མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བུད་མེད་ཚོས་བཀའ་ཁྲིར་ལན་འདེབས།

བོད་ཀྱི་དུས་བབ།
༢༠༠༨/༡༠/༢༣
Share on FacebookShare on TwitterShare on EmailShare on Whatsapp

བཀའ་ཤག་གིས་གཏན་ལ་ཕབ་པའི་སྲིད་བྱུས་འདི་འཕྲལ་སེལ་གྱི་ཐབས་ལམ་ཞིག་ལས་གཞི་རྩའི་ཕུགས་རྒྱང་རིང་པོའི་འོག་གི་འདྲ་མཉམ་གཏོང་བའི་འཆར་གཞི་དང་གྲ་སྒྲིག་མ་རེད། བུད་མེད་ཀྱི་གནས་བབ་ཞན་པོ་ཡོད་པ་འདི་དངོས་ཡོད་གནས་ཚུལ་རེད་མོད། འདི་ལ་གཞིགས་ནས་གྲངས་འབོར་དང་ས་མིག་མང་དུ་བཏང་བ་ཙམ་གྱིས་འདྲ་མཉམ་ཆགས་གི་མ་རེད་ལ། དེ་ལས་ཀྱང་བོད་རང་གི་སྤྱི་ཚོགས་ཀྱི་བྱེད་སྒོ་མང་པོ་འཐུས་ཤོར་ལ་འགྲོ་བའི་ཉེན་ཁ་ཞིག་རེད་ཟེར།

ཚེས་ ༡༤ ཉིན་བཀའ་ཤག་གིས་གསལ་བསྒྲགས་ཤིག་སྤེལ་བའི་ནང་དུ། བཙན་བྱོལ་བོད་གཞུང་གིས་བོད་མིའི་སྤྱི་ཚོགས་ཁྲོད་བུད་མེད་ཀྱི་ནུས་ཤུགས་སྤེལ་བའི་སྲིད་བྱུས་ལས་རིམ་ཞིག་གཏན་ལ་ཕབ་ཡོད་འདུག་ལ། སྲིད་བྱུས་འདིར་ཁྱོན་བསྡོམས་དོན་ཚན་བརྒྱད་འདུག གཙོ་བོ་དེ་གཞིས་སྒར་ཁག་གི་ས་གནས་མགོ་འཛིན་དང༌། ས་གནས་འཐུས་མི། རྒྱ་བལ་འབྲུག་གསུམ་གྱི་སྡེ་ཚན་སོ་སོ་དང༌། ས་གནས་སྒྲིག་འཛུགས་རྣམས་སུ་བུད་མེད་ཀྱི་གྲངས་འབོར་གོང་མཐོར་གཏོང་བ། བཙུན་མའི་སྡེ་ཡི་སློབ་གཉེར་ལ་མཐུན་འགྱུར་གནང་རྒྱུ་དང༌། དགེ་སློང་མའི་དགེ་འདུན་བསྐྱར་གསོ་ཡོང་ཐབས། མཐོ་སློབ་སློབ་མའི་སློབ་ཚན་དང་ལས་རིགས་འདེམས་སྟངས་ལ་གཞུང་གིས་དོ་སྣང་གནང་རྒྱུ། བོད་ཀྱི་སྐྱེད་མ་བཟང་མོ་ཞིག་ཡོང་ཐབས་ལ་དམིགས་བསལ་ཟབ་སྦྱོང་སྤྲོད་རྒྱུ་སོགས་རེད་འདུག

འདིའི་སྒང་ལ་འདི་གའི་གསར་འགོད་པས་འབྲེལ་ཡོད་བུད་མེད་གཉིས་ལ་བཀའ་འདྲི་ཞུས་པ་ཡིན། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་བུ་མོ་ཚེ་རིང་ལགས་ཀྱིས། སྤྱིར་ཁྲིམས་དང་སྒྲིག་གཞིའི་སྒང་ནས་བོད་ཀྱི་སྤྱི་ཚོགས་ཁྲོད་དུ་ཕོ་མོ་འདྲ་མཉམ་ཡིན་མིན་ལ་གཞི་འཛིན་ས་མེད་མོད། ཡིན་ན་ཡང་དངོས་ཡོད་གནས་ཚུལ་ཁྲོད་དུ་བོད་ཀྱི་སྤྱི་ཚོགས་ནང་དུ་ཕོ་མོ་དབྱེ་འབྱེད་ཀྱི་ངོ་བོ་ཡོད་པ་དེར་ངོས་ལེན་བྱེད་ཀྱིན་ཡོད། ནམ་རྒྱུན་བུད་མེད་ཚོས་འཚོ་བའི་ནང་དུ་འགན་ཆེན་པོ་བླངས་ཡོད་ཀྱང༌། ཁ་ཡོད་ལག་ཡོད་ནང་གི་འཛིན་སྐྱོང་དང༌། ཆབ་སྲིད་ཀྱི་སྡེ་ཚན་ཁྲོད་དུ་ཕོ་མོ་དབྱེ་འབྱེད་དང་གྲངས་འབོར་གྱི་མང་ཉུང་ཡོད་པ་དེ་སྔོན་གྱི་སྤྱི་ཚོགས་ལས་ལྷག་པའི་གནད་དོན་རེད། སྔོན་གྱི་གོམས་གཤིས་དང་བསམ་བློའི་བག་ཆགས་འདི་དག་རྒྱང་ཕུད་ལ་བཏང་ནས་དེ་སེལ་ཐབས་ལ་དོ་སྣང་མ་བྱས་པས་ལན་པ་རེད། བཀའ་ཤག་གིས་གཏན་ལ་ཕབ་པའི་སྲིད་བྱུས་འདི་འཕྲལ་སེལ་གྱི་ཐབས་ལམ་ཞིག་ལས་གཞི་རྩའི་ཕུགས་རྒྱང་རིང་པོའི་འོག་གི་འདྲ་མཉམ་གཏོང་བའི་འཆར་གཞི་དང་གྲ་སྒྲིག་མ་རེད། བུད་མེད་ཀྱི་གནས་བབ་ཞན་པོ་ཡོད་པ་འདི་དངོས་ཡོད་གནས་ཚུལ་རེད་མོད། འདི་ལ་གཞིགས་ནས་གྲངས་འབོར་དང་ས་མིག་མང་དུ་བཏང་བ་ཙམ་གྱིས་འདྲ་མཉམ་ཆགས་གི་མ་རེད་ལ། དེ་ལས་ཀྱང་བོད་རང་གི་སྤྱི་ཚོགས་ཀྱི་བྱེད་སྒོ་མང་པོ་འཐུས་ཤོར་ལ་འགྲོ་བའི་ཉེན་ཁ་ཞིག་རེད། དཔེ་ཞིག་བཞག་ན་ང་རང་གཞིས་ཆགས་ཁག་ཏུ་ཚོགས་ཆེན་གྱི་བསམ་འཆར་བསྡུ་བར་འགྲོ་དུས་གཞིས་ཆགས་ཤིག་གི་བརྒྱ་དཔོན་བུད་མེད་ཅིག་བསྐོ་འཇོག་གནང་འདུག དེ་ལ་སྐྱེས་པ་ཞིག་གིས་ཁྱེད་ཚོའི་བུད་མེད་ཚོགས་པའི་བུད་མེད་ཀྱི་ཐོབ་ཐང་ནང་བཞིན་ང་ཚོའི་བརྒྱ་དཔོན་ཡང་བུད་མེད་ཅིག་ཡིན་ཟེར། ཡིན་ན་ཡང་བརྒྱ་དཔོན་བུད་མེད་དེ་ཡིས་ཡི་གེ་མི་ཤེས་པས་མི་དེ་ཚོ་རྒྱབ་གཉེར་ཡི་གེ་ལེན་དུ་ཡོང་ན་དམ་ཕྲུག་གམ་ཡང་ན་ཐམ་ཀ་ཞིག་བེད་སྤྱོད་གཏོང་གི་ཡོད་ཟེར། འདི་ལྟ་བུའི་ས་གནས་ས་ཐོག་གི་མི་སྣ་རྣམས་འཛིན་སྐྱོང་སྡེ་ཚན་སོགས་ཀྱི་ནང་ལ་ཡོང་བསྡད་ན་འདི་རྩ་བའི་སྤྱི་ཚོགས་ཀྱི་ནུས་པ་དང༌། ཡར་རྒྱས་ཀྱི་ཁ་ཕྱོགས་ལ་ལྡོག་ཕྱོགས་ནས་ནུས་པ་ཐོན་གི་རེད། དེ་ཡིན་དུས་སྲིད་བྱུས་འདི་བུད་མེད་ཚོའི་སེམས་ཤུགས་འཕར་བར་ཕན་ཐོགས་སྲིད་ཀྱང༌། རྩ་བའི་ཆ་ནས་གཞི་རྩའི་སློབ་གསོའི་རྨང་གཞི་དང༌། ནུས་པ། བསམ་བློ་བཅས་ཀྱི་སྒང་ནས་གདེང་ཚོད་ཡོང་ཐབས་གནང་དགོས།  དེ་མ་གཏོགས་དམིགས་བསལ་གྱི་མིང་ཚིག་འདྲ་བོ་ལབ་བསྡད་ན་ང་རང་གི་ངོས་ནས་ནུས་པ་མེད་པ་ཞིག་ལ་སྙིང་རྗེ་ནས་དམིགས་བསལ་གྱི་ལམ་ཁ་ཞིག་སྤྲོད་བཞིན་པའི་སྣང་བ་འདུག ཅེས་གསུངས་བྱུང༌།

བོད་ཀྱི་བུད་མེད་རྩོམ་པ་པོ་ཆུ་སྐྱེས་སྒྲོལ་མ་ཡིས། བཀའ་ཤག་གིས་གནང་བའི་སྲིད་བྱུས་དེ་ཡག་པོ་རེད་ལ་གལ་ཆེན་པོ་རེད། དེ་ལ་བུད་མེད་ཚོས་ངོས་འཛིན་གསལ་བོའི་ཐོག་ནས་མཉམ་ཞུགས་དང་གོ་སྐབས་ལེན་དགོས་པ་རེད་བསམ་གྱིན་ཡོད། ད་ལྟ་བར་དུ་ལས་ཀ་གང་ཞིག་གི་ནང་དུ་ཡང་བུད་མེད་མ་སླེབས་པའི་ས་མིག་ཞིག་ཡོད་པ་མ་རེད་མོད་དེ་གྲངས་འབོར་གྱི་ཆ་ནས་ཁྱད་པར་ཤོར་ཡོད་པ་རེད། བཀའ་ཤག་གི་གསལ་བསྒྲགས་སུ་ཡོད་པ་བཞིན་བོད་ཀྱི་ལོ་རྒྱུས་ནང་དུ་ཕོ་མོ་འདྲ་མཉམ་མིན་པ་དེ་འདྲ་བྱུང་མེད་ལ། དཔེར་ན། རྒྱལ་བོ་དང་རྒྱལ་མོ། དགེ་སློངདང་དགེ་སློང་མ་སོགས་མིང་ཚིག་རང་གི་ངོ་བོའི་ཐོག་ནས་ཀྱང་འདྲ་མཉམ་ཡོད་པ་ལས་དབྱེ་འབྱེད་མེད་པར་མཐོང་གི་ཡོད། ཡིན་ན་ཡང་བུད་མེད་ཀྱིས་འགན་ཁུར་བའི་བསམ་བློ་དང༌། ནུས་པ་འདོན་རྒྱུར་ཁྱད་པར་ཆེན་པོ་ཤོར་ཡོད། དེ་ཁོར་ཡུག་དང་སྤྱི་ཚོགས་ཀྱི་ཤུགས་རྐྱེན་ལས་བྱུང་བ་རེད་ལ། བུད་མེད་རང་གིས་སྤྱི་ཚོགས་ཀྱི་ཁ་ཐོག་ལ་བཞག་ནས་དེ་ལ་རྒོལ་ལན་སྤྲད་མེད་པ་རེད་བསམ་གྱིན་ཡོད། དེ་བཞིན་ད་ལྟ་བར་བོད་ཀྱི་སྤྱི་ཚོགས་ཁྲོད་དུ་བུད་མེད་ཀྱི་ཐོབ་ཐང་རྩོད་པའི་དཀའ་རྙོག་དེ་འདྲ་བྱུང་མེད་པ་འདི་ཕྱོགས་གཅིག་ནས་ང་ཚོ་ནང་པའི་སྤྱི་ཚོགས་ཤིག་ཡིན་པས་རེད་བསམ་གྱིན་ཡོད། ང་རང་དགེ་རྒན་ཅིག་ཡིན་པའི་ཆ་ནས་དཔེར་ན་སློབ་ཕྲུག་ཚོར་འཇོན་གི་མེད་པ་ལབ་ནས་དམའ་འབེབས་བྱས་ན་ནམ་ཡང་འཇོན་གི་མེད་བསམ་ནས་སྡོད་གི་འདུག  དེ་ལ་བསྟོད་པ་བཏང་ནས་འཇོན་གི་རེད་ཅེས་ལབ་ན་ཧུར་ཐག་བྱེད་གི་འདུག དེ་བཞིན་བོད་ཀྱི་སྤྱི་ཚོགས་ཁྲོད་དུ་ཡང་༧གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་འོག་ཚང་མར་འཇོན་ཐང་འདོན་ས་ཡོད་པས་བུད་མེད་རྣམས་ཀྱིས་གཙོ་བོ་དེ་རང་ངོས་ནས་འགན་ལེན་དགོས་པའི་ངོས་འཛིན་གསལ་བོ་གནང་དགོས། ཅེས་གསུངས་བྱུང༌།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

ཆུ་ཚོད་ ༢༠ སྔོན་ལ།
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

ཆུ་ཚོད་ ༢༠ སྔོན་ལ།
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese