མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ལ་རང་དབང་དང་རང་བཙན་གང་ཡང་དགོས་དོན་མེད།

བོད། ཤ་ཁྲག་རུས་གསུམ།
༢༠༠༨/༡༡/༠༡
Share on FacebookShare on TwitterShare on EmailShare on Whatsapp




བོད་ལ་རང་དབང་དང་རང་བཙན་གང་ཡང་དགོས་དོན་མེད།

 

དེ་རིང་ཁ་སང་བོད་པ་མང་བོ་ཞིག་གིས་རྩོད་རྒྱུ་ནི་རང་བཙན་གཙང་མ། ལམ་དབུ་མ། རང་ཐག་རང་གཅོད།  སོགས་མང་པོ་ཞིག་རྩོད་བཞིན་འདུག་ན་ཡང་། ང་རང་དེ་དག་གང་ཡང་གཙོ་བོ་ཞིག་དུ་མཐོང་དུ་མི་འདུག  ངས་དེ་རིང་བོད་པ་ཚང་གི་མི་རབས་གཞིས་བྱེས་གཉིས་སུ་འཚར་ལོངས་བྱུང་བཞིན་འདི་དག་གི་སྐོར་ལ་འདང་ཞིག་རྒྱབ་དུས། བོད་ལ་རང་དབང་དང་རང་བཙན་གང་ཡང་དགོས་དོན་མེད་པར་མཐོང་གི་འདུག  གང་ཡང་ཟེར་ན། བོད་ནང་གི་བོད་མི་གཞོན་སྐྱེས་གང་མང་ཞིག་ལ་རང་སྐད་ལས་རྒྱ་སྐད་ལ་བརྩི་མཐོང་ཆེ་རུ་འགྲོ་བཞིན་ཡོད་པ་དང་། བོད་ཡིག་ལས་རྒྱ་ཡིག་ལ་དོན་སྣང་བྱེད་དགོས་པ་ནས་བྱེད་བཞིན་པ། བོད་ཡིག་གི་སྟེང་ནས་ལས་ཀ་མི་རེག་པའི་དཀའ་ངལ་སྤྲོད་བཞིན་པ་ཡོད་པ། བོད་ཡིག་དང་བོད་སྐད་མི་དགོས་པའི་བོད་པ་ཞིག་ལ་བོད་ཀྱི་རང་དབང་དང་བོད་ཀྱི་རང་བཙན་གྱི་ག་རེ་བྱེད། ཁོང་ཚོ་བོད་མི་ནས་རྒྱ་ལ་འགྱུར་བཞིན་ཡོད་པ་དང་བོད་སྐད་ལས་རྒྱ་སྐད་སྤྱོད་ཀྱི་འདུག་ན་ཁོང་ཚོ་ལ་བོད་ཡིག་དང་བོད་སྐད་ཀྱི་ཕན་ཐོག་ཞིག་ཡོང་གི་མེད་ལ། རང་ཉིད་ལ་བོད་ཟེར་བའི་མིང་ཞིག་གི་འོག་དུ་ཡོད་པ་ཡང་མི་ཤེས་མཁན་ལོ་རེ་ནས་ལོ་རེ་ཇེ་མང་དུ་འགྲོ་བཞིན་པ་ནི་བཙན་བྱོལ་ལ་འབྱོར་བཞིན་པའི་བྱིས་པ་དེ་དག་གི་གླེང་མོལ་བྱེད་ས་རུ་སོང་དེ་ངོས་སུ་ལན་གཅིག་གསོན་དང། ད་གཟོད་བོད་ལ་བོད་སྐད་དང་བོད་ཡིག་དགོས་ཀྱི་མེད་པ་ཤེས་ཡོང་། བོད་སྐད་དང་བོད་ཡིག་མེད་པའི་ཉིན་མོ་དེར་བོད་ལ་རང་བཙན་དགོས་དོན་ལ་མེད་བོད་ལ་རང་དབང་ཡང་དགོས་དོན་མེད།

 

བཙན་བྱོལ་དུ་འཚར་ལོངས་བྱུང་བཞིན་པའི་བྱིས་པ་དེ་དག་ལ་བལྟས་དང་འགྲོ་ས་བསྡོད་ས་བོད་བཙན་བྱོལ་གཞུང་གི་སློབ་གྲ་ཁག་ཡིན་ན་ཡང་། ཆ་ལུགས་སྤྱོད་གསུམ་གང་མང་ཞིག་བོད་ཀྱི་གཤིས་ཀ་ལས་ལྡོག་ནས་བརྩི་བཀུར་མི་ཤེས་པ། བོད་ཡིག་ལས་དབྱིན་ཡིག་དང་ཧིན་རྡིས་ལ་དོན་སྣང་ཆེ་བ། བོད་སྐད་བེད་སྤྱོད་བྱེད་རྒྱུ་ལས་གཞན་སྐད་བེད་སྤྱོད་བྱེད་རྒྱུར་དོན་སྣང་ཆེ་བ།   འཛིན་རིམ་བཅུ་གཉིས་ཐར་ཕྱིན་པའི་སློབ་མ་གང་མང་མང་གིས་བོད་ཡིག་གི་གསར་འགྱུར་ལས་དབྱིན་ཡིག་གི་གསར་འགྱུར་ལ་དོན་སྣང་བྱེད་པ། བོད་ཡིག་འབྲི་བ་ལས་དབྱིན་ཡིག་འབྲི་བར་གོམ་འདྲིས་ཆེ་བ། བོད་ཡིག་ལས་དབྱིན་ཡིག་ཤེས་མཁན་ལ་ལས་ཁུངས་ཁག་གི་ལས་ཀ་སྤྲོད་པ་བཅས་བོད་ཕྱི་ནང་གཉིས་ཀྱི་མི་རིགས་འདི་ལ་བོད་ཡིག་དང་བོད་སྐད་མི་དགོས་པའི་གནད་དོན་ཞིག་ཡོང་གི་འདུག་ན། བོད་ཡིག་མེད་པའི་རང་བཙན་བོད་ལ་དགོས་དོན་མེད་ལ། བོད་སྐད་མེད་པའི་རང་དབང་ཞིག་བོད་ལ་དེ་བས་ཀྱང་དགོས་དོན་མེད། བོད་ཡིག་དང་བོད་སྐད་བོད་ན་ང་ཚོ་ལ་རང་དབང་དང་རང་བཙན་ག་རེ་ཡིན་ཡང་དགོས་ཀྱི་ཡོད་ལ་རྩོད་ལེན་ཡང་བྱེད་དགོས། དེ་གཉིས་གང་ཡང་མེད་དུས་ཀྱི་ཉིན་མོ་ཞིག་བོད་ཡོངས་སུ་བྱུང་དུས། ངས་བོད་ལ་རང་དབང་དང་རང་བཙན་གང་ཡང་མི་དགོས་ཞེས་བསྒྲགས་རྒྱུ་ཡིན།




འབྲེལ་ཡོད་གསར་འགྱུར།

ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཕོ་བྲང་པོ་ཏ་ལར་གསེར་ཁྲི་མངའ་གསོལ་ཞུས་ཏེ་ལོ་ངོ་ ༨༦ འཁོར་བའི་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༢།༢༢ དུས་བབ་གསར་ཁང་གི་པར།
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གསེར་ཁྲིར་མངའ་གསོལ་ཞུས་ཏེ་ལོ་ངོ་ ༨༦ འཁོར་བའི་མཛད་སྒོ་འཚོགས།

ཆུ་ཚོད་ ༡༧ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ལ་ཕུལ་བའི་གཟེངས་རྟགས་ཁག

༢༠༢༦/༠༢/༢༢
བསམ་ཚུལ།

ཨ་མ་ངེད་གཉིས་ཀྱི་གླེང་མོལ།

༢༠༢༦/༠༢/༢༢
Mobile App

རྒྱལ་སྤྱིའི་ཕ་སྐད་ཉིན་མོ་སྲུང་བརྩི་དང་བོད་ཀྱི་སྐད་ཡིག་གི་གནས་བབ།

༢༠༢༦/༠༢/༢༡
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་རྒྱ་གར་ལྷོ་ཕྱོགས་སུ་ཉིན་གྲངས་ ༦༠ རིང་ཆོས་འབྲེལ་རྒྱ་ཆེན་བསྐྱངས།

༢༠༢༦/༠༢/༢༡
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་ཟླ་གཅིག་དང་ཉིན་གྲངས་ ༨ རིང་ལ་དྭགས་སུ་ཆོས་འབྲེལ་རྒྱ་ཆེན་བསྐྱངས།

༢༠༢༦/༠༢/༢༠

མཆན། 1

  1. akangtsen says:
    ལོ་ 17 སྔོན།

    བོད་ལ་རང་དབང་དང་རང་བཙན་གང་ཡང་དགོས་དོན་མེད།
    དེ་རིང་ཁ་སང་བོད་པ་མང་བོ་ཞིག་གིས་རྩོད་རྒྱུ་ནི་རང་བཙན་གཙང་མ། ལམ་དབུ་མ། རང་ཐག་རང་གཅོད། སོགས་མང་པོ་ཞིག་རྩོད་བཞིན་འདུག་ན་ཡང༌། ང་རང་དེ་དག་གང་ཡང་གཙོ་བོ་ཞིག་དུ་མཐོང་དུ་མི་འདུག ངས་དེ་རིང་བོད་པ་ཚང་གི་མི་རབས་གཞིས་བྱེས་གཉིས་སུ་འཚར་ལོངས་བྱུང་བཞིན་འདི་དག་གི་སྐོར་ལ་འདང་ཞིག་རྒྱབ་དུས། བོད་ལ་རང་དབང་དང་རང་བཙན་གང་ཡང་དགོས་དོན་མེད་པར་མཐོང་གི་འདུག གང་ཡང་ཟེར་ན། བོད་ནང་གི་བོད་མི་གཞོན་སྐྱེས་གང་མང་ཞིག་ལ་རང་སྐད་ལས་རྒྱ་སྐད་ལ་བརྩི་མཐོང་ཆེ་རུ་འགྲོ་བཞིན་ཡོད་པ་དང༌། བོད་ཡིག་ལས་རྒྱ་ཡིག་ལ་དོན་སྣང་བྱེད་དགོས་པ་ནས་བྱེད་བཞིན་པ། བོད་ཡིག་གི་སྟེང་ནས་ལས་ཀ་མི་རེག་པའི་དཀའ་ངལ་སྤྲོད་བཞིན་པ་ཡོད་པ། བོད་ཡིག་དང་བོད་སྐད་མི་དགོས་པའི་བོད་པ་ཞིག་ལ་བོད་ཀྱི་རང་དབང་དང་བོད་ཀྱི་རང་བཙན་གྱི་ག་རེ་བྱེད། ཁོང་ཚོ་བོད་མི་ནས་རྒྱ་ལ་འགྱུར་བཞིན་ཡོད་པ་དང་བོད་སྐད་ལས་རྒྱ་སྐད་སྤྱོད་ཀྱི་འདུག་ན་ཁོང་ཚོ་ལ་བོད་ཡིག་དང་བོད་སྐད་ཀྱི་ཕན་ཐོག་ཞིག་ཡོང་གི་མེད་ལ། རང་ཉིད་ལ་བོད་ཟེར་བའི་མིང་ཞིག་གི་འོག་དུ་ཡོད་པ་ཡང་མི་ཤེས་མཁན་ལོ་རེ་ནས་ལོ་རེ་ཇེ་མང་དུ་འགྲོ་བཞིན་པ་ནི་བཙན་བྱོལ་ལ་འབྱོར་བཞིན་པའི་བྱིས་པ་དེ་དག་གི་གླེང་མོལ་བྱེད་ས་རུ་སོང་དེ་ངོས་སུ་ལན་གཅིག་གསོན་དང། ད་གཟོད་བོད་ལ་བོད་སྐད་དང་བོད་ཡིག་དགོས་ཀྱི་མེད་པ་ཤེས་ཡོང༌། བོད་སྐད་དང་བོད་ཡིག་མེད་པའི་ཉིན་མོ་དེར་བོད་ལ་རང་བཙན་དགོས་དོན་ལ་མེད་བོད་ལ་རང་དབང་ཡང་དགོས་དོན་མེད།
    བཙན་བྱོལ་དུ་འཚར་ལོངས་བྱུང་བཞིན་པའི་བྱིས་པ་དེ་དག་ལ་བལྟས་དང་འགྲོ་ས་བསྡོད་ས་བོད་བཙན་བྱོལ་གཞུང་གི་སློབ་གྲ་ཁག་ཡིན་ན་ཡང༌། ཆ་ལུགས་སྤྱོད་གསུམ་གང་མང་ཞིག་བོད་ཀྱི་གཤིས་ཀ་ལས་ལྡོག་ནས་བརྩི་བཀུར་མི་ཤེས་པ། བོད་ཡིག་ལས་དབྱིན་ཡིག་དང་ཧིན་རྡིས་ལ་དོན་སྣང་ཆེ་བ། བོད་སྐད་བེད་སྤྱོད་བྱེད་རྒྱུ་ལས་གཞན་སྐད་བེད་སྤྱོད་བྱེད་རྒྱུར་དོན་སྣང་ཆེ་བ། འཛིན་རིམ་བཅུ་གཉིས་ཐར་ཕྱིན་པའི་སློབ་མ་གང་མང་མང་གིས་བོད་ཡིག་གི་གསར་འགྱུར་ལས་དབྱིན་ཡིག་གི་གསར་འགྱུར་ལ་དོན་སྣང་བྱེད་པ། བོད་ཡིག་འབྲི་བ་ལས་དབྱིན་ཡིག་འབྲི་བར་གོམ་འདྲིས་ཆེ་བ། བོད་ཡིག་ལས་དབྱིན་ཡིག་ཤེས་མཁན་ལ་ལས་ཁུངས་ཁག་གི་ལས་ཀ་སྤྲོད་པ་བཅས་བོད་ཕྱི་ནང་གཉིས་ཀྱི་མི་རིགས་འདི་ལ་བོད་ཡིག་དང་བོད་སྐད་མི་དགོས་པའི་གནད་དོན་ཞིག་ཡོང་གི་འདུག་ན། བོད་ཡིག་མེད་པའི་རང་བཙན་བོད་ལ་དགོས་དོན་མེད་ལ། བོད་སྐད་མེད་པའི་རང་དབང་ཞིག་བོད་ལ་དེ་བས་ཀྱང་དགོས་དོན་མེད། བོད་ཡིག་དང་བོད་སྐད་བོད་ན་ང་ཚོ་ལ་རང་དབང་དང་རང་བཙན་ག་རེ་ཡིན་ཡང་དགོས་ཀྱི་ཡོད་ལ་རྩོད་ལེན་ཡང་བྱེད་དགོས། དེ་གཉིས་གང་ཡང་མེད་དུས་ཀྱི་ཉིན་མོ་ཞིག་བོད་ཡོངས་སུ་བྱུང་དུས། ངས་བོད་ལ་རང་དབང་དང་རང་བཙན་གང་ཡང་མི་དགོས་ཞེས་བསྒྲགས་རྒྱུ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese