མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་གཞུང་གིས་པེ་ཅིན་ལ་ལན་འདེབས། ༼༥༽

བོད་ཀྱི་དུས་བབ།
༢༠༠༨/༡༠/༡༦
Share on FacebookShare on TwitterShare on EmailShare on Whatsapp

ལེ་ཚན་ལྔ་པ། བོད་ཀྱི་དགོན་སྡེ་ཁག་དང༌། གོ་ལག འཇིགས་སྐུལ་རིང་ལུགས།
ཕྱི་ལོ་ ༢༠༠༨ ཟླ་ ༡༠ ཚེས་ ༡༣ ཉིན་སྤེལ།
དགོན་སྡེ་ཁག་ནས་གོ་མཚོན་ཐོན་པའི་ཀླན་ཀ

བོད་ནང་གསུམ་པའི་དོན་རྐྱེན་ཏེ། བོད་མིའི་ཞི་རྒོལ་གྱེན་ལངས་ཀྱི་ལས་འགུལ་བྱུང་སྐབས་རྒྱ་ནག་གཞུང་གིས་དྲག་པོའི་གནོན་བཙིར་བྱས་པའི་རྗེས་འབྲེལ་བོད་མི་བགྲང་གིས་མི་ལངས་པའི་ཐོག་བསད་རྨས། སྡུག་སྦྱོང༌། མནར་གཅོད། གར་སོང་ཆ་མེད་གྱུར་པ་སོགས་ཀྱི་གོད་ཆག་ཚབས་ཆེ་ཕོག་ཡོད་པ་དེ་དག་རྒྱུ་མཚན་ལྡན་པ་དང༌། ལུགས་མཐུན་དུ་མངོན་ཆེད་རྒྱ་ནག་གཞུང་གི་སྡེ་ཚན་རིམ་པ་ནས་རྫུན་གཏམ་དང༌། མ་ཉེས་ཁག་གཡོག་སྣ་ཚོགས་ཤིག་སྣང་བ་གང་དྲན་གྱིས་བཟོ་སྒྲིག་བྱས་ཏེ། རྒྱ་ནག་དབུས་སྤྱི་བདེ་ལས་ཁུངས་དང༌། གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ཁག་སོགས་ནས་བོད་ཀྱི་དགོན་སྡེ་ཁག་ནང་མེ་མདའ་དང༌། གྲི་མདུང་སོགས་གོ་མཚོན་རྣམ་གྲངས་མང་པོ་ཞིག་ལྐོག་ཉར་བྱས་ཡོད་ལུགས་དང༌། དེ་དག་ནི་བོད་མི་རྣམས་ཀྱིས་དྲག་སྤྱོད་སྤེལ་གྱི་ཡོད་པའི་དཔང་རྟགས་ཡིན་ཚུལ་སོགས་ཕྱི་ཕྱོགས་ལ་དྲིལ་བསྒྲགས་ཤུགས་ཆེན་པོ་བྱས་དང་བྱེད་བཞིན་ཡོད་པ་རེད།

དཔེར་ན། རྒྱ་ནག་སྤྱི་བདེ་ལས་ཁུངས་ཀྱི་མགྲིན་ཚབ་པ་ཝུའུ་ཧོ་ཕིང་གིས་འདི་ལོ་ཕྱི་ཟླ་ ༤ ཚེས་ ༡ ཉིན་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་ལྷ་སའི་ཉེ་འཁོར་གྱི་དགོན་སྡེ་ཁག་ཅིག་ནས་མེ་མདའ་སོགས་མཚོན་ཆ་མི་ཉུང་བ་ཞིག་རག་སོན་བྱུང་ཚུལ་བཤད་འདུག་པ་དང༌། ཡང་འདི་ལོ་ཕྱི་ཟླ་ ༤ ཚེས་ ༡༠ ཉིན་གྱི་ཟི་ཁྲོན་ཉིན་རེའི་གསར་ཤོག་ནང༌། ཕྱི་ཟླ་ ༣ ཚེས་ ༢༨ ཉིན་རྔ་བ་ཀིརྟི་དགོན་དུ་མེ་མདའ་ལྐོག་ཉར་བྱས་ཡོད་པ་ཤེས་རྟོགས་བྱུང་འཕྲལ་སྔོག་བཤེར་བྱས་ཏེ་མེ་མདའ་རིགས་མི་འདྲ་བ་ ༣༠ དང༌། གྲི་མཚོན་རིགས་མི་འདྲ་བ་ ༣༣ ཙམ་ལག་སོན་བྱུང་ཚུལ་དང༌། དེ་དག་ནི་འཚེ་བའི་ལས་སྒྲུབ་ཆེད་ཡིན་ལུགས་སོགས་
སྒྲུང་གཏམ་རིང་པོ་ཞིག་བཟོས་ཏེ་འགོད་སྤེལ་བྱས་འདུག

དོན་དངོས་ཐོག་གོ་མཚོན་དེ་དག་ནི་རྒྱ་དམག་རྣམས་ཁྱི་སྨྱོན་བཞིན་བོད་ཀྱི་དགོན་སྡེ་ཁག་གི་ལྷ་ཁང་འདྲ་མིན་ནང་རང་སྣང་གང་དྲན་གྱིས་འཛུལ་ཏེ། ཡི་དམ་དང་སྲུང་མ་སོགས་དྲག་པོའི་སྐུ་བརྙན་དག་གི་ཕྱག་མཚན་དུ་གྱུར་པའི་གྲི་མཚོན་དང༌། བོད་མི་ཚོས་ས་རྐོ་རྡོ་སློག་ཆེད་རྒྱ་ནག་གཞུང་ལ་བཀའ་འཁྲོལ་ཞུས་ཏེ་ཉོ་སྒྲུབ་བྱས་པའི་འབར་རྫས་སོགས་བཅོམ་འཕྲོག་གིས་བོད་མི་རྣམས་ལ་མ་ཉེས་ཁག་གཡོག་བྱས་པ་ཉག་ཅིག་རེད།

ཀུན་གྱིས་ཤེས་གསལ་བཞིན། བོད་ཀྱི་དགོན་སྡེ་ཁག་ནི་རབ་བྱུང་དགེ་འདུན་གྱི་སྡེས་ཆོས་འཆད་ཉན་དང༌། བསླབ་པསློབ་གཉེར་བྱེད་ཡུལ་ཙམ་ཞིག་མ་ཡིན་པར། བོད་ཀྱི་གནའ་μརྐྱ་དང་རིག་དངོས་སོགས་བདག་གཅེས་བྱ་ཡུལ་གཙོ་བོ་ཞིག་དང༌། ལྷག་པར་དུ་བོད་མི་ཡོངས་ཀྱི་བསམ་བློའི་རྒྱབ་རྟེན་དང་རེ་ཕུགས་བཅོལ་ས་ཞིག་ཏུའང་གྱུར་ཡོད་པ་ཡིན། བོད་ཀྱི་དགོན་པ་ཞིག་ཏུ་འདུ་ཁང་དང༌། ལྷ་ཁང་འདྲ་མིན་ཡོད་པར་མ་ཟད། དཔེ་མཛོད་ཁང་དང༌། དཔར་ཁང༌། མགོན་ཁང༌། བཙན་ཁང༌། སྲུང་མ་ཁང་སོགས་སྣ་ཚོགས་ཤིག་ཡོད་པ་དེ་དག་རེ་རེ་ལའང་ཐུན་མོང་མ་ཡིན་པའི་ངོ་བོ་དང༌། བྱེད་ལས་རེ་ཡོད་པ་རེད། དཔེར་ན།
སྲུང་མ་ཁང་ལྟ་བུ་ནི་དད་ལྡན་རྣམས་ཀྱིས་ལྷ་སྲུང་ཁག་ལ་འཕྲིན་བཅོལ་ཞུ་ཡུལ་ཁོ་ན་ཡིན་ཞིང༌། སྲུང་མ་ཁང་དུ་ཆོས་སྐྱོང་སྲུང་མ་སོགས་དྲག་པོའི་སྐུ་བརྙན་སྣ་ཚོགས་ཤིག་བཞེངས་སྲོལ་ཡོད་པ་དང༌། ལྷ་སྲུང་དེ་དག་གི་ཕྱག་མཚན་དུ་གྲི་མདུང་སོགས་གོ་མཚོནསྣ་ཚོགས་ཤིག་ཐོགས་ཡོད་པ་འདི་ནི་ལོ་རྒྱུས་ཀྱི་སྔ་སྲོལ་ཞིག་ཡིན་པ་ལས། རྒྱ་ནག་གུང་ཁྲན་བོད་དུ་སླེབས་རྗེས་གསར་དར་བྱུང་བཞིག་གཏན་ནས་མིན།

གལ་སྲིད་རྒྱ་ནག་གཞུང་ནས་བོད་ཀྱི་ལྷ་སྲུང་རྣམས་ཀྱི་ཕྱག་མཚན་གོ་མཚོན་རྣམས་འཕྲོག་བཅོམ་བྱས་ཏེ། དེ་དག་བོད་ཀྱིདགེ་འདུན་པ་རྣམས་ཀྱིས་དྲག་སྤྱོད་སྤེལ་གྱི་ཡོད་པའི་དཔང་རྟགས་རེད་ཅེས་ཧམ་བཤད་བྱས་ན། རྒྱ་ནག་གི་ནང་པའི་དགོན་སྡེ་ཁག་གི་ལྷ་ཁང་སོགས་ཀྱི་སྒོ་འགྲམ་དུ་རྒྱ་ལུགས་རྒྱལ་ཆེན་རིགས་བཞིའི་འབག་སྐུ་བཞེངས་སྲོལ་ཡོད་པ་དང༌། རྒྱལ་ཆེན་དེ་དག་གི་ཕྱག་མཚན་དུའང་རལ་གྲི་དང༌། མདའ་གཞུ། མདུང་རིང་སོགས་མཚོན་ཆ་སྣ་ཚོགས་ཤིག་ཐོགས་ཡོད་པས། དེ་དག་ལ་འགྲེལ་བཤད་ཇི་ལྟར་རྒྱག་རྒྱུ་ཡིན་ནམ།

དེ་བཞིན་རྒྱ་ནག་གི་དགོན་སྡེ་ཕལ་མོ་ཆེའི་ནང་གཞི་བདག་གི་ཚུལ་དུ་བཀྭན་ཀུང་གི་སྣང་བརྙན་ལག་ཏུ་གྲི་རིང་དང༌། མདུང་རིང་འཆང་བ་དེ་འདྲ་བཞེངས་ཡོད་པས། དེ་དག་གིས་ཀྱང་རྒྱ་ནག་གི་ཧྭ་ཤང་ཚོས་འཚེ་བའི་ལས་སམ། དྲག་སྤྱོད་སྤེལ་རྒྱུའི་སྟ་གོན་བྱེད་པ་མཚོན་གྱི་ཡོད་པ་མ་ཡིན་ནམ།

ཡང་ལོ་རྒྱུས་ཐོག་བོད་མི་བརྔོན་པ་དག་གིས་རྔོན་རྒྱག་མཚམས་འཇོག་བྱེད་སྐབས་དང༌། བཤན་པ་རྣམས་ཀྱིས་སྒོ་ཕྱུགས་སེམས་ཅན་གྱི་ཚེ་སྲོག་གཅོད་རྒྱུ་མཚམས་འཇོག་བྱེད་སྐབས། དེ་བཞིན་ནང་དམེ་སོགས་འཁྲུན་ཐག་ཆོད་སྐབས་བཅས་སུ་མེ་མདའ་དང༌། གྲི་མདུང་སོགས་དགོན་སྡེ་ཁག་ལ་ཕུལ་ཏེ་འཚེ་བའི་ལས་སྤོང་བའི་དམ་བཅའ་འབུལ་རྒྱུའི་སྔ་སྲོལ་བཟང་པོ་དར་ཡོད་ལ། དགོན་སྡེ་ཁག་ནས་ཀྱང་གོ་མཚོན་དེ་དག་མི་གཞན་གྱི་ལག་ཏུ་མི་ཤོར་བའི་ཆེད་དུ་རྩིས་བཞེས་ཀྱིས་བཙན་ཁང་དང༌། སྲུང་མ་ཁང་སོགས་སུ་འགྲེམས་སྟོན་ལྟ་བུར་བཞག་སྟེ་མི་གཞན་ལ་འཚེ་བའི་ལས་སྤང་རྒྱུའི་ཕྱོགས་སུ་སྐུལ་མ་བྱེད་པའི་གནའ་སྲོལ་བཟང་པོ་ཞིག་ཡོད་པ་འདི་ནི་བསྔགས་བརྗོད་ཀྱི་ཡུལ་དུ་གྱུར་མོད། འོན་ཀྱང་རྒྱ་ནག་གཞུང་ནས་མེ་མདའ་དང༌། སྟ་གྲི་དེ་དག་བཙན་འཕྲོག་གིས་རྒྱལ་སྤྱིའི་མདུན་སར་བོད་ཀྱི་དགེ་འདུན་པ་ཚོས་ཀྲུང་གོར་དྲག་པོའི་ངོ་རྒོལ་བྱེད་འདུན་འཆང་གི་ཡོད་པའི་དཔང་རྟགས་སུ་མཁོ་འདོན་བྱེད་ཀྱི་ཡོད་པ་རེད། རྒྱ་ནག་གཞུང་གི་སྤྱོད་ཚུལ་འདི་ནི་ཡ་རབས་བཟང་སྤྱོད་དང་ཡོངས་སུ་རྒྱབ་འགལ་གྱུར་པའི་ཆོམ་རྐུན་གྱི་བྱེད་སྟངས་ཤིག་ཡིན།

མདོར་ན་རྒྱ་ནག་གཞུང་གིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་གོམས་སྲོལ་སོགས་ལ་མཐོང་ཆུང་དམའ་འབེབས་དང་། རྩིས་མེད་རྡོག་རོལ་གཏོང་རྐྱང་བྱས་ཏེ་དགོན་སྡེ་ཁག་ཏུ་སྣང་བ་གང་དྲན་གྱིས་བསྔོགས་བཤེར་དང༌། ལྷ་སྐུ་རྟན་གསུམ་གཏོར་བཅོམ་བྱེད་པས་མ་ཚད། ད་དུང་དགོན་སྡེ་ཁག་དང་དགེ་འདུན་པ་ཚོས་བདག་ཏུ་བཟུང་བའི་རྩ་ཆེའི་དངོས་ཆས་རིགས་རྐུ་འཕྲོག་ཀྱང་བྱེད་ཀྱི་ཡོད་པ་རེད། དེས་ན་རྒྱ་ནག་གཞུང་གིས་བོད་ཀྱི་དགོན་སྡེ་ཁག་ནས་གོ་ལག་ཕོན་ཆེ་ཐོན་ཡོད་ཅེས་ཧ་ལམ་དགོན་པ་དེ་དག་གིས་རྒྱ་ནག་གཞུང་ལ་དམག་འཐབ་འདྲེན་རྒྱུའི་འོག་གྲབས་བྱེད་ཀྱི་ཡོད་པ་ལྟ་བུའི་འུད་སྒྲོག་བྱེད་པ་འདི་ནི་བདེན་པའི་
གནས་ལུགས་དང༌། རྒྱུ་མཚན་གྱིས་ཕོངས་པའི་ཧམ་བཤད་ཁོ་ན་ཡིན།

བོད་ཀྱི་གཞོན་ནུ་ལྷན་ཚོགས་དང༌། ཨལྐཡེདཱ་འཇིགས་སྐུལ་ཚོགས་པ།

རྒྱ་ནག་གི་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ཁག་ནས་དྲིལ་བསྒྲགས་ཀྱི་ལས་འགུལ་ཤུགས་ཆེ་ཞིག་སྤེལ་བཞིན་ཡོད་པའི་ནང༌། ༼ཏཱ་ལའི་རུ་ཚོགས་༽ ཀྱི་ཆ་ཤས་སུ་གྱུར་པའི་སྒྲིག་འཛུགས་སམ། ཚོགས་སྡེ་ཁག་ཅིག་གིས་ཨལྐཡེདཱ་འཇིགས་སྐུལ་ཚོགས་པ་དང༌། ཤར་ཏུརྐིསྟན་རང་བཙན་ལས་འགུལ་དང་ངན་འབྲེལ་བྱེད་ཀྱི་ཡོད་པའི་རྣམ་པ་སྟོན་ཐབས་འབད་བརྩོན་བྱས་ཡོད། དཔེར་ན། ཕྱི་ལོ་ ༢༠༠༨ ཟླ་ ༥ བདུན་དང་པོར་ལིའུ་ཧུང་ཅི་ཞེས་སྨྱུག་མིང་དུ་སྤྱོད་པའི་བོད་རིག་པའི་མཁས་པ་ཞིག་ནས་རྒྱ་ནག་གི་གཞུང་འབྲེལ་གསར་འགྱུར་ཚན་པ་ཤིན་ཧྭའི་ནང་རྩོམ་ཡིག་ཅིག་སྤེལ་ཡོད་པ་དེའི་ནང༌། ༼བོད་ཀྱི་གཞོན་ནུ་ལྷན་ཚོགས་ནི་འཇིགས་སྐུལ་རིང་ལུགས་པའི་ཚོགས་པ་ཞིག་ཆགས་ཡོད། གང་ཡིན་ཞེ་ན། དེའི་ནང་དྲག་པོའི་ལྟ་སྤྱོད་ཀྱི་རྩ་བ་བརྟན་པོ་ཚུགས་ཟིན་ཡོད་པས་ཡིན། ་་་་་་་་་་དེ་སྔ་ གསུམ་གཅིག་བཞིའི་དོན་རྐྱེན་བྱུང་རྗེས་ཀྲུང་གོའི་བོད་རིགས་གནས་སྡོད་ས་ཁུལ་ཁག་ཏུ་ཡོད་པའི་དགོན་སྡེ་ཁ་ཤས་ནང་མེ་མདའ་དང༌། μརྐྱ་་དེལ་ཕོན་ཆེ་ཞིག་ཐོན་པ་དེ་དག་ཉེན་རྟོག་པས་གཞུང་བཞེས་གཏོང་སྐབས་ གོང་གསལ་ཚོགས་པའི་ཐེ་གཏོགས་ཡོད་པ་གསལ་མངོན་བྱུང་ཡོད་༽ ཅེས་འཁོད་འདུག་པ་ནས་ཤེས་ཐུབ།

ང་ཚོས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚབ་བྱས་ཏེ་སྐད་ཆ་ཤོད་མི་ཐུབ་ཅིང༌། གཞོན་ནུ་ལྷན་ཚོགས་ནི་རང་བསམ་རང་གིས་ཤོད་ཕོད་པའི་ཚོགས་སྡེ་རང་རྐྱ་ཡོངས་སུ་འཕེར་བ་ཞིག་ཡིན། ང་ཚོས་དཔྱད་གླེང་འདི་ལྟར་བྱེད་དགོས་དོན་ནི། རྒྱ་ནག་གིས་ཛྲཏཱ་ལའི་རུ་ཚོགས་ཛྲ ཞེས་གོ་རྒྱ་ཆེ་ལ་ཡོངས་μྣགརྐྱ་སྡུད་པར་བྱེད་པའི་ཚིག་བμྣད་ཅིག་བེད་སྤྱོད་གཏོང་གི་ཡོད་པ་དེའི་ནང་གཞོན་ནུ་ལྷན་ཚོགས་ཀྱང་ཚུད་ཀྱི་ཡོད་པས་ཡིན་ཞིང༌། མང་གཙོའི་བརྒྱུད་རིམ་ལ་བརྟེན་ནས་འོས་བསྡུ་བྱས་པའི་ཚོགས་པ་ཞིག་ལ་ཨལྐཡེདཱ་དང་འབྲེལ་བ་དམ་ཟབ་ཡོད་པའི་ ཛྲའཇིགས་སྐུལ་ཛྲ ཚོགས་པ་ཞིག་རེད་ཅེས་གཞི་མེད་ཁུངས་བྲལ་གྱི་བབ་ཅོལ་སྨྲ་བ་དེ་ནི། གང་ལ་དམིགས་ནས་དེ་ལྟར་ཤོད་ཀྱི་ཡོད་པ་ཐམས་ཅད་ལྐུགས་པ་ལྐུགས་རྐྱང་དུ་བརྩི་བའི་ཚོད་དཔག་ལ་གཞི་བཅོལ་བྱས་པ་ཞིག་ཡིན་པའམ། ཡང་ན་རྒྱ་ནག་གི་འགོ་ཁྲིད་ཚན་ཁག་ནས་བོད་མིའི་ཐོག་རྣམ་འགྱུར་ཇེ་མཁྲེགས་སུ་གཏོང་གི་ཡོད་པའི་མངོན་ཕྱོགས་ཤིག་ཡིན་པ་ཇི་ལྟར་རུང༌། བོད་ཀྱི་གཞོན་ནུ་ལྷན་ཚོགས་ནི་དངོས་འབྲེལ་ཐོག་ནས་རྒྱ་གར་རང་དབང་ལུང་པ་སྟེ། གུ་ཡངས་ལྡན་པའི་སྤྱི་ཚོགས་སྣ་མང་རང་བཞིན་ཅན་ཞིག་ནང་རྟེན་གཞི་བྱས་ཡོད་པ་དེའི་ནང་གནས་ཚུལ་མཁོ་སྤྲོད་ཀྱི་རང་དབང་ལ་ཡོངས་སུ་བརྩི་བཀུར་བྱེད་ཀྱི་ཡོད་པར་བརྟེན། རྒྱ་གར་གཞུང་གི་འབྲེལ་ཡོད་དབང་འཛིན་མི་སྣ་ཚོས་མངའ་ཁོངས་ཚོགས་སྡེ་གང་ཞིག་ནས་གནས་ཡུལ་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ལ་ཤེས་བཞིན་དུ་བརྩི་མེད་རྡོག་རོལ་གཏོང་གི་ཡོད་མེད་ཐག་གཅོད་ཡང་དག་པ་ཞིག་བྱེད་ཐུབ་ཀྱི་ཡོད་ཅིང༌། ད་ཕན་རྒྱ་གར་གཞུང་ནས་ཁོང་ཚོའི་བསམ་ཞིབ་ནན་ཏན་བགྱིས་པའི་གྲུབ་དོན་ནམ། ཐག་གཅོད་ནངབོད་ཀྱི་གཞོན་ནུ་ལྷན་ཚོགས་འཇིགས་སྐུལ་ཚོགས་པ་ཡིན་པའི་ཁྱབ་བསྒྲགས་བྱས་མེད་ལ། རང་རེའི་བཙན་བྱོལ་སྤྱི་ཚོགས་ནང་དུའང་གཞོན་ནུའི་ཚོགས་པ་དེ་ནི་གུས་བརྩི་ཞུ་འོས་པའི་ཚོགས་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

དྲི་བ་མང་ལ་ལན་འདེབས་ཉུང༌།

རྒྱ་ནག་གི་འགོ་ཁྲིད་ཁག་ཅིག་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་འཇིགས་སྐུལ་ཚོགས་པ་རེད་ཅེས་ཁ་རྡུང་དྲག་པོ་གཏོང་གི་ཡོད་པ་དེ་ནི། ཁོང་ཚོས་དེ་སྔ་ལོ་རབས་ ༨༠ འགོ་སྟོད་དུ་ཚོགས་པ་དེ་རང་ལ་མངོན་ཆུང་བརྩི་མེད་དུ་གཏོང་བའི་ལྟ་ཚུལ་ཞིག་བཟུང་ཡོད་པ་དེ་དང་ཡོངས་སུ་རྒྱབ་འགལ་འགྲོ་གི་ཡོད་ཅིང༌། སྐབས་དེ་དུས་འགོ་ཁྲིད་དེ་ཚོའི་གྲས་ཀྱིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་ཛྲསྦྲང་ཆུང་ཞིག་གིས་རི་རྒྱལ་ལྷུན་པོར་གཤོག་ལྕག་གཞུ་གི་ཡོད་པ་རེད་ཛྲ ཅེས་བཤད་དེ་སྣང་ཆུང་བྱས་ཡོད་པ་དེ་ལྟར་ཡང༌། ༼ད་ཆ་༽ རྒྱ་ནག་གི་འགོ་ཁྲིད་ཚོའི་མིག་ལམ་དུ་ ༼སྔོན་མའི་༽ སྦྲང་ཆུང་ཉམ་ང་དེའི་དབྱིབས་གཟུགས་ ༼འཇིགས་སྐུལ་༽ ཚོགསཔ་ཞིག་ཏུ་ཅིའི་ཕྱིར་འགྱུར་བ་ཡིན་ནམ།

གོང་གསལ་དྲི་བའི་ལན་འདེབས་ནི་རྒྱ་ནག་གི་འགོ་ཁྲིད་མི་སྣའི་ཁྲོད་ནས་མཁྲེགས་བཟུང་ཅན་ཚོར་ཡོད་པ་རེད། ཁོང་ཚོའི་འདོད་ཚུལ་ལ་རྒྱ་ནག་རྒྱལ་ཁབ་དང༌། འགོ་ཁྲིད་ཚན་ཁག་ཡོངས་རྫོགས་དེ་བཞིན་རྒྱ་རིགས་མི་མང་ནས་ ༼ཏཱ་ལའི་རུ་ཚོགས་༽ ནི་ ༼འཇིགས་སྐུལ་རིང་ལུགས་པའི་༽ ཚོགས་པ་ཞིག་ཡིན་པར་ངོས་འཛིན་ཡོང་རེ་བྱེད་ཀྱི་ཡོད་ཅིང༌། དེ་ལྟར་རེ་བ་བྱེད་དགོས་དོན་གང་ཡིན་སྙམ་ན། དེ་བསྟུན་ཁོང་ཚོས་ ༼དྲག་པོའི་སྒོ་ནས་༽ གདོང་ལེན་བྱེད་ཐུབ་པའི་ཁེ་ཕན་ཞིག་མཐོང་གི་ཡོད་པས་ཡིན།

འོན་ཀྱང་རྒྱ་ནག་གི་འགོ་ཁྲིད་མི་སྣའི་ཁྲོད་ནས་རྣམ་དཔྱོད་ལྡན་པ་ཁག་ཅིག་དང༌། དེ་བཞིན་རྒྱ་རིགས་མི་མང་ཡོངས་ལ་མཁྲེགས་བཟུང་ཅན་གྱི་འགོ་ཁྲིད་ཚོས་གང་ཞིག་རྩོད་གླེང་བྱེད་ཀྱི་ཡོད་པ་དང༌། དེ་དག་གི་རྒྱབ་རྟེན་དཔང་རྟགས་བཅས་ཀྱི་སྐོར་ཡིད་རྟོན་འཕེར་བའི་གནས་ལུགས་ར་འཕྲོད་ཅིག་མ་བྱུང་གོང་ ༼གཤམ་གསལ་༽ དྲི་བ་ཁ་ཤས་ཐོག་ལན་འདེབས་ཤིག་རག་འདོད་བྱེད་ཀྱི་ཡོད་པ་རེད།

དྲི་བ་དང་པོར། གལ་ཏེ་དགོན་སྡེ་ཁག་ནས་ཐོན་པའི་གོ་མཚོན་རྣམས་དངོས་འབྲེལ་ཐོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་སྤྱི་བདེ་པུའུ་དང༌། བཅིངས་འགྲོལ་དམག དྲག་ཆས་ཉེན་རྟོག་དམག་དཔུང༌། དེ་བཞིན་ཁོང་ཚོའི་འཇོན་ཐང་ཆེ་བའི་གསང་མྱུལ་པའི་སྣ་འོག་ནས་བོད་ནང་གསང་འདྲེན་བྱས་ཡོད་པ་ཞིག་ཡིན་ན། དེ་དག་ཐོག་མ་ཉིད་ནས་བཀག་འགོག་བྱེད་མ་ཐུབ་པ་གང་ཡིན་ནམ། རྒྱ་ནག་གཞུང་ནས་འཛམ་གླིང་གི་ས་ཁུལ་གཞན་དག་ཏུ་མི་དང༌། བློའི་འཆར་སྒོ། དངོས་ཟོག་བཅས་ཀྱི་འགྲོ་བསྐྱོད་ལ་ཚོད་འཛིན་དམ་བསྒྲགས་ཆེ་ཤོས་བྱེད་ཐུབ་པའི་བཀོད་སྒྲིག་བྱས་ཡོད་པར་བརྟེན། ཐོག་མར་གོ་མཚོན་ཕོན་ཆེ་དེ་ལྟར་བོད་དུ་ནང་འདྲེན་བྱེད་ཐུབ་པའི་གནས་ཚུལ་ལྷག་དོན་གང་ཡིན་ནམ། འདི་དག་རྒྱ་ནག་གི་བདེ་འཇགས་དམག་དཔུང་ནས་རང་འཁྲིའི་ལས་འགན་སྒྲུབ་ཕྱོགས་ཐད་འཐུས་ཤོར་བྱུང་བའི་གནས་ཚུལ་ཆེ་གྲས་ཤིག་མ་ཡིན་ནམ།

རྩོད་པའི་ཆེད་དུ་རེ་ཞིག་བོད་ཀྱི་གཞོན་ནུ་ལྷན་ཚོགས་འདི་བཞིན་སྤྱང་གྲུང་ཤིན་ཏུ་དོད་པས་གོང་གསལ་གོ་ལག་རྣམས་དྭོགས་ཟོན་ཆེ་བའི་རྒྱ་ནག་གི་བདེ་འཇགས་དམག་དཔུང་གི་ཁ་གདོང་ནས་བོད་དུ་གསང་འདྲེན་བྱས་དབང་དུ་བཏང་ནའང༌། དེ་དག་བདེ་འཇགས་དམག་དཔུང་གིས་ཤེས་ཚོར་མེད་པའི་ཐོག་ནས་དགོན་སྡེའི་ནང་དབོར་འདྲེན་བྱེད་ཐུབ་པ་དེ་ཇི་ལྟར་བྱུང་བ་ཡིན་ནམ། བོད་ནང་ཡོད་པའི་དགོན་སྡེ་ཁག་ནི་རྒྱུན་ཏུ་རྒྱ་ནག་གཞུང་གི་བྱ་ར་སོ་ལྟ་དང༌། དམ་བསྒྲགས་ཆེན་པོའི་འོག་གནས་མུས་ལ་བརྟེན། རྒྱའི་དབང་འཛིན་པ་ཚོས་དགོན་པའི་ནང་གོ་མཚོན་ཡོད་པ་དེ་ཤེས་རྟོགས་མ་བྱུང་བ་གང་འདྲ་ཡིན་ནམ། ༼ལྷག་པར་དུ་༽ གོ་
མཚོན་དེ་དག་བོད་དུ་ངོ་རྒོལ་བྱུང་རྗེས་གཞི་ནས་ཕྱིར་འདོན་བྱེད་དགོས་དོན་གང་ཡིན་ནམ། རྒྱ་ནག་གི་བདེ་འཇགས་དམག་དཔུང་ནས་༼ནག་ཉེས་༽ ཀྱི་གནས་ཚུལ་རིགས་ཐོན་མ་ཉིད་དུ་དེ་དག་ཐེར་འདོན་དང་སྦྲགས་ ༼ཉེས་ཅན་པ་༽ འཇུ་བཟུང་བྱེད་དགོསཔ་དེ་ཁོང་ཚོའི་ལས་འགན་མ་ཡིན་ནམ། ཁོང་ཚོས་དུས་ཚོད་རིང་པོ་འདི་ལྟར་སྒུག་སྡོད་བྱེད་དགོས་དོན་གང་ཡིན་ནམ།

ལར་ནས་གོ་མཚོན་འདི་དག་གང་དུ་བཟོ་བསྐྲུན་བྱས་ཡོད་དམ། སྤྱིར་བཏང་གོ་མཚོན་སོ་སོའི་སྟེང་ཚོང་རྟགས་འཁོད་ཡོད་པ་ནས་དེ་དག་གི་ཡོང་ཁུངས་གསལ་པོ་ཤེས་རྟོགས་ཐུབ་ཀྱི་ཡོད་ཅིང༌། རྒྱ་ནག་སྤྱི་བདེ་པུའུ་ཡི་མགྲིན་ཚབ་པས་རྒྱལ་སྤྱིའི་གསར་ལམ་གྱི་མདུན་སར་གོང་གསལ་གོ་མཚོན་རྣམས་ཀྱི་ཡོང་ཁུངས་གསལ་བཤད་མི་བྱེད་པའི་རྒྱུ་མཚན་གང་ཡིན་ནམ།

ཆོས་གོས་སྤྲས་པའི་བཅིངས་འགྲོལ་དམག་དཔུང༌།

རྒྱ་ནག་གཞུང་གིས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་ ༼ཆོས་གོས་གྱོན་པའི་འཕར་སྤྱང་༽ ཞེས་མཚན་སྨད་སྐུར་འདེབས་ཞུ་གི་ཡོད། ༼འོན་ཀྱང་༽ ཕྱི་ལོ་ ༡༩༥༩ ལོར་བོད་མིའི་རང་དབང་སྒེར་ལངས་བྱུང་བ་ནས་བཟུང་ ༼རྒྱ་ནག་༽བཅིངས་འགྲོལ་དམག་གིས་འདི་ལྟར་བྱ་རྒྱུ་ཁོང་ཚོའི་རྒྱུན་གཤིས་ལྟ་བུ་ཆགས་ཡོད་པ་སྟེ། ཆོས་བྱེད་དགེ་འདུན་པའི་ངོ་བོར་བརྫུས་ནས་བོད་མི་ནང་ཁུལ་དུ་ཕུང་སྦྱོར་དབྱེན་དཀྲུག་བྱ་རྒྱུ་དང༌། མགོ་སྐོར་བསླུ་བྲིད་བྱ་རྒྱུ། དེ་བཞིན་གཞི་རིམ་མང་ཚོགས་ཀྱི་ཁྲོད་དུསིམ་འཛུལ་གྱིས་ཁོང་ཚོར་སྲིད་གཞུང་ནས་འཕྲལ་དུ་དྲག་གནོན་བྱེད་འོས་པའི་ཐ་ཤལ་གྱི་བྱ་སྤྱོད་རིགས་སྤེལ་རྒྱུའི་ངན་སྐུལ་བྱ་རྒྱུབཅས་
ཡིན།

དཔེར་ན། རྣམ་གྲྭ་ཕྱག་ཟུར་རྒྱལ་མཚན་ལགས་ཀྱི་བརྩམས་དེབ་ ༼བོད་གཞུང་ཕྱི་དྲིལ་ལས་ཁུངས་ནས་ཕྱི་ལོ་ ༡༩༩༢ ལོར་དཔར་སྐྲུན་ཞུས་པ་༽ རྒྱའི་བཙོན་ཁང་ནང་བོད་མིས་སྡུག་སྦྱོང་ཇི་ལྟར་མྱངས་པའི་དོན་དངོས་ལོ་རྒྱུས་ཞེས་པའི་ནང༌། ལྷ་སར་ཕྱི་ལོ་ ༡༩༥༩ ལོའི་རང་དབང་སྒེར་ལངས་བྱུང་སྐབས་རྒྱ་དམག་གིས་བོད་མིའི་གཟུགས་སུ་བμཎརྐྱ་ཏེ་ཕོ་བྲང་པོ་ཏཱ་ལའི་ཉེ་འདབས་ཆགས་པའི་ལྕགས་པོ་རིར་འཛེགས་ནས་བསངས་གསོལ་བཏང་བ་དང༌། དར་ལྕོག་བཙུགས་པ་སོགས་བྱས་ཡོད་པ་དེ་ནི་ལྷ་སའི་འཐབ་མོའི་ནང་བོད་མིའི་ཕྱོགས་ལ་རྒྱལ་ཁ་ཐོབ་པའི་རྣམ་པ་སྟོན་རྒྱུའི་མི་མང་བསླུ་ཐབས་ཀྱི་བྱེད་ཕྱོགས་ཤིག་ཡིན་སྐོར་གསལ་འདུག དེ་ལྟར་བྱེད་དགོས་པའི་རྒྱུ་མཚན་གཞན་ཞིག་ནི། ༼སྐབས་དེའི་དུས་ཟིང་ནང་༽ གལ་ཏེ་བོད་མི་འཐབ་འཛིང་བྱེད་མཁན་ཚོས་ ༼དངོས་འབྲེལ་རྒྱལ་ཁ་ཐོབ་ཡོད་སྙམ་དུ་༽ རང་རང་ཡིབ་ཁུང་ནས་ཕྱིར་ཐོན་པ་ཡིན་ན། བཅིངས་འགྲོལ་དམག་གིས་དེ་འཕྲལ་མེ་མདའ་བརྒྱབས་ཏེ་ཁོང་ཚོ་ལས་སླ་པོའི་ངང་ནས་གསོད་ཐུབ་པ་ཞིག་ཡོང་གི་ཡོད་པས་ཡིན།

ཆབ་སྲིད་བཙོན་ཟུར་དགའ་གྲྭ་བག་གྲོས་གནས་ཚུལ་འགྲེལ་བརྗོད་བྱས་པ་ཞིག་གི་ནང་དུའང༌། དེ་སྔ་ཕྱི་ལོ་ ༡༩༨༨ ཟླ་༣ ཚེས་ ༥ ཉིན་ལྷ་སར་བོད་རྒྱ་ཆེའི་མང་ཚོགས་ཀྱིས་གཞི་རྒྱ་ཆེ་བའི་རྔམ་སྟོན་ཁྲོམ་སྐོར་བྱེད་སྐབས་རྒྱ་ནག་གཞུང་ནས་རྒྱ་རིགས་ཞི་ལས་པ་དང༌། དམག་མི་ཕོན་ཆེ་ཞིག་ལ་གྲྭ་ཆས་དང༌། མི་སེར་དཀྱུས་མའི་གྱོན་གོས་གཡོགས་ཏེ་ལྷ་སའི་གྲོང་ཁྱེར་ཡོངས་རྫོགས་ནང་བཀྲམས་པ་སོགས་ཆེས་ཐ་ཤལ་ཅན་གྱི་གཡོ་ཐབས་སྤྱད་སྐོར་གསལ་འདུག

དེ་བཞིན་རྒྱ་ནག་ནས་ཕརན་སིར་བཙན་བྱོལ་དུ་འབྱོར་བ་རྒྱ་རིགས་རྩོམ་པ་པོ་ཐང་ཏ་ཤན་གྱིས་བྲིས་པའི་རྒྱ་དེབ། བོད་གཞུང་ཕྱི་དྲིལ་ལས་ཁུངས་ནས་བོད་བསྒྱུར་དང་འབྲེལ་ཕྱི་ལོ་ ༡༩༩༢ ལོར་དཔར་སྐྲུན་ཞུས་པ་མེ་མདའི་རྩེ་གྲི་ཐད་ཀར་ལྷ་སར་གཏད་པ་ཞེས་པའི་ནང༌། ལྷ་སར་ཕྱི་ལོ་ ༡༩༨༩ ལོའི་ཞི་བའི་ངོ་རྒོལ་གྱི་ལས་འགུལ་བྱུང་སྐབས་རྒྱ་ནག་གཞུང་ནས་བོད་མི་ངོ་རྒོལ་བྱེད་མཁན་ཚོའི་ཐོག་དོན་ཚན་བཞི་ཅན་གྱི་དམག་རྒྱག་རྒྱུའི་འཆར་གཞི་བཀོད་སྒྲིག་བྱས་ཡོད་པ་དེའི་ཆ་ཤས་སུ། རྒྱ་ནག་གཞུང་གི་རྒྱུགས་ཁྱིའམ་གསང་ཉུལ་པ་སུམ་བརྒྱ་སྐོར་ཞིག་མི་མང་དང༌། གྲྭ་པའི་ནང་འཛུལ་ནས་ཚེས་ལྔ་ཉིན་གྱི་ཞོགས་པ་བར་སྐོར་ནང་དང༌། ལྷ་སའི་ཟིང་ཆ་ཡོད་སའི་ས་གནས་ཁག་ལ་བསྐྱོད་དེ་སྤྱི་བདེ་ཐིང་དང༌། གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་དཀྱུས་ཆས་སྤྲས་པའི་ཉེན་རྟོག་པར་རམ་འདེགས་བྱས་ནས་ཆེད་མངགས་རྣམ་པ་ཟང་ཟིང་བཟོ་རྒྱུའི་གཏན་འབེབས་བྱས་ཡོད་པ་དང༌། དེ་ཡང༌། ༡༽ གཙུག་ལག་ཁང་གི་བྱང་ཤར་ཕྱོགས་སུ་ཡོད་པའི་དགའ་ལྡན་དར་སྨྱོན་དང༌། ཤར་སྐྱ་རེངས་དར་ཆེན་མེར་བསྲེགས་གཏོང་རྒྱུ་དང་། ༢༽ ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་འབྲུ་རིགས་ཚོང་ཁང་གཏོར་བཅོམ་བྱས་ནས་གྲོང་མི་ཚོ་མཉམ་དུ་འབྲུ་རིགས་བརྐུ་རྒྱག་བྱེད་འཇུག་རྒྱུ་དང་ཆབས་ཅིག བོད་དང་ཀན་སུ་ཟུང་སྦྲེལ་གྱིས་གཉེར་བའི་ཚོང་ཁང་ཆེན་མོར་དཀྲོག་རྐྱེན་གཏོར་བཅོམ་བྱསཏེ་
གྲོང་མི་ཚོར་ཚོང་ཟོག་བརྐུ་རྒྱག་བྱ་རྒྱུའི་ངན་སྐུལ་བྱེད་དགོས་པའི་ལས་འགན་སྤྲད་ཡོད་པ་སོགས་ཀྱི་གནས་ཚུལ་བཀོད་འདུག་པབཅས་ནས་ཤེས་རྟོགས་ཐུབ་ངེས་ཡིན་ནོ།། །།

འབྲེལ་ཡོད་གསར་འགྱུར།

Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

ཆུ་ཚོད་ ༨ སྔོན་ལ།
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

ཆུ་ཚོད་ ༩ སྔོན་ལ།
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

ཆུ་ཚོད་ ༡༢ སྔོན་ལ།
Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

༢༠༢༦/༠༨/༡༢
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

༢༠༢༦/༠༨/༡༢
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

༢༠༢༦/༠༨/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese