མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་རིགས་ལ་མུ་མཐུད་མནར་གཅོད་གཏོང་གི་ཡོད།

བོད་ཀྱི་དུས་བབ།
༢༠༠༨/༡༠/༠༣
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་བོད་མི་རིགས་ལ་གཏོར་རྒོལ་བྱས་པའི་སྙན་ཐོ་ཞིག་ཕྱི་ཟླ་ ༩ ཚེས་ ༢༩ ཉིན་བཙན་བྱོལ་བོད་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མནར་གཅོད་ལ་རྒོལ་བའི་ཚོགས་ཆུང་གི་མཚན་ཐོག་ལ་ཕུལ་ཡོད་པ་རེད།

བཙན་བྱོལ་བོད་གཞུང་ཕྱི་དྲིལ་ལས་ཁུངས་ཀྱིས་ཇེ་ནེ་ཝར་ཡོད་པའི་བོད་ཀྱི་དོན་གཅོད་ཁང་བརྒྱུད་དེ་ཕུལ་བའི་སྙན་ཐོ་དེར་ཤོག་ངོས་ ༣༣ ཡོད་པ་དང་། དེའི་ནང་དུ་ ༢༠༠༠ ལོ་ནས་ ༢༠༠༨ ལོའི་བར་གྱི་དོན་རྐྱེན་གྱི་བྱུང་རིམ་རྣམས་ཕུལ་ཡོད་པ་དང་། ལྷག་པར་དུ་ལོ་འདིར་བསང་ཆུ་དང་རྨ་ཆུ། ཀིརྟི་དགོན་པ། ལྷ་ས་བཅས་སུ་ཞི་བའི་ངོ་རྒོལ་སྐབས་རྒྱ་ནག་གཞུང་གིས་དྲག་རྡུང་དང་བཀར་ཉར། བཙོན་འཇུག་བྱས་པ། ནེ་ཆུང་འབོད་པའི་བུད་མེད་ཅིག་མནར་གཅོད་ཀྱི་འོག་གྲོངས་པ། མང་པོ་ཞིག་དེ་ནས་བཟུང་གར་སོང་ཆ་མེད་དུ་གྱུར་བའི་གནས་སྟངས་སོགས་བཀོད་འདུག་ལ། དེ་བཞིན་ལོ་འདིའི་གསུམ་པའི་བཅུའུ་ཡར་སྔོན་ནས་བཟུང་བོད་ནང་གི་མནར་གཅོད་ནི་རྒྱུན་མཐུད་ནས་ཡོད་ཅིང་། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་དང་བློ་བཟང་དོན་གྲུབ་སོགས་རྒྱ་ནག་གི་མནར་གཅོད་འོག་བཞུགས་པ་དང་སྐུ་ཚེ་མ་ཟིན་པ། རྒྱང་ཕུད་དུ་བཏང་བ། འགྲོ་འདུག་གི་རང་དབང་བྲལ་བ་སོགས་མིག་མཐོང་ལག་ཟིན་གྱི་ཁུངས་སྐྱེལ་དག་སྒྲིག་སྟེ་རྒྱ་ནག་གིས་རྒྱལ་སྤྱིའི་མནར་གཅོད་ལ་རྒོལ་བའི་བཅའ་ཁྲིམས་གཏོར་བཤིག་བཏང་བའི་སྐོར་སྙན་ཐོའི་ནང་བཀོད་ཡོད་པ་རེད།

སྙན་ཐོའི་ནང་བཀོད་དོན། རྒྱ་ནག་གི་ཁྲིམས་ལུགས་ནང་དུ་མནར་གཅོད་འགོག་པའི་བཅའ་ཡིག་ལག་བསྟར་དོན་འཁྱོལ་བྱུང་མེད་པ་དང་། རང་དབང་གི་ཁྲིམས་བཤེད་མེད་པ། དེའི་ཁར་རྒྱ་ནག་གཞུང་གིས་བོད་མིའི་ཁྲིམས་རྩོད་པར་ལངས་མཁན་རྒྱ་ནག་གི་ཁྲིམས་རྩོད་པ་རྣམས་ལ་འཇིགས་སྐུལ་བྱས་པ་སོགས་ཀྱང་བཀོད་ཡོད་པ་རེད།

བཙན་བྱོལ་བོད་གཞུང་གིས་སྙན་ཐོའི་མཇུག་སྡོམ་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མནར་གཅོད་འགོག་པའི་ཚོགས་ཆུང་ལ་ཞུ་སྐུལ་བྱས་དོན། ཚོགས་ཆུང་འདིས་རྒྱ་ནག་གིས་དམིགས་བཀར་གྱིས་བོད་མི་རིགས་ཐོག་མནར་གཅོད་ལག་བསྟར་བྱེད་ཀྱིན་པའི་གནས་སྟངས་ལ་ཞིབ་འཇུག་བྱེད་དགོས་པ་དང་། རྒྱ་ནག་གིས་བོད་ནང་ཆབ་སྲིད་ཀྱི་དྲག་གནོན་བྱེད་སྐབས་མནར་གཅོད་ནི་བོད་ཡོངས་ཁྱབ་རང་བཞིན་དང་གོ་རིམ་ཡོད་པའི་སྒོ་ནས་ལག་བསྟར་བྱེད་ཀྱི་ཡོད་ཅེས་དང་། བོད་ནང་གི་ད་ཡོད་ཀྱི་ཁོར་ཡུག་ནི་རྒྱ་ནག་གི་མི་སེར་སྤེལ་ཡུལ་དུ་གྱུར་ཡོད་པ་དང་། རྒྱ་ནག་གཞུང་གིས་བོད་མི་རིགས་ཀྱི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ལ་ངོས་ལེན་བྱེད་ཀྱི་མེད་པ་འདིས་བོད་མི་རིགས་ནི་མནར་གཅོད་དྲག་པོའི་འོག་ལྷུང་ཉེན་གྱི་གནས་སྟངས་ཤིག་སྐྲུན་གྱི་ཡོད་ཅེས་བཀོད་ཡོད་ལ། ཚོགས་ཆུང་དེས་རྒྱ་ནག་ལ་ཞུ་སྐུལ་བྱེད་རྒྱུའི་དོན་ཚན་ཁག་སྟེ། རྒྱ་ནག་གིས་མནར་གཅོད་ལ་འགོག་པའི་བཅའ་ཡིག་གི་ཚིག་དོན་ཇི་བཞིན་རང་ཉིད་ཀྱི་ཁྲིམས་ལ་བསྒྱུར་བཅོས་གཏོང་དགོས་པ། རྒྱལ་སྤྱིའི་རང་དབང་ལྡན་པའི་འགྲོ་བ་མིའི་ཐོབ་ཐོང་གི་རྟོག་ཞིབ་ཚོགས་པ་གང་མྱུར་བོད་ནང་ཡོང་དུ་འཇུག་རྒྱུ། རྒྱ་ནག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་གཙོ་ལགས་བོད་ནང་ཕེབས་ཏེ་དངོས་ཡོད་གནས་སྟངས་ལ་རྒྱུས་ལོན་བྱེད་དུ་འཇུག་རྒྱུ། དེ་བཞིན་རྒྱ་ནག་གཞུང་གིས་གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་མཉམ་དུ་གྲོས་མོལ་བརྒྱུད་བོད་ཀྱི་གནད་དོན་སེལ་དགོས་པ་སོགས་ཀྱི་ཞུ་སྐུལ་དོན་ཚན་ ༡༩ བཀོད་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

ཆུ་ཚོད་ ༡༧ སྔོན་ལ།
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

ཆུ་ཚོད་ ༡༨ སྔོན་ལ།
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese