མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གངས་ལྗོངས་སྙུག་ཚོགས་ཀྱིས་བོད་པའི་མིག་ཕྱེ་ཡོད་ཟེར།

བོད་ཀྱི་དུས་བབ།
༢༠༠༨/༡༡/༡༣
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་ཐོག་མཐའ་བར་གསུམ་དུ་བོད་ཀྱི་ལོ་རྒྱུས་རྫུན་བཟོ་བཅོས་སྒྲིག་བྱས་ཡོད། ལྷག་པར་དུ་ད་ལོ་༧གོང་ས་མཆོག་ལ་སྐྱོན་བརྗོད་དང་མཚན་སྨོད། སྒྲོ་འདོགས་སྐུར་འདེབས་ཚད་ལས་བརྒལ་བ་བྱས་ཡོད། མི་ལ་ལས་སོ་སོ་དེའི་ནང་མི་གཏོགས་པའི་བསམ་ཚུལ་འཛིན་གྱིན་ཡོད། རྒྱ་གཞུང་གིས་སྐྱོན་འཛུགས་བྱེད་ས་༧གོང་ས་མཆོག་གཅིག་པུ་མ་རེད། ཏཱ་ལའི་རུ་ཚོགས་ཞེས། ཁྱོད་དང་ང་མེད་པར་བཙན་བྱོལ་བོད་པ་ཡོངས་ལ་གཞི་མེད་ཀྱི་སྐྱོན་འཛུགས་རབས་དང་རིམ་པ་བྱས་ཡོད། སྙིང་རུས་དང་རྒྱལ་ཞེན་ཅན་ཚོར་རྒྱུ་མཚན་འདི་ལ་བརྟེན་ཏེ་སེམས་ལ་ཚོར་བ་ཞིག་སླེབས་ཀྱིན་ཡོད་ལ། ཚོར་བ་འདི་ལ་བརྟེན་ཏེ་ལས་འགན་འདི་ཕྲག་ཏུ་བླངས་པ་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད།

དེ་རིང་སྔ་དྲོ་ཆུ་ཚོད་ ༡༠ ཐོག་བཞུགས་སྒར་གངས་སྐྱིད་སྤྱི་ཐབ་ཐོག་ཁང་དུ་གངས་ལྗོངས་སྙུག་ཚོགས་ཀྱི་གོ་སྒྲིག་འོག དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོ་ཞིག་འཚོགས་ཡོད་པ་དང༌། སྐབས་དེར་སྐུ་མགྲོན་གཙོ་བོ་ཕྱི་དྲིལ་བཀའ་བློན་སྟག་ལྷ་སྐལ་བཟང་དབྱངས་སྐྱིད་མཆོག་གིས་གངས་ལྗོངས་སྙུག་ཚོགས་ཀྱིས་རྩོམ་སྒྲིག་མཛད་པའི། བོད་ཀྱི་མིག བྱ་བའི་དེབ་གཟུགས་གཉིས་དབུ་འབྱེད་གནང་ཡོད། མཛད་སྒོའི་སྟེང་བོད་མི་མང་སྤྱི་འཐུས་ཁག་ཅིག་དང་ཚོགས་པ་སྒྲིག་འཛུགས་ཁག་གི་སྐུ་ཚབ་སོགས་སྐུ་མགྲོན་མང་པོ་ཞིག་ཕེབས་ཡོད་པ་དང༌། དཔེ་དེབ་དབུ་འབྱེད་མ་གནང་སྔོན་ལ་གངས་ལྗོངས་སྙུ་གུ་ཚོགས་པའི་ཚོགས་གཞོན་པ་སངས་ལགས་ཀྱིས་གངས་ལྗོངས་སྙུ་གུ་ཚོགས་པ་ངོ་སྤྲོད་གནང་དོན། ད་ལོའི་སྤྱི་ཟླ་ ༣ ཚེས་ ༢༧ ནས་གངས་ལྗོངས་སྙུ་གུ་ཚོགས་པ་འདི་བཙུགས་པ་ཡིན། སྐབས་དེར་བོད་ནང་གི་གནས་སྟེང་ཉིན་རེ་ལས་ཉིན་རེར་ཛ་དྲག་ཏུ་འགྲོ་བཞིན་ཡོད་ལ། དེ་ལ་རྒྱ་ནག་གཞུང་འབྲེལ་ཞིན་ཧ་གསར་ཁང་དང་ཀྲུང་གོའི་བོད་ཀྱི་ཆ་འཕྲིན་ལྟེ་གནས། བོད་ལྗོངས་ཉིན་རེ་ཚགས་པར་སོགས་གསར་ལམ་ཁག་ཚང་མའི་ནང༌། གནས་ཚུལ་རྫུན་བཟོ་དང་འཁྱོག་བརྗོད་ཀྱི་རྩོམ་ཡིག་མང་དག་ཅིག་འཐོན་བཞིན་ཡོད་སྟབས། དེ་དག་ལ་དྲང་བདེན་གྱི་ལན་འདེབས་ཤིག་བྱ་ཆེད། ང་ཚོ་སྐོར་ཅིག་གིས་རྩོམ་པ་པོ་མང་པོ་ཞིག་ལ་འབོད་སྐུལ་ཞུས་ཏེ་རྩོམ་ཡིག་ཕྱོགས་སྒྲིག་གི་ལས་གཞི་འདི་མགོ་བརྩམས་པ་ཡིན། ཞེས་གསུངས་བྱུང༌།

དེའི་རྗེས་གངས་ལྗོངས་སྙུ་གུ་ཚོགས་པའི་ཚོགས་གཙོ་རྡོ་རྗེ་རིན་ཆེན་ལགས་ཀྱིས། བོད་ཀྱི་མིག བྱ་བའི་དཔེ་དེབ་དེ་གཉིས་ཀྱི་དགོས་པ་རྒྱུ་མཚན་གསུངས་དོན། ང་ཚོས་ལས་ཞོར་གྱི་དུས་ཚོད་དམ་འཛིན་བྱས་ཏེ། སྤྱིར་བཏང་རྒྱ་ནག་གི་འཁྱོག་བརྗོད་ཚང་མར་ལན་འདེབས་བྱ་དགོས་པ་ཆགས་མེད། འབའ་བ་ཕུན་དབང་གིས། རྒྱ་ནག་གཞུང་འཛིན་ནང་འདི་འདྲའི་བཤད་སྲོལ་ཞིག་ཡོད། ཡུ་གུར་གྱིས་དངུལ་མི་དགོས་ཟེར་རུང་སྤྲོད་ཀྱིན་ཡོད། ནང་སོག་གིས་དངུལ་དགོས་ཟེར་རུང་སྤྲོད་ཀྱིན་མེད། བོད་ལྗོངས་ཀྱིས་དངུལ་མི་དགོས་ཟེར་རུང་སྤྲོད་གི་ཡོད། དེ་དག་གིས་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་སྟོབས་བཙལ་བ་དང་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་དཔང་བོ་བྱེད་པ། ཁ་བྲལ་ལ་ངོ་རྒོལ་བྱེད་པའི་རྒྱུ་ནོར་གསོག་པ་བཅས་ཡིན། ཅེས་བརྗོད་ཡོད། འོན་ཀྱང༌། གནད་དོན་ལ་ལ་ཞིག་གི་ཐད་ལན་འདེབས་མེད་ན། ང་ཚོས་དེ་ལ་བདེན་ཁ་སྤྲོད་ཀྱིན་ཡོད་པའི་བཟོ་འདྲ་བོ་དང༌། རྒྱ་ནག་མི་དམངས་ཚོས་གཞུང་འཛིན་ཕྱོགས་ཀྱི་རྫུན་གཏམ་ལ་མགོ་འཁོར་བའི་ཉེན་ཁ་ཡོད་ལ། དེ་ལྟར་བྱས་ན་བོད་རྒྱ་མི་རིགས་གཉིས་བར་འཁོན་འཛིན་ཡོང་གིན་ཡོད། དེར་བརྟེན། ང་ཚོ་གཞུང་དམངས་གཉིས་ནས་འཁྱོག་བརྗོད་དང་རྗུན་གཏམ་དེ་རིགས་རྒྱ་ཡན་དུ་མ་བཏང་བར་མདོང་རྩེ་ཁ་སྤྲོད་ཀྱི་ལན་འདེབས་དགོས་པར་མཐོང་སྟེ། ལས་འགན་འདི་འཁུར་བ་ཡིན།

གངས་ལྗོངས་སྙུ་གུ་ཚོགས་པའི་སློབ་སྟོན་པ། བོད་མི་དམངས་སྤྱི་འཐུས་ཆབ་བྲག་ལྷ་མོ་སྐྱབས་ལགས་ཀྱིས། ཁོང་གིས་སྙུག་ཚོགས་འདིའི་སློབ་སྟོན་པའི་འགན་བཞེས་དོན་སྐོར་གསུངས་དོན། ངས་ཚོགས་པ་འདིའི་སློབ་སྟོན་པའི་འགན་འཁུར་བར་རྒྱུ་མཚན་གསུམ་ཡོད། དང་པོ། བོད་ཀྱི་གནས་བབ་སྤྱི་དང་ལྷག་པར་དུ་བདེན་པའི་མཐའ་སེལ་ཕྱིར་ད་ལོ་བོད་ནང་ནས་འཚེ་བ་མེད་པའི་ལམ་ནས་ཞི་རྒོལ་གནང་པར་རྒྱ་གཞུང་གིས་འཁྱོག་བརྗོད་ཚད་མེད་བྱས་པ་དེ་དག་ལ་ལན་འདེབས་ཆེད་ཡིན། གཉིས་པ། འདི་འདྲའི་གནད་དོན་གལ་ཆེན་ཁག་ལ། བཙན་བྱོལ་ནང་རྩོམ་ཡིག་འབྲི་མཁན་མང་ཡང༌། སོ་སོས་འགན་འཁུར་ཏེ་ལས་ཀ་བྱེད་མཁན་ཉུང་བ་རེད། ཐེངས་འདིར་དགེ་རྒན་དང་སློབ་ཕྲུག་ཁག་ཅིག་གིས་འགན་ལེན་གྱིས་ལས་ཀ་འདི་བརྩམས་པར་ཡི་རངས་དང་བསྔགས་བརྗོད་ཀྱི་རྒྱབ་སྐྱོར་བྱས་པ་ཡིན། གསུམ་པ། རང་ཉིད་དགེ་རྒན་དང་རྩོམ་པ་པོ་ཞིག་ཡིན་པ་དང༌། ལྷག་པར་དུ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོའི་འགན་ཞིག་འཁུར་ཡོད་སྟབས། འདི་འདྲའི་རྩོམ་འབྲིའི་ལས་དོན་གལ་ཆེན་རིགས་ལ་རེ་བ་ཞུས་དོན་བཞིན་དང་ལེན་བྱ་དགོས་པ་འགན་འཁྲི་ཆགས་ཡོད། རྒྱུ་མཚན་འདི་གསུམ་ལ་བརྟེན་ཏེ་འགན་འདི་འཁུར་བ་ཡིན། རྒྱ་ནག་གཞུང་གིས་ཐོག་མཐའ་བར་གསུམ་དུ་བོད་ཀྱི་ལོ་རྒྱུས་རྫུན་བཟོ་བཅོས་སྒྲིག་བྱས་ཡོད། ལྷག་པར་དུ་ད་ལོ་༧གོང་ས་མཆོག་ལ་སྐྱོན་བརྗོད་དང་མཚན་སྨོད། སྒྲོ་འདོགས་སྐུར་འདེབས་ཚད་ལས་བརྒལ་བ་བྱེད་ཀྱིན་ཡོད། མི་ལ་ལས་སོ་སོ་དེའི་ནང་མི་གཏོགས་པའི་བསམ་ཚུལ་འཛིན་གྱིན་ཡོད། རྒྱ་གཞུང་གིས་སྐྱོན་འཛུགས་བྱེད་ས་༧གོང་ས་མཆོག་གཅིག་པུ་མ་རེད། ཏཱ་ལའི་རུ་ཚོགས་ཞེས། ཁྱོད་དང་ང་མེད་པར་བཙན་བྱོལ་བོད་པ་ཡོངས་རྫོགས་ལ་གཞི་མེད་ཀྱི་སྐྱོན་འཛུགས་རབས་དང་རིམ་པ་བྱས་ཡོད། སྙིང་རུས་དང་རྒྱལ་ཞེན་ཅན་ཚོར་རྒྱུ་མཚན་འདི་ལ་བརྟེན་ཏེ་སེམས་ལ་ཚོར་བ་ཞིག་སླེབས་ཀྱིན་ཡོད་ལ། ཚོར་བ་འདི་ལ་བརྟེན་ཏེ་ལས་འགན་འདི་ཕྲག་ཏུ་བླངས་པ་ཞིག་ལ་ང་ཚོས་ངོས་འཛིན་བྱེད་ཀྱིན་ཡོད། ཅེས་གསུངས་བྱུང༌།

ཡང༌། བོད་མི་མང་སྤྱི་འཐུས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས། སྙུ་གུ་ཚོགས་པའི་ལས་དོན་གྱི་གལ་ཆེའི་རང་བཞིན་གསུངས་དོན། དཔེ་དེབ་འདི་ངས་རགས་ཙམ་ཀློག་རྒྱུ་བྱུང༌། ང་ཚོ་བོད་པ་མི་རེ་ངོས་རེ་ནས་འགན་ཞིག་འཁུར་ཡོད་པའི་རྣམ་པ་ཞིག་མཐོང་གིན་འདུག དེར་ལས་ཀ་བྱེད་མཁན་མང་ཆེ་བ་ལས་ཀའི་ཞོར་དུ་འགན་འཁུར་བ་རྐྱང་རེད། དེ་ལ་དམིགས་བསལ་གྱིས་དགའ་བོ་ཞེ་དྲག་བྱུང༌། འདི་དག་ལོ་རྒྱུས་ནང་འགོད་རྒྱུ་གལ་ཆེན་པོ་རེད། ༡༩༥༩ ལོའི་རྗེས་སུ་རྒྱ་ནག་གཞུང་གིས་ཉེས་རྡུང་དང་མནར་གཅོད་མི་སྤྱོད་ལས་འདས་པ་བཏང་ཡོད་པ་དེ་ཚོ་པན་ཆེན་རིན་པོ་ཆེའི་ཡིག་འབྲི་ཁྲི་བདུན་གྱི་སྙན་ཞུས་ནང་བྲིས་ཡོད། བོད་པའི་སྤྱི་ཚོགས་དེ་འདྲ་བྲིས་ཡོད་པ་གཞན་མཐོང་རྒྱུ་ཁག་པོ་ཡིན། སྙན་ཞུ་དེ་ད་ལྟ་ཞེ་དྲག་གཟི་བརྗིད་ཅན་ཞིག་ཆགས་ཡོད། ད་ལྟ་ང་ཚོའི་སྤྱི་ཚོགས་ནང་མིརེ་ངོ་རེ་ནས་འདི་ལྟ་བུའི་འགན་འཁུར་རྒྱུ་ཧ་ཅང་གལ་ཆེན་དང་རླབས་ཆེན་རེད། བཙན་བྱོལ་གཞུང་ངོས་ནས་ཀྱང་དེ་རིགས་སྣང་མེད་དུ་བཞག་པ་མ་རེད། ད་ལོ་བོད་ནང་དོན་རྐྱེན་བྱུང་རྗེས། བོད་གཞུང་ཕྱི་དྲིལ་ལས་ཁུངས་ཀྱི་དྲ་རྒྱའི་ནང་ཉི་མ་རེ་རེའི་གནས་ཚུལ་དང་རྫུན་གཏམ་ཁག་ལ་ལན་འདེབས་བཀོད་ཡོད་ལ། ཛ་དྲག་ལས་འགུལ་ཚོགས་ཆུང་གི་དྲ་རྒྱའི་ནང་དུའང་གང་ཐུབ་ཀྱིས་བཀོད་ཡོད། དཔེ་དེབ་འདི་གཉིས་ལ་མི་སུ་ཞིག་གིས་གཟིགས་ནའང༌། ད་བར་མིག་མེད་པ་དང་མིག་བཙུམས་ནས་བསྡད་པ་ཚོར་ཡང་མཐོང་རྒྱུ་ཞིག་དང་གོ་རྒྱུ་ཞིག་འདུག ཅེས་གསུངས་བྱུང༌།

སྐབས་དེར་བཀའ་བློན་སྟག་ལྷ་སྐལ་བཟང་དབྱངས་སྐྱིད་ལགས་ཀྱིས། དཔེ་དེབ་དངོས་སུ་དབུ་འབྱེད་དང་འབྲེལ་སྙུ་གུ་ཚོགས་པའི་རྩོམ་སྒྲིག་པ་རྣམ་པའི་ལས་དོན་དང་ལྷག་བསམ་ལ་བསྔགས་བརྗོད་ཞུས་དོན། སྙུ་གུ་ཚོགས་པ་འཛུགས་མཁན་ཚོ་བོད་པའི་མ་འོངས་པའི་སོན་རྩ་གསོ་སྐྱོང་བྱེད་སའི་སློབ་གྲྭ་ཁག་ཏུ་ཡོད། དེ་ཡང་ས་ཁུལ་ཁག་གཅིག་ནས་མིན་པར་མང་པོ་ཞིག་ནས་འཛོམས་ཡོད། དེ་ཚོར་ཞེ་དྲག་དགའ་བོ་བྱུང༌། གང་ཡིན་ཟེར་ན། ང་རང་གིས་ཤེས་ཚོད་ལྟར་བྱས་ན། དེ་སྔ་བོད་པའི་སྤྱི་ཚོགས་ནང་རྩོམ་སྒྲིག་བྱས་པ་མང་དག་ཅིག་ཡོད་ཀྱང༌། དེ་ཚོ་ཚང་མ་ཕལ་ཆེར་ལས་གནས་དེ་རང་གི་ཐོག་ཏུ་ལས་ཀ་བྱས་བསྡད་ཡོད་མཁན་ཚོ་རེད། སྤྱི་ཚོགས་ནང་ནས་འགན་རྐང་བླངས་ཏེ། འདི་ལྟར་ལས་དོན་བྱས་པ་ཉུང་ཉུང་རེད་བསམ་ཡོད། སོ་སོའི་ལུང་པར་ཁ་བྲལ་ཏེ་སྐྱབས་བཅོལ་ནང་དཀའ་ངལ་ཆེན་པོ་ཞིག་གི་འོག་བསྡད་ཡོད་ཀྱང༌། ༧གོང་ས་མཆོག་གི་སྐུ་དྲིན་ལ་བརྟེན་ཏེ། སྐྱབས་བཅོལ་བ་འདྲ་འདྲའི་ནང་ནས་མི་འདྲ་བ་ཞིག་ཆགས་ཡོད། སྒྲིག་འཛུགས་འདྲ་མིན་དང་སློབ་གྲྭ་འདྲ་མིན། དེ་དག་ལ་དགེ་རྒན་ཡང་ཚད་ལྡན་མང་པོ་ཞིག་ཡོད། ཁོང་ཚོ་ཁག་ཅིག་གིས་བར་ལམ་བོད་ནང་བྱུང་བའི་དོན་རྐྱེན་ཁག་གལ་ཆེན་དོན་ཆེན་དུ་གཟིགས་ཏེ། དང་བླངས་ཀྱིས་སྙུ་གུ་ཚོགས་པ་བཙུགས་པ་དང༌། ཚོགས་པ་བཙུགས་པ་ཙམ་དུ་མ་ཟད་དཔེ་དེབ་འདི་འདྲ་འདོན་སྤེལ་བྱས་པར་ཞེ་དྲག་དགའ་བོ་བྱུང༌། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས་བྱུང༌།

 

 

འབྲེལ་ཡོད་གསར་འགྱུར།

The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༩ སྔོན་ལ།
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

ཆུ་ཚོད་ ༡༠ སྔོན་ལ།
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

ཆུ་ཚོད་ ༡༢ སྔོན་ལ།
དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དུས་བབ་ཀྱི་པར།
Mobile App

དམངས་གཙོའི་དུས་དྲན་ཐེངས་ ༦༦ པ་སྲུང་གཙི་གནང་། 

༢༠༢༦/༠༩/༠༢
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་ལས་བོད་ནང་གི་དངོས་ཡོད་གནས་ཚུལ་ཁ་གསལ་བཟོ་དགོས་པའི་འབོད་སྐུལ་ཞུས་སོང་།

༢༠༢༦/༠༩/༠༡
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ཟ་བཅུག་ནས་ཁ་ལ་བལྟ། འགྲོ་བཅུག་ནས་རྗེས་ལ་བལྟ།

༢༠༢༦/༠༩/༠༡

མཆན། 14

  1. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 18 སྔོན།

    དྲ་གྲོགས་གསར་བ་རྟ་འགྲིན་ལགས། ང་རང་ཅུང་ཙལ་བྲེལ་བས་དབང་གིས་ཁྱེད་རང་ལ་ལན་དུས་ཐོག་དུ་འབུལ་ཐུབ་མ་སོང་བ་དགོངས་འགལ་མེད་པ་ཞུ། སྤྱིར་བཏང་ངེད་ཅག་གི་གླེང་གཞི་ནི་བོད་ཀྱི་བདེ་སྡུག་ཡིན་ལ། བོད་ཀྱི་བདེ་སྡུག་གི་འགན་གཙོ་བོ་དེ་ཡང་བོད་ནང་ལོག་གི་བོད་མི་ཚོས་ཚེ་སྲོག་ལ་འགན་ཡོད་པ་ཞིག་གི་སྒང་ནས་ལས་འགུལ་སྤེལ་དགོས་པ་དེ་ནི་བོད་བཙན་བྱོལ་ནང་གི་བོད་མི་ཡོངས་རྫོགས་ཀྱི་འགན་ཡིན་པར་གླེང་དགོས་པ་ནས་དེ་ལྟར་ཡང་བྱེད་ཐུབ་པར་དགོས་པ་དེ་ངས་གླེང་གཞི་གཙོ་པོ་ཡིན། ལྷག་པར་དུ་བོད་པ་ཚང་གི་ཨ་ཞང་ལ་དབང་བཙན་ལ་སྟོབས་ཤུགས་ཀྱང་འཛམ་གླིང་གི་རྒྱལ་ཁབ་མང་བོ་ཞིག་གིས་ངོ་ཡ་བྱེད་དཀའ་བས་ཚད་དུ་སླེབས་ཡོད་པ་ནི་དངོས་ཡོད་ཡིན་སྟབས། འདོད་ཀྱང་རང་མ་འདོད་ཀྱང་ང་ཚོས་དོན་དངོས་ཁས་ལེན་བྱེད་དགོས་པ་དེ་ཡིན། དེས་ན་རྒྱལ་ཁབ་དེ་འདྲའི་སྟོབས་ཤུགས་ཡོད་མཁན་ཞིག་གི་ངོ་ཡ་བྱེད་དགོས་ན་ཐབས་ལམ་ལ་བརྟེན་པ་ལས། ཕྱི་ལོག་གི་རང་དབང་ཡོད་མཁན་བོད་མིས་ཚོས་སྐད་ཆ་བརྫིག་པོ་རེ་བཤད་བསྡད་པ་ཡིན་ན་བོད་ནང་གི་བོད་མི་ཚོས་ཚེ་སྲོག་ལ་ཡང་འགན་མ་བླངས་པ་རེད་ཟེར་གྱི་ཡོད་པ་ལས། ངས་རྒྱུ་མཚན་མེད་པར་ལས་ཀ་བྱེད་མཁན་སུ་ཡང་རུང་བ་ཞིག་ལ་འཕྱ་དམོད་དང་ཟུར་ཟ། ཡང་ན་ངན་ཁག་འདྲི་འདོད་སེམས་ནང་དུ་ཤར་མྱོང་མེད་པ་ཐུགས་ལ་འཛིན་རོགས་ཞུ།

    Reply
  2. རྟ་མགྲིན། says:
    ལོ་ 18 སྔོན།

    ངས་བལྟས་ན་འུ་ཚང་ལ་བདེན་པ་ཞིག་ཡོད་པ་རེད། བདེན་པ་དེ་ནམ་ཡང་རྒྱལ་ཁ་རེད། རྒྱལ་ཁ་རེད་ཟེར་ཏེ་མིག་བཙུམས་ནས་བསྡད་ན་མི་འགྲིག བདེན་པ་བདེན་སར་འཆོལ་བར་ཤེས་ཡོན་ཅན་གྱིས་འགན་ལེན་དགོས། ཨ་ཞང་ཚང་གིས་རྫུན་གྱི་ཕུང་བོ་སྤུངས་ཏེ་ཧམ་བཤད་བྱས་པ་དང་། འུ་ཚང་གི་ཤེས་ལྡན་པ་ཚོས་གནས་ལུགས་བཤད་དེ་དྲིལ་བསྒྲགས་བྱས་པ་གཉིས་ལ་ཏན་ཏན་རྒྱལ་ཕམ་གྱི་དབྱེ་བ་ཞིག་ཡོད། དེ་ནི་འཛམ་གླིང་གི་གཟུར་གནས་ཤེས་ལྡན་པ་ཚོའི་སྤྱན་སྔ་རེད། ལར་ནས་སྐོར་ཞིག་ལ་ཨ་ཞང་ཚང་གིས་རྫུན་གྱི་ཕུང་བོ་དག་གིས་རྨོངས་བཅུག་ཡོད་པ་རེད། དེ་ཚོ་ལའང་གང་ལ་གང་འཚམས་ཀྱིས་བདེན་པའི་གནས་ལུགས་ཤིག་དེབ་དེ་གཉིས་ཀྱིས་གསལ་བཤད་ཐུབ་པར་ཡིད་ཆེས་ཡོད། མ་གཞི་སྒྲ་ནི་བརྗོད་འདོད་རྗེས་འབྲངས་ཕྱིར་ཞེས་གསུངས་པ་ལྟར། གནས་ལུགས་དང་འབྲེལ་བའི་གསུང་མོལ་རིགས་མེད་ན། ང་ནི་རང་ཚོད་ཟིན་མཁན་ཞིག་ཡིན་པ་ཡང་ཁྱེད་ལ་ཞོར་དུ་གསལ་འདེབས་ཞུ་བ་དང་ཆབས་ཅིག གོང་གི་དྲ་མིག་ནང་ཡིག་ནོར་ཅུང་ཟད་བྱུང་འདུག དེ་ནི་ཡིག་གཏགས་སྟབས་བདེ་མེད་པ་དང་། ཡིག་གཟུགས་བེད་སྤྱོད་བྱེད་བདེ་མེད་པ་སོགས་ཀྱིས་སྐྱོན་རེད། དགོངས་དག་་་་་་

    Reply
  3. རྟ་མགྲིན། says:
    ལོ་ 18 སྔོན།

    དགོངས་དག་ཞུ། ཡིག་གཟུགས་དཀའ་ངལ་དབང་གིས་དྲ་མིག་གཅིག་བེད་མེད་ཆགས་སོང་། ཁ་སང་ཤ་ཁྲག་རུས་གསུམ་གྱིས་ང་ཐོག་མར་བོད་ཀྱི་དུས་བབ་ཚང་ལ་སླེབས་པར་དགའ་བསུ་ཞུ་བར་ཐུགས་རྗེ་ཆེ་ཞུ་བ་དང་འབྲེལ། ཁོང་གི་དྲི་བ་ཅིག་ལ་འདི་ལྟར་ཤོད་འདོད་བྱུང་། བྱ་དངོས་གང་ཞིག་ཡིན་ཡང་ཐོག་མར་མགོ་བརྩམས་པ་ནས་འབྲས་བུ་ཐོན་མཁན་ཞིག་མེད། ཁྱེད་གྱིས་བལྟས་ན་རྒྱ་གཞུང་འདི་ཚང་ལ་དྲང་ཚིགས་ཤིག་འདུག་གམ། ཕྱི་ཟླ་གསུམ་པའི་ཟླ་སྨད་ཙམ་ལ་བོད་རིགས་པའི་མཁས་ཅན་ཞེས་མིང་བཏགས་པ་སུམ་བརྒྱ་བཅུ་ཙམ་བསྟུས་ཏེ། འུ་ཚང་གི་ཨ་ཕ་ཨ་མྱེས་ལ་སྐྱོན་བརྗོད་དང་ལོ་རྒྱུས་ཀྱི་རབས་རྣམས་ལ་འཁྱོག་རྫུས་བྱེད་ཀི། དེ་ནས་ཉེ་བའི་ཆར་ཡང་རྒྱབ་ཤ་དཀར་བོའི་དེབ་ཅིག་བཏོན་འདུག ཁ་སང་དེ་རིང་ལ་ཨ་ཞང་ཚང་གི་བློ་ཆེན་ཀྲོའུ་ཝེ་ཚོན་གྱིས་ཅི་ཞིག་ཤོད་ཀྱིན་འདུག

    Reply
  4. ཁྱུང་ལྡིང༌། says:
    ལོ་ 18 སྔོན།

    བོད། ཤ་ཁྲག་གསུམ།
    ཁྱེད་ཀྱིས་གསུངས་པ་ར྄ྣམས་དོན་དངོས་དང་མཐུན་པ་ཡག་པོ་བཤད་ཀྱི་འདུག ཡིན་ནའང་བཤད་མཁན་རང་ཉིད་བོད་ལ་མ་ལོག་ཚེ་བཤད་པ་ཙམ་རང་རེད། དེར་བར྄ྟེན་བོད་ལ་ངོ་མ་འགྲོ་དགོས་རེད་ན་དང་བོ་ཁྱོད་ཀྱིས་ས྄ྣེ་ཁྲིད་དང་གཉིས་པ་ང་ས྄ླེབས་ཡོང༌། དེ་མིན་ཁྱོད་ཀྱིས་གོང་དུ་བྲིས་པ་ར྄ྣམས་ཀྱང་ཁ་མཁས་པས་བཤད་པ་བཞིན་མི་ཆགས་བའི་ངེས་བ་མི་འདུག་གོ།

    Reply
  5. ཨརྱ། says:
    ལོ་ 18 སྔོན།

    བོད་ཀྱི་མིག་དུས་དེབ་ལ་དགའ་བསུ་ཞུ། འོན་ཀྱང་དེ་ཙམ་གྱིས་འགྲིག་སོང་བ་ཞིག་ག་ལ་ཡིན། ད་དུང་དེ་ལས་ཀྱང་གལ་ཆེ་བ་ནི་བདེན་པ་དངོས་ར་སྤྲོད་ཐུབ་པའི་བོད་ཕྱི་ནང་གཉིས་ཀྱི་རྩོམ་ཡིག་གང་མང་ཡིག་རིགས་གཞན་དུ་སྒྱུར་རྒྱུ་ཧ་ཅང་གལ་ཆེ། འདིས་ནི་འཛམ་གླིང་གི་དཔྱོད་ཤེས་ཀྱི་མི་མང་བོད་དོན་དངོས་ལ་འཇུག་པའི་ལམ་ཆེན་བྱེད་ཐུབ། དེའང་ང་ཚོ་ལ་མཁོ་བ་མ་ཡིན་ནམ།

    Reply
  6. ཨརྱ། says:
    ལོ་ 18 སྔོན།

    བོད་ཀྱི་མིག་དུས་དེབ་ལ་དགའ་བསུ་ཞུ། འོན་ཀྱང་དེ་ཙམ་གྱིས་འགྲིག་སོང་བ་ཞིག་ག་ལ་ཡིན། ད་དུང་དེ་ལས་ཀྱང་གལ་ཆེ་བ་ནི་བདེན་པ་དངོས་ར་སྤྲོད་ཐུབ་པའི་བོད་ཕྱི་ནང་གཉིས་ཀྱི་རྩོམ་ཡིག་གང་མང་ཡིག་རིགས་གཞན་དུ་སྒྱུར་རྒྱུ་ཆང་གལ་ཆེ།

    Reply
  7. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 18 སྔོན།

    དྲ་གྲོགས་གསར་བ་རྟ་མགྲིན་ལགས། བོད་བཙན་བྱོལ་ནང་གི་ཚིགས་རྙིང་ཞིག་དྲངས་འདུག
    ངས་བལྟས་ན་བོད་ཀྱི་མིག་ཅེས་པ་དེ་དུས་ཚོད་དང་མཐུན་པར་རྒྱ་གཞུང་གི་ཧམ་བཤད་ཁག་ལ་སྣག་ཐོག་ཁབ་གཙགས་ཤིག་རེད་སྙམ། ཟེར་བ་ལ་བལྟས་ན་དེབ་དེས་རྒྱ་ནག་ལ་གནོད་ཤུགས་ཤིག་སྤྲད་ཡོད་པ་ལྟ་བུ་བཤད་ཀྱི་འདུག ཁྱེད་ཀྱིས་གསུང་དང་རྒྱ་ནག་སྲིད་གཞུང་ལ་གནོད་ཤུགས་སླེབས་སྟངས་ཇི་འདྲ་རེད། ཨོ་དགོངས་དག ཐོག་མར་ངས་ཁྱེད་རང་བོད་ཀྱི་དུས་བབ་ཚང་ལ་ཕེབས་པར་དགའ་བསུ་ཞུས་མི་འདུག ཁྱེད་རང་ཕེབས་པར་དགའ་བསུ་ཞུ།

    Reply
  8. རྟ་མགྲིན། says:
    ལོ་ 18 སྔོན།

    དང་རྗེས་སུ་ཡི་རང་བྱས་ན་ཆོག་འུ་ཚང་ལ་གནའ་ནས་འདི་ལྟའི་ནད་རྙིང་ཞིག་གི་བག་ཆགས་ཡོད།དེ་ནི་ཡར་རྒྱས་ཐམས་ཅད་དང་མཐུན་སྒྲིལ་གྱི་འགག་རྡོ་ཡིན།ངས་བལྟས་ན་བོད་ཀྱི་མིག་ཅེས་པ་དེ་དུས་ཚོད་དང་མཐུན་པར་རྒྱ་གཞུང་གི་ཧམ་བཤད་ཁག་ལ་སྣག་ཐོག་ཁབ་གཙགས་ཤིག་རེད་སྙམ།

    Reply
  9. རྟ་མགྲིན། says:
    ལོ་ 18 སྔོན།

    ཕ་བསད་བུ་ལའང་ཤོད་རྒྱུ་ཡོད།བར་ལམ་རྒྱ་གཞུང་ཕྱོགས་ནས་༸གོང་ས་མཆོག་གིས་དབུས་བཙན་བྱོལ་བོད་གཞུང་ལ་གཞི་མེད་སྐྱོན་འཛུགས་མུ་མཐད་བྱེད་བཞིན་འདུགལྷག་བསམ་གྱིས་ཁུར་བླངས་ནས་མེད་པ་ཞིག་ཡོད་པར་བཟོ་མཁན་དག་ལ་སྔགས་བརྗོད་

    Reply
  10. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 18 སྔོན།

    དྲ་གྲོགས་ཚོ། བོད་ཀྱི་མིག་བོད་ན་ཡོད། བོད་ཀྱི་མིག་ཕྱེ་མཁན་བོད་དུ་ཡོད། བོད་ཀྱི་དོན་དུ་རང་སྲོག་ཚུན་ཆད་དུ་གཏོང་འཕོད་མཁན་དག་བོད་དུ་ཡོད། བོད་བཙན་བྱོལ་བས་བོད་ཀྱི་མིག་ཚབ་བྱེད་ཐུབ་མིན་ལ་ཐེ་ཚོམ་རེད། བོད་ལ་མིག་དགོས་ན་བོད་དུ་འགྲོ་དགོས། བོད་ཀྱི་མིག་སྲུང་སྐྱོབས་བྱེད་ན་ཆིག་སྒྲིལ་གྱི་ནུས་བ་བརྟན་དགོས། ཁ་མཁས་བའི་བོད་པ་མང་དྲགས་སོང་། ད་ནི་ལག་མཁས་པའི་བོད་མང་བོ་ཞིག་གཅིག་རྗེས་གཉིས་མཐུད་དུ་བྱུང་དགོས་པས་དུས་སུ་བབ་ཡོད་པ་ལས། བོད་ནང་གི་བོད་མི་ཚོས་ཚེ་སྲོག་གི་འགྲོ་སོང་བཏང་ན་བོད་བཙན་བྱོལ་བས་དེབ་རེ་དཔར་བསྐྲུན་བྱས་དེ་ཚོགས་འདུ་རེ་ཚོགས། རང་དབང་ཡོད་ས་ནས་རྒྱག་སྐད་རེ་བརྒྱབ་པས་ཅི་ཡང་མི་ཡོང་། དེ་ལས་བོད་ནང་གི་སྤུན་ཟླ་ཚོ་ལྟ་བུས་སྙིང་སྟོབས་དང་ཁ་ལས་ལག་ཡོད་པ་ཞིག་དགོས་པ་དེ་ནི་ད་ནས་བཟུང་བོད་རིགས་སུ་གཏོགས་པ་ཚང་མས་ཕྲག་དུ་ཡོད་པའི་ལས་འགན་ཉེག་གཅིག་རེད་ཅེས་ངས་བཤད་པ་འདི་ལ་མི་སུ་ཞིག་ངར་ངར་བརྫིག་བརྫིག་བྱེད་འདོད་ཡོད་ཀྱང་། ངས་རང་གི་སེམས་གཏིང་གི་བོད་ལ་བཅིངས་པས་བསམ་ཚུལ་བཤད་པ་ལ་མི་དགའ་བ་འདྲ་བྱུང་ན་ཐབས་ཤེས་མེད། དགོངས་དག བོད་པ་ཚང་ལ་མིག་གཅིག་ལས་མེད། དེ་ནི་གངས་ཅན་བོད་པ་ཚང་མའི་སེམས་ནང་གི་མིག་དེ་རེད། མིག་དེ་ནི་ནམ་ཡང་བོད་མི་རིགས་ཀྱི་མིག་རེད་ཟེར་ནས་གླེང་དགོས་པ་ལས། དེ་ལས་གཞན་པའི་མིག་གསར་བ་གང་ཡང་བོད་དུ་མེད།

    Reply
  11. ཁྱུང་ལྡིང༌། says:
    ལོ་ 18 སྔོན།

    མིག་དུས་དེབ་འདི་ཡག་པོ་བ྄ྱུང་འདུག་ ཐུགས་ར྄ྗེ་ཆེ། ས྄ྒོ་འབ྄ྱེད་ཀ྄ྱི་མཛད་ས྄ྒོ་ཡང་ག྄ྲ་ར྄ྒ྄ྱས་པོ་ཚོགས་འདུག་ ཐུགས་ར྄ྗེ་ཆེ།

    Reply
  12. ཁྱུང་ལྡིང༌། says:
    ལོ་ 18 སྔོན།

    དངོས་བདེན་མིག་མཐོང་ལག་ཟིན་བྱ་ྼགྱུ་ཡོད་པ་ལ་བས྄ྙོན་ན་ར྄ྒྱ་གཞུང་གི་བྱེད་ས྄ྟངས་གཅིག་པ་ིམན་ནམ།
    དེ་ལས་དྲ་ཐོག་ནས་བཤད་ཡམས་འཐེན་པ་གཅུག་པུ་ལས་མིན་པར་ས྄ྤྱི་ཚོགས་ཐོག་མཐོང་ར྄ྒྱུ་ཡོད་པའི་ལས་དོན་ཞིག་བས྄ྒྲུབ་དང༌།

    Reply
  13. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 18 སྔོན།

    མིང་བརྫིག་པོ་རེ་འཁུར་ཡོང་བ་ལས་དོན་དག་བརྫིག་པོ་རེ་ཡོད་པ་ཞིག་བྱེད་ཐུབ་ན། ད་གཟོད་གངས་ཅན་པའི་མིག་ཕྱེ་ངེས་ཡིན།

    Reply
  14. གནས་ཚང་། says:
    ལོ་ 18 སྔོན།

    དེབ་བཏོན་པ་ཡག་ནའང་། ༼དཔེ་མང་བལྟ་བ་ཤེས་རབ་འཆལ་བའི་རྒྱུ་༽ཞེས་པ་བདེན་ཚེ། ཚོགས་པ་མང་འཛུགས་མགོ་རྟིང་སློག་པའི་བལྟས་མ་ཡིན་ནམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese