མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བུད་མེད་ཀྱི་ནུས་ཤུགས་སྤེལ་བའི་སྲིད་བྱུས།

བོད་ཀྱི་དུས་བབ།
༢༠༠༨/༡༠/༡༥
Share on FacebookShare on TwitterShare on EmailShare on Whatsapp

ད་ལྟའི་གནས་སྐབས་སུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་བུད་མེད་བརྒྱ་ཆ་ ༢༣ དང༌། བཙན་བྱོལ་གཞུང་གི་སྲི་ཞུ་ལས་བྱེད་པའི་ནང་བུད་མེད་བརྒྱ་ཆ་ ༣༣ ལས་མེད་སྟབས་བུད་མེད་ཀྱི་ནུས་ཤུགས་ད་དུང་སྤེལ་དགོས་པ་མངོན་གསལ་དོད་པོ་རེད། བཙན་བྱོལ་བོད་མིའི་གཞི་རིམ་སློབ་གྲྭ་ཁག་གི་ནང་ད་ལྟའི་གནས་སྐབས་སུ་བུ་མོའི་སློབ་ཕྲུག་གིས་བརྒྱ་ཆ་ ༤༩་༣༧ ལོན་ཡོད་པ་ལ་གཞིགས་ན་སྤྱི་འཐུས་དང་གཞུང་ཞབས་ཀྱིས་མཚོན་པའི་སྤྱི་ཚོགས་ཀྱི་ལས་དོན་ཚང་མའི་ནང་དེ་མཚུངས་ཡོང་ཐུབ་པ་དང༌། ཡོང་དགོས་པའི་ཆ་རྐྱེན་ཚང་ཡོད། ལྷག་པར་དུ་༧གོང་ས་༧སྐྱབས་མགོན་ཆེན་པོའི་ནམ་ཕུགས་ཀྱི་བཞེད་དགོངས་འཚེ་མེད་ཞི་བའི་སྤྱི་ཚོགས་ཤིག་བསྐྲུན་རྒྱུ་ཡིན་པ་དེ་དག་ལེགས་འགྲུབ་ཡོང་ཆེད་ཕོ་མོ་གཉིས་ཀའི་མཉམ་རུབ་དགོས་གལ་ཤིན་ཏུ་ཆེ་ཟེར།

ཕྱི་ཚེས་ ༡༤ ཉིན་བཙན་བྱོལ་བོད་གཞུང་གིས་བོད་མིའི་སྤྱི་ཚོགས་ཁྲོད་བུད་མེད་ཀྱི་ནུས་ཤུགས་སྤེལ་བའི་སྲིད་བྱུས་ཀྱི་ལས་རིམ་ཞིག་གསལ་བསྒྲགས་གནང་འདུག་ལ། བཀའ་ཤག་གི་གསལ་བསྒྲགས་དེའི་ནང་འཁོད་དོན། བོད་དུ་སྤྱི་ཚོགས་ཀྱི་དཔལ་ཡོན་དར་བ་ནས་བཟུང་ཡུལ་མི་ཕོ་མོ་འདྲ་མཉམ་མེད་པའམ། ཕན་ཚུན་གཉའ་གནོན་བཤུ་གཞོག་གི་དཀའ་རྙོག་བྱུང་མྱོང་མེད་ཅིང༌། ལྷག་པར་བོད་དུ་སངས་རྒྱས་ཀྱི་བསྟན་པ་དར་བ་ནས་བཟུང་ནང་པའི་ལྟ་གྲུབ་ཏུ་སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་རིགས་ཡོད་པར་མཚུངས་པས་སེམས་ཅན་ཐམས་ཅད་གཞི་རིམ་གྱི་འདྲ་མཉམ་དུ་བལྟས་ན་མིའི་རིགས་རྣམས་འདྲ་མཉམ་ཡིན་པ་སྨོས་མེད་དང༌། སྟོན་པ་ཐུབ་པའི་དབང་པོས་ཀྱང་གདུལ་བྱ་རྣམས་ལ་ཆོས་གསུངས་པའི་སྐབས་རྟགས་སུ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཞེས་བཀའ་བསྩལ་བ་མ་གཏོགས་ཕྱོགས་གཅིག་ཏུ་འབོད་སྒྲ་གནང་བ་མེད་ཅིང་དགེ་བསྙེན་ཕ་མ་དང༌། དགེ་སློང་ཕ་མ་བཅས་འཁོར་རྣམ་པ་བཞི་ངེས་པར་དུ་ཚང་དགོས་པའང་བསྟན་པའི་ཁྱད་ཆོས་དང༌། མཆོག་གི་སྤྲུལ་སྐུའི་མཛད་པ་ཅན་གྱི་སངས་རྒྱས་ཚང་མ་ངེས་ཅན་གྱི་འཕྲིན་ལས་ཀྱི་གྲངས་ཤིག་ཡིན་པས་སངས་རྒྱས་ཀྱི་ཆོས་ལུགས་སུ་ཕོ་མོ་འདྲ་མཉམ་གྱི་གནས་བབ་ཡོད་བཞིན་པའི་དགེ་མཚན་དེ་དག་བོད་མིའི་སྤྱི་ཚོགས་སུ་དར་ཁྱབ་རྒྱུན་གནས་བྱུང་ཡོད། སྤྱི་ཚོགས་ཀྱི་གནས་དེ་འདྲའི་དབང་གིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་སུའང་ཕོ་མོར་ཐོབ་ཐང་འདྲ་མཉམ་གྱི་ཆ་རྐྱེན་ཡོད་པ་མ་ཟད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་བུད་མེད་ཀྱི་ཞབས་སྟེགས་ཉུང་མཐའ་ཟུར་བཅད་ཀྱང་གནང་ཡོད། དེ་བཞིན་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ནང་སྤྱིར་དགེ་རྒན་ལ་ཕོ་མོ་ཁྱད་མེད་ཀྱང༌། སྔོན་འགྲོའི་འཛིན་རིམ་གྱི་དགེ་རྒན་ལ་བུད་མེད་གཙོ་འདོན་དགོས་པའི་ཆ་རྐྱེན་འཁོད་ཡོད། འོན་ཀྱང་ད་ལྟའི་ཆར་སྤྱི་ཚོགས་དང་ཆབ་སྲིད། དཔལ་འབྱོར་སོགས་ཀྱི་ལས་གཞི་རྣམས་ཀྱི་ནང་ཆ་ཤས་ལེན་མཁན་གྱི་མི་འབོར་བུད་མེད་ཉུང་བ་ཡོད་སྟབས། ཕོ་མོ་འདྲ་མཉམ་གྱི་སྲོལ་བཟང་ཡོད་བཞིན་པའི་ཐོག བུད་མེད་ཀྱི་ནུས་ཤུགས་སྤེལ་བའི་ལས་རིམ་དམིགས་བསལ་བ་ཞིག་བརྩམ་དགོས་གལ་ཆེར་གྱུར་ཡོད། ཅེས་དང་།

བདག་ཉིད་ཆེན་པོ་གཱནྡིའས་ཀྱང་རྒྱ་གར་རང་དབང་རྩོད་སྒྲུབ་སྐབས་སྒྲུབ་ཕྱོགས་འཛུགས་སྐྲུན་གྱི་ལས་རིམ་བཅོ་བརྒྱད་བརྩམས་ཡོད་པའི་ནང་དགུ་པ་བུད་མེད་ཀྱི་ནུས་ཤུགས་སྤེལ་བའི་ལས་རིམ་ཡིན་པ་དང༌། དེ་ལ་བརྟེན་ནས་རྒྱ་གར་རང་བཙན་གྱི་ལས་འགུལ་ནང་བུད་མེད་ཀྱི་ནུས་ཤུགས་ཚད་མཐོར་སླེབས་ཡོད་པ་མ་ཟད། སྤྱི་ཚོགས་དང་དཔལ་འབྱོར་འཛུགས་སྐྲུན་སོགས་ཀྱི་ནང་གཟེངས་ཐོན་གྱི་མཉམ་ཞུགས་བྱས་ཡོད།

བཙན་བྱོལ་བོད་མིའི་སྤྱི་ཚོགས་ལྟ་བུར་མཚོན་ན། ད་ལྟའི་གནས་སྐབས་སུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་བུད་མེད་བརྒྱ་ཆ་ ༢༣ དང༌། བཙན་བྱོལ་གཞུང་གི་སྲི་ཞུ་ལས་བྱེད་པའི་ནང་བུད་མེད་བརྒྱ་ཆ་ ༣༣ ལས་མེད་སྟབས་བུད་མེད་ཀྱི་ནུས་ཤུགས་ད་དུང་སྤེལ་དགོས་པ་མངོན་གསལ་དོད་པོ་རེད། བཙན་བྱོལ་བོད་མིའི་གཞི་རིམ་སློབ་གྲྭ་ཁག་གི་ནང་ད་ལྟའི་གནས་སྐབས་སུ་བུ་མོའི་སློབ་ཕྲུག་གིས་བརྒྱ་ཆ་ ༤༩་༣༧ ལོན་ཡོད་པ་ལ་གཞིགས་ན་སྤྱི་འཐུས་དང་གཞུང་ཞབས་ཀྱིས་མཚོན་པའི་སྤྱི་ཚོགས་ཀྱི་ལས་དོན་ཚང་མའི་ནང་དེ་མཚུངས་ཡོང་ཐུབ་པ་དང༌། ཡོང་དགོས་པའི་ཆ་རྐྱེན་ཚང་ཡོད། ལྷག་པར་དུ་༧གོང་ས་༧སྐྱབས་མགོན་ཆེན་པོའི་ནམ་ཕུགས་ཀྱི་བཞེད་དགོངས་འཚེ་མེད་ཞི་བའི་སྤྱི་ཚོགས་ཤིག་བསྐྲུན་རྒྱུ་ཡིན་པ་དེ་དག་ལེགས་འགྲུབ་ཡོང་ཆེད་ཕོ་མོ་གཉིས་ཀའི་མཉམ་རུབ་དགོས་གལ་ཤིན་ཏུ་ཆེ་བས། གནས་སྐབས་རིང་བུད་མེད་ཀྱི་ནུས་ཤུགས་སྤེལ་བའི་ལས་རིམ་ཞིག་སྤེལ་རྒྱུ་དགོས་གལ་ཆེ་བས་གཤམ་གསལ་སྲིད་བྱུས་ཁག་གཏན་འབེབས་བྱས་པ་ཡིན་ཅེས་འཁོད་ཡོད་པ་དང་སྲིད་བྱུས་ཁག་ནི།

༡ དེང་སྐབས་བཙན་བྱོལ་སྤྱི་ཚོགས་ནང་བཙུན་མའི་གྲངས་འབོར་ཇེ་མང་དུ་འགྲོ་བཞིན་པར་བརྟེན་བཙུན་དགོན་ཁག་ཏུ་གཞུང་ཆེན་སློབ་གཉེར་དང༌། ཆེས་མཐོའི་རྒྱུགས་སྤྲོད་ལག་འཁྱེར་ཞུ་སྤྲོད་བྱེད་སྲོལ་གྱིས་མཚོན་པའི་ཐོས་བསམ་སློབ་གཉེར་གོང་འཕེལ་ཡོང་ཐབས་ལ་མཐུན་འགྱུར་བྱ་རྒྱུ་དང༌། དགེ་སློང་མའི་དགེ་འདུན་བསྐྱར་གསོ་ཡོང་ཐབས་སུ་ད་ལྟ་བྱེད་བཞིན་པའི་འབད་རྩོལ་རྣམས་རྒྱུན་མཐུད་བྱ་རྒྱུ།

༢ རྒྱ་བལ་འབྲུག་གསུམ་ཁུལ་ཡོད་བོད་མིའི་གཞིས་སྒར་ཁག་གི་ས་གནས་འཐུས་མིའི་ཚོགས་འདུ་དང༌། མཉམ་འབྲེལ་འགན་འཛིན་ལྷན་ཚོགས། རང་དབང་བདེན་པའི་ལས་འགུལ་ཚོགས་ཆུང༌། སྤྱི་མི་བརྒྱ་དཔོན་སོགས་ས་གནས་ཀྱི་སྒྲིག་འཛུགས་རྣམས་སུ་ད་ལྟ་བུད་མེད་ཇི་ཡོད་ཞིབ་འཇུག་གིས་གྲངས་ཚད་ཉུང་ཚེ་མཉམ་ཞུགས་གོང་མཐོར་སྤེལ་ཐབས་བྱ་དགོས།

༣ གཞུང་གིས་གཞིས་སྒར་ཁག་གི་ས་གནས་འགོ་འཛིན་ལ་བུད་མེད་གང་མང་ཡོང་ཐབས་བྱ་དགོས།

༤ གཞི་རིམ་འཛིན་གྲྭ་བཅུ་གཉིས་ཐོན་ནས་མཐོ་སློབ་ཏུ་འགྲོ་མཁན་ཁྲོད་སློབ་ཚན་འདེམས་སྒྲུག་དང༌། དེ་བཞིན་ལས་རིགས་འདེམས་སྒྲུག་ཐོག་བུད་མེད་གཅིག་གྱུར་མཉམ་ཞུགས་ཐུབ་པའི་གོ་སྐབས་ཡོང་ཆེད་སློབ་གྲ་ཁག་གི་ནང་མདུན་ལམ་སློབ་སྟོན་སྐབས་ནས་གཞུང་གིས་ཐུགས་སྣང་གནང་དགོས།

༥ བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ནང་སྔོན་འགྲོའི་དགེ་རྒན་རྣམས་བུད་མེད་གཙོ་འདོན་བྱ་དགོས་གསལ་བ་བཞིན་ལག་བསྟར་ཡོང་ཐབས་བྱ་རྒྱུ།

༦ འབྱུང་འགྱུར་བོད་ཀྱི་མི་རབས་བཟང་པོ་དང་མི་འབོར་འཕེལ་རྒྱས་ཡོང་ཆེད་མ་དང་བྱིས་པའི་འཕྲོད་བསྟེན་ཐོག་གཞུང་གིས་དམིགས་བསལ་དོ་སྣང་དགོས་པ་དང༌། ལྷག་པར་དུ་བུད་མེད་ཁྱིམ་སོ་གསར་དུ་འཛིན་པའམ་འཛིན་ལ་ཉེ་བ་རྣམས་སྐྱེད་མ་བཟང་མོ་ཞིག་ཡོང་ཆེད་དམིགས་བསལ་ཟབ་སྦྱོང་དང༌། དགོས་ངེས་ཀྱི་མཐུན་རྐྱེན་སྦྱོར་སྤྲོད་དགོས།

༧ གཞི་རིམ་སློབ་གྲྭ་ཁག་ཏུ་རྩེད་མོའི་རུ་ཁག་འདྲ་མཉམ་སྐྲུན་ཐབས་བྱ་དགོས།

༨ བུད་མེད་ནུས་ཤུགས་སྤེལ་བའི་སྲིད་བྱུས་ཀྱི་དགོས་དམིགས་ཐོག་མང་ཚོགས་སུ་ཟབ་སྦྱོང་ཐོག་ནས་འགྲེལ་བརྗོད་གནད་སྨིན་བྱ་དགོས་པ་བཅས་སོགས་ཡིན་འདུག

འབྲེལ་ཡོད་གསར་འགྱུར།

Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

ཆུ་ཚོད་ ༨ སྔོན་ལ།
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

ཆུ་ཚོད་ ༩ སྔོན་ལ།
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

ཆུ་ཚོད་ ༡༢ སྔོན་ལ།
Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

༢༠༢༦/༠༨/༡༢
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

༢༠༢༦/༠༨/༡༢
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

༢༠༢༦/༠༨/༡༢

མཆན། 1

  1. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 18 སྔོན།

    བཙན་བྱོལ་བོད་གཞུང་གིས་དམིགས་བསལ་མི་སྣ་རྩ་འཛུགས་བྱས་ཏེ། དུས་ནས་དུས་སུ་མཐོ་སློབ་ཁག་ཏུ་ཡོད་པའི་བོད་པའི་སློབ་ཕྲུག་བུ་མོ་རྣམས་ལ་ལྟ་རྟོག་དང་མདུན་ལམ་སློབ་སྟོན། མཐོ་སློབ་ཐོན་ལ་ཉེ་བ་རྣམས་ལ་ཆེད་ལས་དང་འབྲེལ་བའི་ལས་ཀར་གྲ་སྒྲིག་བྱེད་སྟངས་སོགས་ཀྱང་གལ་ཆེན་རེད་སྙམ། གལ་ཆེ་ཤོས་དེ་བུད་མེད་ལ་གདེང་སྤོབས་ཤིག་སྤྲོད་ཐབས་བྱེད་དགོས་པ་འདྲ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese