མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཏཱ་ལའི་བླ་མས་ཁས་ལེན་མ་འདོར་རོགས་ཟེར།

བོད་ཀྱི་དུས་བབ།
༢༠༠༨/༡༠/༢༩
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གིས་བཤད་དོན། ཏཱ་ལའི་བླ་མ་དང་ཁོང་གི་རྒྱབ་སྐྱོར་བ་ཚོས་ཏང་ཀྲུང་དབྱང་ལ་འབྲེལ་བ་ཇེ་ལེགས་སུ་གཏོང་འདོད་ཡོད་ན། ཕྱི་ཟླ་བདུན་པའི་ནང་གི་ཁས་ལེན་དེ་དག་བརྩི་སྲུང་བྱེད་དགོས་ཟེར།

༧རྒྱལ་བ་རིན་པོ་ཆེ་མཆོག་གིས་ཕྱི་ཚེས་ ༢༥ ཉིན་ངྷ་སྟེང་བོད་ཁྱིམ་གྱི་མཛད་སྒོའི་ཉིན་ཁོང་གིས་རྒྱ་ནག་གཞུང་དང་མཉམ་དུ་འབྲེལ་བ་གནང་སྟེ་བོད་ཀྱི་གནད་དོན་སེལ་རྒྱུའི་ཐུགས་རེ་དེ་ད་ཆར་སྐྱོ་རུ་འགྲོ་གི་འདུག་ཅེས་གསུངས་ཡོད་ལ། འདིའི་ཐད་རྒྱ་ནག་གཞུང་གིས་༧རྒྱལ་བ་རིན་པོ་ཆེ་མཆོག་དང་ཁོང་གི་རྒྱབ་སྐྱོར་བ་ཚོས་རྒྱ་ནག་དབུས་གཞུང་མཉམ་དུ་འབྲེལ་བ་མུ་མཐུད་ཇེ་ལེགས་སུ་གཏོང་འདོད་ཡོད་ན། ལོ་འདིའི་ཕྱི་ཟླ་བདུན་པའི་ནང་ཁས་ལེན་བྱས་པ་དག་བརྩི་སྲུང་བྱེད་དགོས་པ་རེད་ཅེས་ཕྱི་ཚེས་ ༢༨ ཉིན་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ ཅང་ཡུ་ ཡིས་གསར་འགོད་འདུ་འཛོམས་ཤིག་གི་སྟེང་བཤད་ཡོད་པ་རེད།

ཅང་ཡུ་ཡིས་གསར་འགོད་པའི་དྲི་བར་ལན་འདེབས་སྐབས། རྒྱ་ནག་དབུས་གཞུང་གིས་ཏཱ་ལའི་བླ་མར་བཟུང་བའི་སྲིད་བྱུས་ནི་འགྱུར་བ་མེད་པ་དང་། གསལ་བོ་ཡིན་པ་མ་ཟད། ཁོང་དང་མཉམ་དུ་འབྲེལ་བ་འཛིན་པ་དེར་ཡང་ལྷག་བསམ་རྣམ་དག་གི་རྣམ་འགྱུར་ཞིག་བཟུང་ཡོད་ཅེས་བཤད་འདུག

མུ་མཐུད་དོན། ང་ཚོའི་རེ་བར་དབུས་གཞུང་དང་མཉམ་དུ་འབྲེལ་བ་བཟུང་བ་བརྒྱུད་ཏཱ་ལའི་བླ་མས་ད་ཡོད་ཀྱི་གནས་སྟངས་ངོས་ཟིན་པ་དང་། དོན་དངོས་དང་མཐུན་པའི་ལྷག་བསམ་འཁྱེར་ཡོང་བ་དང་ཕྱག་ལས་གནང་བ། ཁོང་གི་མི་ཚེ་རིང་བོད་མི་རིགས་ལ་ཕན་ཐོགས་ཡོད་པ་ཞིག་སྒྲུབ་གི་རེད་བསམ་ཡོད་ཟེར།

དེ་བཞིན་དུ་ཁོ་མོས། དབུས་གཞུང་གིས་ཏཱ་ལའི་བླ་མ་སྐུ་ཚབ་ཚོ་མཉམ་དུ་འབྲེལ་མོལ་ཐེངས་བརྒྱད་པ་ཞིག་སྐོང་རྒྱུའི་སྐོར་དེ་ཡང་ཟླ་འདིའི་ཟླ་མཇུག་ལ་གནང་རྒྱུའི་ཐད་གོ་སྒྲིག་བྱེད་བཞིན་ཡོད་ཅེས་ཀྱང་བརྗོད་འདུག

ལོ་འདིའི་ཕྱི་ཟླ་བདུན་པའི་ནང་གི་འབྲེལ་མོལ་ཐེངས་བདུན་པའི་སྐབས་རྒྱ་ནག་གིས་༧རྒྱལ་བ་རིན་པོ་ཆེ་མཆོག་ལ་རྒྱབ་སྐྱོར་མི་བྱེད་པ་བཞི་ཞེས་པའི་ཆ་རྐྱེན་བཏོན་ཡོད་ལ། དེའི་ནང་གི་གཅིག་གི་གཞོན་ལྷན་གྱི་རང་བཙན་ལས་འགུལ་ཡིན།

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གི་ཞབས་པུས་དྲག་སྐྱེད་བྱུང་མུས་ཡིན་པར་གསུངས། 

ཆུ་ཚོད་ ༡༡ སྔོན་ལ།
A magnitude 5.29 earthquake struck the Sichuan province in southwestern China on Sunday, June 28, 2026
Mobile App

ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་། 

ཆུ་ཚོད་ ༡༥ སྔོན་ལ།
Advertisement for App

ཕྱི་ལོ་ ༢༠༢༦ སྐྱིད་ཚལ་གླིང་གི་སློབ་ཡོན་གསལ་བསྒྲགས།

ཆུ་ཚོད་ ༡༥ སྔོན་ལ།
Mobile App

ཨ་རིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས།

ཆུ་ཚོད་ ༡༦ སྔོན་ལ།
Torrents of muddy water swiftly engulfed homes in Nanning city in southern China
Mobile App

རྒྱ་ནག་ནང་ཆུ་ལོག་དང་ས་རུད་བྱུང་སྟེ་མི་གྲངས་ ༦༥ འདས་གྲོངས་སུ་ཕྱིན་འདུག

༢༠༢༦/༠༧/༠༨
strategic missile launched by a submarine of the Chinese People’s Liberation Army Navy bursts out of the water during a test on Monday. Photograph: Xinhua/Shutterstock
Mobile App

རྒྱ་ནག་གིས་ཞི་བདེ་རྒྱ་མཚོའི་ཁུལ་དུ་དམག་སྦྱོང་བྱས། 

༢༠༢༦/༠༧/༠༨

མཆན། 10

  1. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 18 སྔོན།

    རྩོམ་སྒྲིག་པ་ལགས་ཁྱེད་ཀྱིས་གསལ་བཤད་ཐུང་ཐུང་ཞིག་གནང་བ་དེར་ཐུགས་རྗེ་ཆེ་ཞུ། ཡིན་ཡང་། ང་ཚོས་གསལ་བོ་ཞིག་ཤེས་འདོད་ཡོད་པ་ནི། ནམ་རྒྱུན་དུ་ང་ཚོས་མི་དམངས་ཀྱིས་སྐུ་ཚབ་ཚོས་རྒྱ་ནག་སྲིད་གཞུང་ལྷན་དུ་གྲོས་མོལ་ཡིན་ན་རེད། འབྲེལ་མོལ་ཡིན་ན་རེད། དེའི་མཇུག་འབྲས་གསལ་བོ་ཞིག་མི་དམངས་ཀྱིས་ཤེས་མ་ཐུབ་པར་བསྡོད་དགོས་པའི་གནད་དོན་གང་ལ་ཐུག་ཡོད་པ་རེད། བཙན་བྱོལ་གཞུང་གིས་ནམ་རྒྱུན་དུ་གླེང་བཞིན་པ་ནི་ང་ཚོས་གཞུང་འདི་ཕྱི་གསལ་ནང་གསལ་ཡིན་ཟེར་གྱི་ཡོད་ན། གཞུང་གིས་སྐུ་ཚབ་དག་གིས་ག་རེ་བྱེད་བཞིན་པ་དང་བྱས་ཟིན་པ། ཡང་ན་བྱེད་སྲིད་པ་དག་རང་གི་མི་དམངས་ཀྱིས་ནམ་ཡང་ཤེས་སུ་མི་འཇུག་དོན་ག་རེ་ཡིན་ནམ། དགོང་འགལ་མེད་པར་ཞུ། རྩོམ་སྒྲིག་པ་ལགས་ཀྱིས་ང་ཚོ་ལ་དེའི་ལན་ཞིག་གཞུང་གིས་ལས་ཀྱི་སྣེ་མོ་བ་དེའི་སྐོར་ལ་གསལ་ཆ་ཡོད་པ་ཞིག་ལ་བཅར་འདྲི་གསལ་བོ་ཞིག་བྱེད་ཐུབ་ཀྱི་ཡོད་ན། གལ་སྲིད་ངས་བཤད་པ་འདི་ཧམ་པ་ཆེ་སོང་བ་དེ་འདྲའི་དགོངས་ན་བཟོད་པར་གསོལ།

    Reply
  2. ལྕགས་རྒྱ་འགྲམ་ནག says:
    ལོ་ 18 སྔོན།

    བོད་གཞུང་གིས་རང་བཙན་རྩོད་ཀྱི་མེད་པ་དང་། འཚེ་མེད་ཞི་བ་ལ་འགྱུར་བ་མེད་པ། ཨོ་ལིམ་པིག་ལ་རྒྱབ་སྐྱོར་ཡོད་པ་བཅས་དུས་ནས་དུས་སུ་གསལ་བཤད་བྱས་ཚར་བས། ཆ་རྐྱེན་དེ་དག་ཁས་བླངས་ཡོད་མེད་ཀྱི་བར་ནས་མང་ཚོགས་མགོ་འཐོམས་སུ་མ་བཅུག་ན་བཟང་གི་རེད་སྙམ།

    Reply
  3. གནས་ཚང་། says:
    ལོ་ 18 སྔོན།

    གཅིག་བྱས་ན་སྐུ་ཚབ་རྒྱ་རིས་པེ་ཅིང་དུ་མ་ཕྱིན་པའི་ཡར་སྔོན་གསལ་བཤད་བྱེད་སྲིད་ཀྱི་རེད། གལ་སྲིད་དེ་འདྲའི་རིགས་མ་གནང་བ་ཡིན་ན། ཁས་ལེན་བྱས་ཟིན་པ་བདེན་པ་ཆགས་ཚར་བ་རེད་ལ། དེང་ཕྱིན་ག་རེ་ལབ་ནའང་རྒྱལ་སྤྱིའི་སྒང་ཆ་འཇོག་ཡོང་གི་མ་རེད། གསར་འགོད་པས་ཅིའི་ཕྱིར་རྒྱ་རི་ལགས་ལ་ཁ་པར་བཏང་ནས་དྲི་བ་མི་འདོན་པ་ཡིན་ནམ།

    Reply
  4. གནས་ཚང་། says:
    ལོ་ 18 སྔོན།

    ཨ་ལེ། སྐུ་ཚབ་ཚོས་དེ་འདྲ་ཞིག་ཁས་ལེན་བྱས་ཡོད་པ་བདེན་ཤས་འདུག རྒྱ་གར་གཞུང་གིས་སྐུ་སྲུང་ལ་དོ་དམ་བྱེད་སྟངས་ལས་ཤེས་ཐུབ་ཀྱི་འདུག འོ་ན། ད་ང་རང་ཚོ་གླེང་ཡ་ལྷག་མི་གཱ ཚང་མ་ལོས་བལྟས་ན་གང་འདྲ་འདུག་གམ།

    Reply
  5. gangcheng says:
    ལོ་ 18 སྔོན།

    རྒྱ་ནག་གིས་གཤིས་བཟང་དང་ཉམ་ཆུང་གི་བོད་པ་འདི་ལ་མཐོང་ཆུང་དང༌། ཁྱད་གསོད་བྱེད་པ་དང༌། ༸་གོང་ས་མཆོག་ཞལ་བཙུམ་ནས་བཞུགས་དགོས་པར་འདོད་པ་འདྲ།

    Reply
  6. དཀོན་མཆོག་དར་རྒྱས། says:
    ལོ་ 18 སྔོན།

    རྩོམ་སྒྲིག་པས་གསལ་བཤད་གནང་བར་ཐུགས་རྗེ་ཆེ།

    Reply
  7. ལྕགས་རྒྱ་འགྲམ་ནག says:
    ལོ་ 18 སྔོན།

    རྩོམ་སྒྲིག་པས་གསལ་བཤད་གནང་བར་ཐུགས་རྗེ་ཆེ།

    Reply
  8. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 18 སྔོན།

    རྒྱ་ནག་གིས་བཤད་ན། འབྲེལ་མོལ་ཐེངས་བདུན་པའི་སྐབས་ཏཱ་ལའི་བླ་མའི་སྐུ་ཚབ་རྣམས་ཀྱིས་ཏང་ཀྲུང་དབྱང་གི་ཆ་རྐྱེན་ཁག་ཅིག་ལ་མོས་མཐུན་བྱས་ཡོད་ཟེར་ལ། དེ་དག་ནི་ཨོ་ལིམ་པིག་རྩེད་འགྲན་ལ་བར་ཆད་དུ་འགྲོ་གཞིའི་ལས་འགུལ་ལ་རྒྱབ་སྐྱོར་མི་བྱེད་པ། ལྐོག་ཇུས་པ་དག་གི་དྲག་པོ་དང་ཉེས་ཅན་གྱི་ལས་འགུལ་ལ་རྒྱབ་སྐྱོར་མི་བྱེད་པ། ཁ་བྲལ་བ་གཞོན་ནུ་ལྷན་ཚོགས་ལ་རྒྱབ་སྐྱོར་མི་བྱེད་པ་དང་ཁོང་ཚོའི་དྲག་པོ་དང་འཇིགས་སྐུལ་རིང་ལུགས་པའི་ལས་འགུལ་དག་ཁ་ཡོད་ལག་ཡོད་ཀྱི་ཐོག་ནས་འགོག་སྡོམ་བྱེད་པ། བོད་རང་བཙན་རྩོད་མཁན་གྱི་ལས་འགུལ་དང་རྩོད་གླེང་རིགས། མངའ་ཁུལ་འདི་ཀྲུང་གོ་ལས་ལོགས་སུ་གཅོད་མཁན་ལ་རྒྱབ་སྐྱོར་མི་བྱེད་པ་བཅས་ཡིན་ཟེར།
    སྐུ་ཚབ་རྣམ་པས་སྐབས་དེར་རྒྱ་ནག་གིས་༧རྒྱལ་བ་རིན་པོ་ཆེ་ལ་ཆ་རྐྱེན་འདི་དག་འདོན་གི་འདུག་ཅེས་བཤད་པ་མ་གཏོགས། འདི་དག་ལ་ཁས་ལེན་བྱས་ཡོད་ཚུལ་བཤད་མ་སོང་། འོན་ཀྱང་རྒྱ་ནག་གཞུང་གིས་བཤད་ན་སྐུ་ཚབ་ཚོས་གོང་གི་རྒྱབ་སྐྱོར་མི་བྱེད་པ་བཞི་དེར་ཁས་ལེན་བྱས་ཡོད་ཟེར།

    Reply
  9. ལྕགས་རྒྱ་འགྲམ་ནག says:
    ལོ་ 18 སྔོན།

    དུས་བབ་ཀྱིས་ལོ་འདིའི་ཕྱི་ཟླ་བདུན་པའི་ནང་གི་ཁས་ལེན་དེ་དག་ག་རེ་ཡིན་པ་ཤེས་ཀྱི་ཡོད་དམ། ཤེས་ཀྱི་ཡོད་ན་དེ་དག་རེ་རེ་བཞིན་དྲ་ཐོག་ཏུ་འགོད་ཐུབ་བམ། ཤེས་ཀྱི་མེད་ན་མ་ཤེས་པའི་རྒྱུ་མཚན་བོད་གཞུང་གིས་གསང་རྒྱ་བྱེད་ཀྱི་ཡོད་པའི་རྐྱེན་གྱིས་ཡིན་ནམ། གསལ་བཤད་གནང་རོགས་ཞུ། ཐུགས་རྗེ་ཆེ།

    Reply
  10. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 18 སྔོན།

    རྒྱ་ནག་དབུས་གཞུང་གིས་ཏཱ་ལའི་བླ་མར་བཟུང་བའི་སྲིད་བྱུས་ནི་འགྱུར་བ་མེད་པ་དང་། གསལ་བོ་ཡིན་པ་མ་ཟད། ཁོང་དང་མཉམ་དུ་འབྲེལ་བ་འཛིན་པ་དེར་ཡང་ལྷག་བསམ་རྣམ་དག་གི་རྣམ་འགྱུར་ཞིག་བཟུང་ཡོད་ཅེས་བཤད་འདུག་པ་འདི་བདེན་པར་འཛིན་ཆོག་པ་ཞིག་ཡིན་པས་དབང་དུ་བཏང་ན། རྒྱ་ནག་སྲིད་གཞུང་གིས་འགྲིན་ཚབ་པ་དང་རྒྱ་ནག་ནང་གིས་སྲིད་གཞུང་གིས་༧གོང་ས་མཆོག་ལ་སྐྱོན་བརྗོད་ཤུགས་ཆེན་གནང་དགོས་པའི་རྒྱུ་མཚན་དེ་ཅི་ཞིག་ཡིན་ནམ། དེ་ལ་རྒྱ་ནག་གཞུང་གིས་འགྲིན་ཚབ་ཅང་ཡི་ཡིས་གསལ་བཤད་གང་ཡང་མེད་དོན་གང་ཡིན་ན། ད་དུང་། ཁོ་མོས་སྤོབས་པ་ཆེན་པོ་ཡོད་འདོག་གིས་དབུས་གཞུང་གིས་ཏཱ་ལའི་བླ་མ་སྐུ་ཚབ་ཚོ་མཉམ་དུ་འབྲེལ་མོལ་ཐེངས་བརྒྱད་པ་ཞིག་སྐོང་རྒྱུའི་སྐོར་དེ་ཡང་ཟླ་འདིའི་ཟླ་མཇུག་ལ་གནང་རྒྱུའི་ཐད་གོ་སྒྲིག་བྱེད་བཞིན་ཡོད་ཅེས་༧གོང་ས་མཆོག་སྐུ་སྒེར་གྱི་ཚོགས་པ་ཞིག་ལ་ངོས་བཟུང་དེ་སྐད་ཆ་བཤད་པ་ལས་བོད་གཞུང་གི་སྐུ་ཚབ་ཞེས་མི་གླེང་བའི་རྒྱུ་མཚན་གང་ལ་ཐུག་ཡོད་པ་རེད་དམ། ༧རྒྱལ་བ་རིན་པོ་ཆེ་མཆོག་ལ་རྒྱབ་སྐྱོར་མི་བྱེད་པ་བཞི་ཞེས་པའི་ཆ་རྐྱེན་བཞི་གང་གང་ལ་ངོས་འཛིན་བྱེད་ཀྱི་ཡོད་དམ། རྒྱ་ནག་སྲིད་གཞུང་གིས་ང་ཚོ་ལ་ཆ་རྐྱེན་གང་མང་མང་ཞིག་འདོན་ཆོག་པའི་དབང་ཚད་དེ་རྒྱ་ནག་སྲིད་གཞུང་ལ་སུས་གནང་གི་ཡོད་པ་རེད་དམ། བོད་བཙན་བྱོལ་གཞུང་གིས་གནང་གི་ཡོད་པ་རེད་དམ། ཡང་ན་བོད་མི་དམངས་ཀྱིས་གནང་གི་ཡོད་དམ། དེ་མིན་ན་༧གོང་ས་མཆོག་གིས་གནང་གི་ཡོད་པ་རེད་དམ། རྒྱ་ནག་སྲིད་གཞུང་གིས་ག་དུས་བར་དུ་ང་ཚོ་ལ་ཆ་རྐྱེན་བཏོན་ནས་འདུག་ངེས་པ་དང་ང་ཚོས་ག་ཚོད་བར་དུ་ཆ་རྐྱེན་བཏོན་པར་ཉན་ནས་འདུག་དགོས་པ་རེད་དམ། ནམ་ཞིག་ང་ཚོས་རྒྱ་ནག་སྲིད་གཞུང་གིས་ཆ་རྐྱེན་ཡོད་ཚད་ལ་ཁས་ལེན་བྱེད་དགོས་པ་ཡིན་ནམ། ང་ཚོ་བོད་པ་ཚང་ལ་འདི་ལས་གཞན་པའི་ལམ་ཁ་ཞིག་མེད་པ་ཆགས་ཚར་པ་ཡིན་ནམ། ད་ལྟ་ཡང་མུ་མཐུད་དུ་རྒྱ་ནག་སྲིད་གཞུང་གིས་ཆ་རྐྱེན་རེད་ཟེར་འདུག་དགོས་པ་ཡིན་ནམ་ཅི། ང་ཚོ་བོད་པ་ཚང་གི་གང་ཡང་བཤད་ཐུབ་པ་ནས་གང་ཡང་སྒྲུག་མི་ཆོག་པ་ཡིན་ནམ་ཅི།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese