མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞོན་ལྷན་གྱི་གོ་བསྡུར་ཚོགས་འདུ།

བོད་ཀྱི་དུས་བབ།
༢༠༠༨/༡༠/༢༢
Share on FacebookShare on TwitterShare on EmailShare on Whatsapp

གཞོན་ལྷན་གྱི་རྒྱུན་ལས་ཟུར་པའི་ཚོགས་འདུ་དེ་ཚོགས་ཆེན་ལ་དམིགས་པ་མ་ཡིན་པར། གཞོན་ནུའི་རང་བཙན་འཐབ་རྩོད་ཀྱི་ལས་འགུལ་སྤེལ་ཕྱོགས་ཐད་རྒྱུན་ལས་ཟུར་བ་དང་ལྷན་དུ་ལམ་སྟོན་དང་གོ་བསྡུར་གནང་ཆེད་ཡིན་ཟེར། 

 ཟླ་འདིའི་ཚེས་ ༢༥ དང་ ༢༦ ཉིན་གཉིས་རིང་ངྷ་ས་ས་གནས་གཞོན་ནུའི་གོ་སྒྲིག་འོག་དབུས་རྒྱུན་ཟུར་པའི་ཚོགས་འདུ་སྐོང་འཆར་ཡོད་པ་དང༌། འདི་ནི་ཐེངས་ ༣༩ པའི་གཞོན་ནུའི་འགན་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་གཞིར་བཟུང་གོ་སྒྲིག་གནང་བ་ཞིག་ཡིན་འདུག་ལ། གཞོན་་ལྷན་ནང་སྔོན་མ་ཕྱག་ལས་གནང་མྱོང་མཁན་གྱི་རྒྱུན་ལས་ཟུར་པ་ཡོངས་ལ་མགྲོན་བརྡ་བཏང་ཡོད་འདུག གཞོན་ལྷན་དབུས་རྒྱུན་ཟུར་པ། དེང་སྐབས་བོད་གཞུང་གི་གཞུང་ཞབསཡིན་པ་རྣམས་ཚོགས་བཅར་ཐད་དྲུང་ཆེ་དོན་འགྲུབ་ལྷ་དར་ལགས་ཀྱིས། ལྷན་ཚོགས་འདི་སྔོན་མ་ནས་གཞོན་ནུའི་སྒྲིག་འཛུགས་ནང་ཡོད་བསྡད་པ་ཞིག་རེད། ཐེངས་འདིའི་གཞུང་ཞབས་དབུས་རྒྱུན་ཟུར་པ་ཚོགས་བཅར་གནང་རྒྱུ་དེ་གལ་ཆེན་དུ་མཐོང་གི་ཡོད། ཁོང་ཚོའི་ནང་ལོ་ལྔ་དྲུག་ལ་གཞོན་ནུའི་སྒྲིག་འཛུགས་ནང་ཕྱག་ལས་གནང་མྱོང་མཁན་་ཡོད་པ་རེད།  ཚོགས་འདུ་འདི་་ཡང་དབུས་རྒྱུན་ཟུར་པའི་མཚན་ཐོག་ནས་སྐོང་བཞིན་པ་ཞིག་ཡིན་པས་ཁོང་ཚོ་ཕེབས་རྒྱུ་དེ་གལ་ཆེན་པོ་རེད་བསམ། དབུས་རྒྱུན་ཟུར་པ་ཞིག་ཡིན་པ་དང་གང་ཟག་སྒེར་གྱི་ངོས་ནས་ཕེབས་དགོས་པ་ལས། གཞུང་གི་ངོས་ནས་ཕེབས་དགོས་པའི་གནས་སྟངས་ཆགས་ཡོད་པ་མ་རེད། ཐེངས་འདིར་དབུས་རྒྱུན་ཟུར་པ་འཚོགས་དོན་གཙོ་བོ་ནི། རྒྱུན་ལས་ཟུར་པ་དང་ལས་ཐོག་པ་ཡོངས་ནས་ད་ལྟའི་བར་གྱི་གཞོན་ནུའི་རང་བཙན་ལས་འགུལ་ལ་ཕྱོགས་སྡོམ་དང་མ་འོངས་རང་བཙན་འཐབ་རྩོད་ལས་རིམ་ཐད་གོ་བསྡུར་གྱི་ཆེད་ཡིན། ད་ལྟའི་ཆར་ཚོགས་ཞུགས་མི་སྣའི་གྲངས་འབོར་གསལ་ཞུ་ཐུབ་པ་མི་འདུག་ཟེར།

 ཡང་ཁོང་གིས། སྤྱི་ཟླ་ ༡༡ པའི་ཚོགས་ཆེན་འདི་ནི། མི་ལོ་ ༦༠ ལྷག་གི་རང་བཙན་འཐབ་རྩོད་ཀྱི་ཉམས་མྱོང་ཕྱོགས་སྡོམ་དང༌། ད་ལྟའི་གནས་བབ། མ་འོངས་པར་གོམ་པ་རྒྱག་སྟངས་སོགས་ཕྱོགས་གསུམ་ལ་བསམ་བློ་བཏང་སྟེ་གྲོས་བསྡུར་བྱེད་དགོས་པ་དེ་ཚང་མའི་ལས་འགན་རེད་བསམ། སྒྲིག་འཛུགས་སོ་སོར་སྲིད་བྱུས་དང་ལངས་ཕྱོགས་མི་འདྲ་བ་ཡོད་པ་རེད། དེའི་དབང་གིས་ཚོགས་འདུའི་སྟེང་བསམ་ཚུལ་མི་འདྲ་བའི་ཐད་བགྲོ་གླེང་ཤུགས་ཆེར་ཡོང་གི་རེད་ལ། ཡོང་དགོས་པ་ཞིག་ཀྱང་རེད་བསམ། གཞོན་ལྷན་གྱི་རང་བཙན་སླར་གསོའི་དམིགས་ཡུལ་དེ་ད་ལྟའི་བར་འགྱུར་བ་བྱུང་མེད་ལ་མ་འོངས་པར་ཡང་འགྱུར་བ་འགྲོ་གི་མ་རེད། དེ་བས་དམིགས་ཡུལ་གཞིར་བཟུང་ཐོག་བསམ་ཚུལ་འདྲ་མིན་ཡོང་གི་རེད། གཞོན་ལྷན་ཀྱི་ཐེངས་འདིའི་ཚོགས་ཆེན་འཐུས་ཚབ་དེ་ཚོགས་གཙོ་དང་ཚོགས་གཞོན་གཉིས་ཡིན་ལ། ས་གནས་ཁག་ཡོངས་ལ་ཡིག་ཐོག་ནས་གཞོན་ནུའི་རང་བཙན་སླར་གསོའི་སྲིད་བྱུས་དང་ས་གནས་མི་མང་གི་བསམ་ཚུལ་བསྡུ་ལེན་གྱི་བཀོད་ཁྱབ་བཀྲམས་ཡོད། དེའི་ནང་དམིགས་བསལ་གྱིས་ས་གནས་མི་མང་གི་རང་མོས་བསམ་ཚུལ་བསྡུ་རྒྱུ་དེ་ནན་བཤད་བྱས་ཡོད། དེ་ནི་ང་ཚོས་རང་བཙན་སྐུལ་སློང་བྱས་པ་མ་ཡིན་པར། མང་ཚོགས་ཀྱི་བསམ་ཚུལ་དང་མངོན་འདོད་གང་ཡིན་སླེབས་ཐུབ་ཆེད་ཡིན། སྤྱི་ཟླ་ ༡༡ པའི་ཟླ་སྟོད་བར་ས་གནས་ཁག་གི་བསམ་ཚུལ་དབུས་ལ་འབྱོར་རྒྱུ་དང་དབུས་ནས་ཕྱོགས་སྡོམ་གྱིས་བསམ་ཚུལ་འཁུར་ཐུབ་པའི་ལས་རིམ་སྒྲུབ་བཞིན་ཡོད། དེ་ལྟ་ནའང༌། མི་མང་ནང་ཁུལ་ཏུ་ཐེངས་འདིའི་ཚོགས་ཆེན་དེ་དབུ་མའི་ལམ་དང་རང་བཙན་སྐོར་གྱི་ཚོགས་ཆེན་ཞིག་ཡིན་པའི་གླེང་སློང་ཡོང་གི་ཡོད་པ་རེད། དོན་ངོ་མར་༧གོང་ས་མཆོག་གི་བཀའ་བཞིན་བོད་ནང་གི་ཛ་དྲག་གནས་སྟངས་དང་རྒྱལ་སྤྱིའི་གནས་བབ་ཐོག་བསམ་ཤེས་བྱ་དགོས་པའི་གནས་སྟངས་ཤིག་ཆགས་ཡོད། ཐེངས་འདིའི་ཚོགས་འདུའི་བརྗོད་གཞི་གུ་ཡངས་པོ་ཞིག་ཡོད་པ་དེ་གུ་དོག་པོ་མི་བཟོ་བའི་ཐད་ལ་ང་ཚོའི་ངོས་ནས་རེ་བ་དང་འབོད་སྐུལ་ཞུ་བཞིན་ཡོད། ད་སྐབས་སྤྱི་ཚོགས་ནང་བསམ་ཚུལ་འདྲ་མིན་དང་དྲང་བདེན་མིན་པའི་བཤད་ཡམས་འདྲ་མིན་འགྲེམ་གྱི་འདུག མི་ཁ་ཤས་ཤིག་གིས་ཐེངས་འདིའི་ཚོགས་འདུའི་ནང་རང་བཙན་གྱི་བསམ་ཚུལ་ཤུགས་ཆེར་གླེང་ན་འགྲིག་གི་མ་རེད། དེ་ལྟར་བྱས་ན་དབུ་མའི་ལམ་གྱི་སྲིད་བྱུས་ལ་འགྱུར་བ་འགྲོ་བ་དང་༧སྐྱབས་མགོན་རིན་པོ་ཆེ་ཐུགས་ཕམ་གི་རེད། ༧སྐྱབས་མགོན་རིན་པོ་ཆེས་ཐུགས་འགན་མཚམས་བཞག་སྟེ་བགྲེས་ཡོལ་ལ་ཕེབས་གི་རེད་ཅེས་པའི་བསམ་ཚུལ་མང་ཚོགས་ནང་བཀྲམས་ཡོད་པ་རེད། དེ་ནི་བློ་ཕམ་པའི་གནས་སྟངས་ཤིག་རེད་བསམ། ༧གོང་ས་མཆོག་གིས་དུས་ནམ་ཡང་མང་ཚོགས་ཀྱི་བསམ་ཚུལ་དེ་གལ་ཆེན་དུ་བརྩི་གི་ཡོད་པ་རེད་ཅེས་བརྗོད་བྱུང༌།

འབྲེལ་ཡོད་གསར་འགྱུར།

The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༩ སྔོན་ལ།
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

ཆུ་ཚོད་ ༩ སྔོན་ལ།
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

ཆུ་ཚོད་ ༡༡ སྔོན་ལ།
དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དུས་བབ་ཀྱི་པར།
Mobile App

དམངས་གཙོའི་དུས་དྲན་ཐེངས་ ༦༦ པ་སྲུང་གཙི་གནང་། 

༢༠༢༦/༠༩/༠༢
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་ལས་བོད་ནང་གི་དངོས་ཡོད་གནས་ཚུལ་ཁ་གསལ་བཟོ་དགོས་པའི་འབོད་སྐུལ་ཞུས་སོང་།

༢༠༢༦/༠༩/༠༡
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ཟ་བཅུག་ནས་ཁ་ལ་བལྟ། འགྲོ་བཅུག་ནས་རྗེས་ལ་བལྟ།

༢༠༢༦/༠༩/༠༡

མཆན། 2

  1. དགྲ་འདུལ། says:
    ལོ་ 18 སྔོན།

    ཡག་པོ་རེད། གཞོན་ལྷན་ཡིན་ནའང་ང་ཚོའི་སྤྱི་ཚོགས་རང་གི་གྲུབ་ཆ་གལ་ཆེན་ཞིག་རེད། ད་ཆ་དབུས་རྒྱུན་ཟུར་པ་དག་སྐད་གཏོང་གི་ཡོད་པ་ནི་ཚོགས་འདུ་གནད་འགག་ཆེན་པོ་ཞིག་རེད། འདི་ཚང་མས་ཤེས་དགོས་པ་རེད།

    སྤྱིར་བཏང་གིས་བཤད་ན། ཁོང་ཚོའི་ཚོགས་མི་ནི་སྤྱིར་བཏང་གིས་བཤད་ན་སུས་ཀྱང་བཤད་མི་ཤེས་པ་ཞིག་ཡིན་ནི་རེད། གཙོ་ཆེ་ཤོས་མཐོ་སློབ་ཁག་གི་སློབ་མ་རྣམས་དང་། གཞིས་ཆགས་ཁག་ནང་གི་གཞོན་ནུ་ཚོ། དེ་བཞིན་སྒྲིག་འཛུགས་ཁག་ནང་གི་ན་གཞོན་ཚོ་རེད། འོན་ཀྱང་། ལོ་ཤས་སྔོན། བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་བཀའ་རྒྱ་བཏང་བ་བཞིན་གངས་སྐྱིད་ཀྱི་གཞུང་ཞབས་ཁོང་ཡོད་པའི་གཞོན་ནུའི་རུ་ཁག་དེ་སྒོ་བརྒྱབས་པ་རེད། ད་ཆར་གངས་སྐྱིད་དུ་གཞོན་ནུའི་རུ་ཁག་ཅིག་ལྷག་ཡོད་ན་ནི་སྨན་རྩིས་ཁང་གི་མཐོ་སློབ་པ་ཚོ་ཡིན། དེ་མ་གཏོགས་ཡོད་པ་མ་རེད།

    རྗེས་མ་གཞིས་ཆགས་ཁག་དང་མཐོ་སློབ་ཁག་ནས་ཀྱང་གཞོན་ལྷན་གྱི་ཚོགས་མི་ཡོང་མིན་དོགས་པ་རེད། ཅིའི་ཕྱིར་ཞེ་ན། རྒྱ་ནག་གཞུང་གི་གནོན་ཤུགས་དང་བཙན་བྱོལ་བོད་གཞུང་གི་ལངས་ཕྱོགས་སྟེང་ནས་བལྟས་ན་རང་བཙན་རྩོད་མཁན་ཚོར་མདུན་ལམ་ཇེ་དོག་དང་ཇེ་ཐུང་ཡིན་ནི་རེེད། འདིའི་རིགས་དམར་རྗེན་དུ་ཕུད་ནས་བཤད་དགོས་གི་མ་རེད་བསམ་ཡོད། རང་རང་གིས་ཀྱང་སེམས་རྣལ་དུ་ཕབ་ནས་དབྱེ་ཞིབ་གནང་རོགས།

    Reply
  2. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 18 སྔོན།

    ༧གོང་ས་མཆོག་གིས་ག་དུས་ཡིན་ཡང་མི་དམངས་ལ་བརྩི་བཀུར་དང་ཐུགས་འཁུར་གནང་གི་ཡོད་པ་ནི་བཤད་མ་དགོས་པ་ཞིག་རེད། ཡིན་ཡང་༧གོང་ས་མཆོག་གི་གང་གསུང་བ་ལ་མི་དམངས་ཀྱི་རྒྱབ་སྐྱོར་མ་ཐོབ་པ་ཡིན་ན་ནི། ༧གོང་ས་མཆོག་གིས་དགོང་པ་ཞུས་པ་མ་ཡིན་པར་མི་དམངས་ཀྱིས་༧གོང་ས་མཆོག་ལ་དགོང་བ་ཞུ་རུ་བཅུགས་པ་རེད། དེའི་ཉིན་མོ་དེར་མི་དམངས་ཀྱི་སྣེ་ཁྲིད་མི་དམངས་ཀྱི་བྱེད་དགོས་བྱུང་གི་རེད། ཉིན་མོ་དེར་ག་རེ་བྱུང་མིན་གྱི་གནད་དོན་ཤེས་མཁན་གྱི་གངས་ཅན་བོད་པ་ཚང་གི་སྣེ་ཁྲིད་བྱེད་ཐུབ་པ་འཛམ་གླིང་མི་དམངས་ཀྱི་རྒྱབ་སྐྱོར་བྱེད་སྲིད་པའི་དབུ་ཁྲིད་ཇི་ལྟར་བྱུང་གི་རེད། ༧གོང་ས་མཆོག་ཐུགས་ཕམ་བྱུང་གི་རེད་ཅེས་པའི་སྐད་ཆ་དེ་བཤད་མཁན་དེ་ཡིས་གནད་དོན་གསལ་བོ་ཞིག་ཤེས་དགོས་པ་ནི་༧གོང་ས་མཆོག་སྐུ་སྒེར་ལ་ཐུགས་ཕམ་བྱུང་དགོས་པའི་གནས་ཚུལ་གང་ཡང་ལྷག་དོན་མེད། ༧གོང་ས་མཆོག་གི་ཞལ་ནས་གལ་ཏེ་གྱོང་ཞིག་རེག་པ་ཡིན་ན་བོད་མི་དམངས་ལ་རེག་གི་རེད་མ་གཏོགས་ང་ནང་བའི་དགེ་སློང་དཀྱིས་མ་ཞིག་ལ་གྱོང་རེག་འགྲོ་བ་གང་ཡང་ཡོད་མ་རེད་ཅེས་གསུང་ཚར་བ་རེད་ལོ་ངོ་ཁ་ཤས་ཀྱི་གོང་ནས།
    དོན་དངོས་ཀྱི་བློ་ཕམ་བྱུང་དགོས་པའི་གནད་དོན་དེ་ནི་བོད་མི་དམངས་ཀྱི་ཐོག་དུ་ཡོང་སྲིད་པ་ནི། སྲིད་དོན་ལ་མཁས་ཟེར་བ་རེ་ཟུང་གིས་བོད་མི་དམངས་ཀྱི་བདེ་སྡུག་གི་འདས་མ་འོངས་བ་ཡོད་ཚད་ལ་འགན་ཡོད་པ་དང་ཕུགས་འདུན་ཡོད་པའི་ལམ་ཁ་ཞིག་སྟོན་མ་ཐུབ་པར་ལོག་ལམ་མམ་ཐུང་ལམ་དུ་སོང་བས་ཉིན་དེར།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese