ཟེར། སྐབས་དེར། ངའི་སེམས་ལ་གནོན་ཤུགས་བྲལ་བའི་སྡུག་བསྔལ་ལྷག་མ་ཞིག་སྐྱེས་པ་དང་བཤད་དཀའ་བའི་ན་ཟུག་ཅིག་གིས་མཚན་ལམ་རིང་མོ་ཞིག་བསྐྱལ་དགོས་བྱུང༌།

དོན་ངོ་མར། རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་འབྲེལ་བའི་ཞིབ་འདང་ཞིག་བརྒྱབ་ན་ཡང༌། མི་སུ་ཞིག་དང་མི་རིགས་གང་ཞིག་ཡིན་ཡང་མགྲོན་ཁང་དུ་སྡོད་པ་ནི་རང་  དབང་གི་ཐོབ་ཐང་ཅིག་ཏུ་བརྩི་ཆོག་པ་ལས་མི་གན་དང་མི་རིགས་གན་མགྲོན་ཁང་དུ་སྡོད་མི་ཆོག་ཅེས་པའི་བཅའ་ཁྲིམས་ཤིག་ཁོ་བོས་དེ་སྔ་ནས་མཐོང་མ་མྱོང་ལ། དེ་ འདྲ་ཞིག་ཡོད་ཀྱང་མི་སྲིད་དོ།རྒྱུ་མཚན་ནི།ང་ཚོ་ནི་མི་རིགས་ང་དྲུག་གིས་གྲུབ་པའི་མེས་རྒྱལ་ཁྱིམ་ཆེན་འདིས་ནང་མི་ཏག་ཏག་ཡིན། ང་ཚོས་མིག་ཟུང་གིས་འཆམ་མཐུན་དང་འབྱོར་ཕྱུག་གིས་འཚོ་བའི་མ་ཡུམ་མེས་རྒྱལ་ལ་རེ་བས་བལྟས་ན་ཡང༌། མེས་རྒྱལ་གྱི་ཕྱོགས་ཞེན་ཆེ་བའི་མིག་ཟུང་གིས་ང་ཚོ་ཁྱིམ་གཅིག་གི་བུ་ཕྲུག་ལས་རྒྱང་འཕུད་བཏང་སྟེ་ཞག་གཅིག་གི་གནས་ཚང་ཡང་གཡར་བར་དཀའ་བས་ན། བོད་པ་དང་ཡུ་གུར་རིགས་ཀྱིས་རང་ཉིད་ལ་དབང་བའི་ཕ་ཁྱིམ་ཞིག་ལ་རེ་སྙེག་བྱེད་བཞིན་པ་ལ་འང་རྒྱུ་མཚན་མེད་པ་ཞིག་གཏན་ནས་མ་ཡིན་ནོ།།  

༼བོད་འབྱོར་རྩོམ་ཡིག རྩོམ་པ་པོའི་རེ་འདོད་ལྟར་མིང་རང་འཇགས་བཞག་ཡོད།༽

འབྲེལ་ཡོད་གསར་འགྱུར།

Mobile App

འཛམ་གླིང་ཡུལ་གྲུ་གང་སར་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་ལ་རྗེས་དྲན་ཞུ་བཞིན་འདུག

ཆུ་ཚོད་ ༡༡ སྔོན་ལ།
Press Statement From The Office of His Holiness The Dalai Lama
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་དང་ཨེབ་སི་ཊོན་བར་འབྲེལ་བ་རྩ་ནས་བྱུང་མེད་པའི་གསལ་བསྒྲགས་གནང་།

ཆུ་ཚོད་ ༡༤ སྔོན་ལ།
Delhi High Court, Image Representational (Photo/Shutterstock)
Mobile App

རྒྱ་གར་གྱི་མཐོ་རིམ་ཁྲིམས་ཁང་གིས་བོད་མི་ཞིག་ལ་རྒྱ་གར་གྱི་མི་སེར་ཐོབ་ཐང་སྤྲོད་དགོས་པའི་བཀའ་ཁྱབ་བཏང་།

༢༠༢༦/༠༢/༠༧
Politic Re-education propaganda in Tibetan Primary School, Pema County, Golog_2022 Photo:Tibet Times
Mobile App

ཕྱི་ལོ་ ༢༠༢༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༦
ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས།
Mobile App

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་།

༢༠༢༦/༠༢/༠༦
Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

༢༠༢༦/༠༢/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese