མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དམིཊ་བསལ་ཚོཊ་ཆེན་དང་སེམས་ཁྲལ་ཆེན་པོ།

བོད་ཀྱི་དུས་བབ།
༢༠༠༨/༡༡/༡༤
Share on FacebookShare on TwitterShare on EmailShare on Whatsapp
མེ་འོད།

དམིགས་བསལ་ཚོགས་ཆེན་ནི་བོད་མི་ཡོད་དོ་ཅོག་གི་གནད་དོན་དང་འབེལ་ཞིང༌། བོད་རྒྱའི་གནད་དོན་ཐག་གཅོད་བྱེད་པའི་རྩ་དོན་ཞིག་ཡིན་ཙ་ན། ཚོགས་ཆེན་འདི་ཆབ་སྲིད་པ་ཁ་ཤས་ཀྱིས་གང་འདོད་དུ་གཤགས་བཏུབ་བྱེད་ཆོག་པ་ཞིག་གཏན་ནས་མ་རེད། ལྷག་པར་དབུ་མའི་ལམ་དང་རང་བཙན་གཉིས་གདོང་ཐུག་རྒྱག་སའི་གཡུལ་ས་ཞིག་མིན་པར་བརྟེན། གལ་སྲིད་ཆབ་སྲིད་པ་ཚོར་དབུ་མའི་ལམ་དང་རང་བཙན་གཉིས་གདོང་ཐུག་རྒྱག་འཇུག་པའི་ལས་འཆར་ཡོད་ན་འདི་ལས་ནག་ཉེས་ཤིག་ཡོད་པ་མ་རེད། ཚོགས་འདུ་འདི་བོད་མི་མང་གི་བསལ་ཚུལ་སྤུངས་ས་ཞིག་དང་འཆར་གཞི་འདིང་ས་ཞིག་ཡིན་པ་ལས། ཆབ་སྲིད་པ་ཚོས་ལྟ་གྲུབ་རྩོད་ས་མ་ཡིན་པས་རེད། ཚོགས་ཐོག་ཏུ་ཆབ་སྲིད་པ་ཚོས་ལྟ་གྲུབ་རྩོད་ཁུལ་གྱིས་མི་མང་གི་བསམ་ཚུལ་ངོ་མ་དེ་དགག་རྒྱུ་རེད་བསམ་ནས་སེམས་ཁྲལ་ཆེན་པོ་ཡོད།

བཙན་བྱོལ་དུ་ཡོད་པའི་བོད་ཀྱི་གཞོན་དུ་ལྷན་ཚོགས་ཀྱིས་མེག་ལོ་དང་གངས་སྐྱིད་ཡར་མར་གྱི་གྱང་ངོས་གང་སར་རང་བཙན་གྱི་ཤོག་ལྷེ་ནག་པོ་མང་པོ་སྦྱར་འདུག གྱང་ངོས་གཅིག་ན་སྦྱར་ཤོག་བཞི་བཅུ་ལྔ་བཅུ་མཉམ་གཅིག་ཏུ་སྦྱར་ནས་འགྲོ་སོང་ཕོན་ཆེན་བཏང་འདུག་པ་ནི་ལས་འགུལ་ཤིག་ཡིན་རྒྱུ་རེད། ལས་འགུལ་དེའི་ཁ་གཏད་ས་རྒྱ་ནག་མ་ཡིན་པར་བོད་ཀྱི་དམིགས་བསལ་ཚོགས་ཆེན་ཡིན་ན་ཅི་འདྲའི་ཞེ་སྣང་ཚ་བོ་ཞིག་རེད་ཨང༌།

དམིགས་བསལ་ཚོགས་ཆེན་འདི་ཡག་པོ་ཞིག་ཚོགས་ཐུབ་དགོས་པ་དང༌། མི་མང་གི་བསམ་ཚུལ་ཡག་པོ་ཧ་གོ་དགོས་པ་རེད། ཚོགས་ཐོག་ཏུ་ཆབ་སྲིད་པ་ཚོས་མི་མང་གི་ཚབ་བྱེད་མི་ཐུབ། མི་མང་གི་འཐུས་ཚབ་ངོ་མ་བོ་ཤེས་ཡོན་པ་ཚོ་ཡིན་དགོས་པཀི་རེད། དེ་བས་ཚོགས་ཆེན་ལ་བཅར་མཁན་ཚོ་ཤེས་ཡོན་པ་ཡིན་དགོས། ཆབ་སྲིད་ཚོ་ཚོགས་ཐོག་ཏུ་འཚང་ཁ་རྒྱབ་ཡོང་ན་པེ་བསག་རེད། མི་མང་གི་བསམ་ཚུལ་ཚོགས་ཐོག་ཏུ་སྤུངས་མི་ཐུབ་པ་ཐག་གིས་ཆོད། དེ་ལྟར་ན་དམིགས་བསལ་ཚོགས་ཆེན་གྱི་དམིགས་ཡུལ་མ་འགྲུབ་པ་རེད། ཤེས་ཡོན་པའི་མི་མང་གི་བསམ་ཚུལ་དང་ཚོགས་ཆེན་གྱི་དམིགས་ཡུལ་ཁུར་ནས་ཚོགས་ཐོག་ཏུ་ཡོང་གི་རེད། ཆབ་སྲིད་པས་རང་གི་བསམ་ཚུལ་དང་དམིགས་ཡུལ་ཞིག་ཁུར་ནས་ཚོགས་ཐོག་ཏུ་ཡོང་གི་རེད།

རྒྱ་ནག་གཞུང་གིས་བོད་ལ་རང་བཙན་དང་རང་སྐྱོང༌། ཐ་ན་ཧོང་ཀོང་ལྟ་བུའི་གནས་སྟངས་ཤིག་ཀྱང་སྤྲད་རྒྱུ་མིན་ཞེས་ཧམ་བཤད་བསྒྲགས་ཀྱང་ཆོག་གི ང་ཚོས་ཟས་བཅད་ངོ་རྒོལ་བྱེད་ས་དང་མར་མེ་ཁྲོམ་སྐོར་བྱེད་ས་ནི་བོད་ཡུལ་རང་ཡིན་དགོས་པ་རེད། ང་ཚོས་ལས་འགུལ་གང་སྤེལ་ཀྱང་རྐང་པ་འཛུགས་ས་ནི་བོད་རང་གི་ས་ཆེན་པོ་ཡིན་དགོས། འདི་ལྟར་ང་ཚོས་ས་ཆ་བརྗེ་བོ་གཅིག་རྒྱབ་རྗེས་ང་ཚོས་མངོན་འདོད་དེ་གསལ་པོ་ཆགས་ངེས་ཡིན། ད་དུང་ང་ཚོས་ཆབ་སྲིད་དང་ཤེས་ཡོན་གྱི་སློབ་གསོ་གང་སྤེལ་ཀྱང་ཁ་གཏད་ས་དང་དམིགས་ཡུལ་འཛིན་ས་ནི་བོད་ནང་ཡིན་དགོས།

མདོར་ན་ང་ཚོས་བོད་ནང་ན་རང་དབང་ཡོད་མེད་གསལ་བོ་བཟོ་དགོས་པ་རཻད། ང་ཚོས་གཞན་གྱི་ས་ཐོག་ནས་ཁ་ཆེན་པོ་གདངས་ནས་ཡུན་རིང་འགོར་ཡོད། ད་ནི་གོམ་པ་ཆེན་པོ་ཞིག་རྒྱག་དགོས་པའི་དུས་ལ་བབས་པ་རེད། རྡོག་རྡོག་བཤད་ན། ད་ནི་ང་ཚོས་རྒྱ་ནག་དང་སྐད་ཆ་མ་བཤད་ན་འགྲིག་གི། རྒྱ་ནག་གི་ཁ་ནང་མིག་ནང་ལ་གོམ་པ་རྒྱག་དགོས་པ་རེད། སྒུལ་སྐྱོད་རྒྱག་དགོས་པ་རེད། དམིགས་བསལ་ཚོགས་ཆེན་ལ་མི་མང་གི་བསམ་ཚུལ་འདི་འདྲ་བཤད་ན་ཆོག་རྒྱུ་རེད། རང་བཙན་དང་དབུ་མའི་ལམ་རྩོད་པ་ལས་ཚོགས་ཐོག་ན་བསམ་ཚུལ་འདི་འདྲ་ཞིག་ཡིན་ཡང་བཤད་དགོས་པ་རེད།

གཞིས་ལུས་བོད་མི་ཚོའི་མངོན་འདོད་འདི་དང་དེ་རེད་ཟེར་ནས་ཧམ་བཤད་རྒྱག་མི་ཐུབ། གང་ལྟར་རང་དབང་ཞིག་དང༌།  ཐོབ་ཐང་ཞིག་དགོས་ཀི་ཡོད་པ་གསལ་པོ་རེད། བཙན་གནོན་དང་ཧམ་ཟ་ལ་མགོ་སྒུར་འདོད་ཀི་མེད་པ་དེ་ལས་གསལ་བོ་རེད། ང་ཚོས་ཐག་བཅད་ནས་བཤད་ཐུབ་པ་ཞིག་ལ། ྋགོང་ས་མཆོག་ལ་མྱུར་དུ་མཇལ་འདོད་ཀི་ཡོད་པ་དང༌། ཁོང་གི་ཅི་གསུང་བཀའ་བཞིན་སྒྲུབ་རྒྱུ་ཡིན་པ་ཐག་ཆོད་རེད། དེ་བས་ཚོགས་ཆེན་ཐོག་གཞིས་ལུས་བོད་མིའི་ཚབ་བྱེད་ཐུབ་མཁན་ཉག་གཅིག་ཡོད་པ་ནི་ྋགོང་ས་མཆོག་རེད།

 

 

 

 

འབྲེལ་ཡོད་གསར་འགྱུར།

དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

ཆུ་ཚོད་ ༡༤ སྔོན་ལ།
ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

༢༠༢༦/༠༤/༢༤
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

༢༠༢༦/༠༤/༢༤
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སཱ་མིར་པུལ་ཀཱ་པུར་ལགས་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཀ་ནལ་གཉིས་ཐུག་འཕྲད་གནང་། ༢༠༢༦།༤།༢༢
Mobile App

ཨ་རིའི་ཕྱི་སྲིད་དྲུང་ཆེས་བལ་ཡུལ་གྱི་སྐྱབས་བཅོལ་བོད་མིའི་ཡིག་ཆའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་གནང་།

༢༠༢༦/༠༤/༢༣
Tenzin Choegyal’s “Snow Flower” wins 2026 Queensland Music Award for Best World Music
Mobile App

ཁ་བའི་མེ་ཏོག་ཅེས་པའི་ཆེད་སྒྲིག་ལ་འཛམ་གླིང་རོལ་དབྱངས་ཆེད་སྒྲིག་ལེགས་ཤོས་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༤/༢༣
Taiwan President-elect Lai Ching-te, of Democratic Progressive Party’s (DPP), holds a press conference, following the victory in the presidential elections, in Taipei, on January 13, 2024. | Photo Credit: Reuters
Mobile App

རྒྱ་གཞུང་གིས་ཐའེ་ཝན་སྲིད་འཛིན་གྱི་ཕྱི་རྒྱལ་ཕྱོགས་སྐྱོད་བཀག་འགོག་བྱས།

༢༠༢༦/༠༤/༢༣

མཆན། 3

  1. གླེན་པ་ལུག says:
    ལོ་ 17 སྔོན།

    ༈བོད་ཕྱི་ནང་དུ་འཁོད་པའི་བོད་རིགས་ཡོངས་ལ་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་དམིགས་བསལ་གསུང་འཕྲིན།

    ༄༅།།བོད་ཕྱི་ནང་དུ་འཁོད་པའི་བོད་རིགས་ཡོངས་ལ་ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་འཚམས་འདྲི་དང་བཅས་གལ་ཆེའི་གནས་ཚུལ་འགའ་ཤས་བརྗོད་རྒྱུར།ངོས་རང་ཆུང་དུས་ནས་བོད་མིའི་འཕྲལ་ཕུགས་ཀྱི་བདེ་དོན་སླད་བོད་ཀྱི་ཆབ་སྲིད་མང་གཙོའི་ལམ་སྲོལ་དུ་བསྒྱུར་རྒྱུ་གལ་ཆེར་མཐོང་སྟེ་ཆོས་སྲིད་ཀྱི་འགན་ཁུར་བླངས་ནས་བཟུང་འབད་རྩོལ་གང་ཡོང་བྱས་པ་ཡིན།འོན་ཀྱང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཙན་གནོན་འོག་གྲུབ་འབྲས་ཐོན་ཐུབ་པ་མ་བྱུང༌།བཙན་བྱོལ་དུ་འབྱོར་མ་ཐག་གཞུང་གི་སྒྲིག་འཛུགས་བསྐྱར་བཅོས་དང་འབྲེལ་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་སྤྱི་འཐུས་ལྷན་ཚོགས་གསར་འཛུགས་བྱས་པ་ནས་བཟུང་བོད་མིའི་མང་གཙོའི་འཕེལ་རིམ་བཙན་བྱོལ་བའི་གནས་བབ་ལ་གཞིགས་པའི་གང་ལེགས་བྱུང་སྟེ་ད་ཆ་དེང་རབས་མང་གཙོའི་མཚན་ཉིད་ཡོངས་སུ་ཚང་བའི་བཅའ་ཁྲིམས་དང་ལྡན་པའི་གཞུང༌།གྲོས་ཚོགས་དང་འཛིན་སྐྱོང་གི་འགོ་ཁྲིད་མང་ཚོགས་ཀྱིས་ཐད་ཀར་འོས་འདེམས་བྱེད་བཞིན་ཡོད་པ་བཅས་བོད་མི་རིགས་ཀྱི་འགན་ཁུར་བོད་མི་མང་ཚོགས་ཀྱིས་བླངས་ཐུབ་པའི་གནས་བབ་ཅིག་ཆགས་ཡོད་པ་དགའ་སྤོབས་བྱ་འོས་ཀྱི་གནས་སུ་མཆིས།
    ངོས་ནས་མང་གཙོའི་ལམ་སྲོལ་ཕྲ་ཚུགས་ཡོང་ཐབས་ལ་འབད་བརྩོན་རྒྱུན་སྲིང་བྱས་པའི་དམིགས་ཡུལ་ནི་བོད་མིའི་ཆབ་སྲིད་སྲ་བརྟན་རྒྱུན་གནས་ཡོང་ཐབས་ཁོ་ན་ལས་རང་ཉིད་འགན་ཁུར་བྱེད་འདོད་མེད་པའམ་ཡང་ན་གཡོལ་ཐབས་བྱས་པ་ཞིག་གཏན་ནས་མིན།འདས་པའི་བྱུང་རབས་ལས་ཉམས་མྱོང་དང༌།དེང་རབས་རྒྱལ་སྤྱིའི་གནས་བབ་ལས་བསླབ་བྱ་བླངས་ཏེ་བོད་དོན་བདེན་མཐའ་མ་གསལ་བར་བོད་མིའི་འཐབ་རྩོད་རྒྱུན་འཁྱོང་བྱེད་ཐུབ་པ་དང༌།བོད་ཀྱི་ཆོས་དང་རིག་གཞུང་རྒྱུན་འཛིན་བྱེད་ཐུབ་པ་བཅས་ཀྱི་ཆེད་བཙན་བྱོལ་བོད་མིའི་སྒྲིག་འཛུགས་བཙན་བྱོལ་བོད་མི་མང་ཚོགས་ཀྱིས་སྲ་བརྟན་འཛིན་སྐྱོང་ཐུབ་པ་དགོས་རྒྱུ་ནི་ཧ་ཅང་གལ་གནད་ཆེ་བ་ཡིན།
    བཙན་བྱོལ་དུ་འབྱོར་བ་ནས་བཟུང་མང་གཙོའི་སྙིང་དོན་ལག་བསྟར་གྱིས་བོད་མིའི་ཆབ་སྲིད་ཀྱི་གནད་དོན་གལ་ཆེ་ཁག་མང་ཚོགས་ཀྱི་བསམ་འཆར་བསྡུས་ཏེ་ཐག་ཆོད་བྱ་རྒྱུའི་འབད་རྩོལ་རྒྱུན་འཁྱོངས་བྱས་ཡོད།ད་ལྟ་ང་ཚོས་འཛིན་བཞིན་པའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་འདི་ཡང་ལོ་རབས་བདུན་ཅུ་པའི་འགོ་སྟོད་དུ་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་སོགས་མང་ཚོགས་ཀྱི་སྐུ་ཚབ་མཚོན་པའི་འགོ་ཁྲིད་རྣམས་དང་བསམ་ཞིབ་གོ་བསྡུར་ལན་མང་བྱས་ཏེ་གཏན་འབེབས་བྱས་པ་མ་ཟད།སི་ཊས་སི་སྦག་གི་གཏམ་བཤད་ནང་དུའང་མཐའ་མའི་ཐག་གཅོད་བོད་མི་མང་གིས་བྱ་རྒྱུ་ཡིན་པ་གསལ་པོར་བཀོད་ཡོད།
    ཕྱི་ལོ་༡༩༩༣་་༩༤ནས་བོད་རྒྱའི་འབྲེལ་ལམ་ཆད་རྗེས་སླར་ཡང་བོད་མིའི་ཆབ་སྲིད་ཀྱི་ལངས་ཕྱོགས་ཇི་དགེའི་སྐོར་གཞིས་བྱེས་མང་ཚོགས་དང་གོ་བསྡུར་གྱིས་ཐག་གཅོད་བྱ་རྒྱུའི་ཆེད་མང་མོས་ཐག་གཅོད་འོས་བསྡུའི་ལས་རིམ་འགོ་འཛུགས་བྱས་པ་ཡིན།འོན་ཀྱང་མཐའ་མ་དངོས་གཞི་འོས་བསྡུ་མ་དགོས་པར་སྔོན་འགྲོའི་བསམ་འཆར་མང་ཤོས་གཞིར་བཟུང་སྤྱི་ལྷན་ནས་སྤྱི་མོས་གྲོས་ཆོད་ཀྱི་ལམ་ནས་ངོས་ལ་དུས་བསྟུན་ཐག་གཅོད་བྱ་དགོས་བརྗོད་པ་ལྟར་ད་བར་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་སྐྱོང་བྱས་པ་དང༌།ཕྱི་ལོ་༢༠༠༢ལོ་ནས་བཟུང་བོད་རྒྱའི་འབྲེལ་ལམ་བསྐྱར་མཐུད་ཀྱིས་འབྲེལ་མོལ་ཐེངས་བརྒྱད་བྱས་ཡོད།དེ་ལ་བརྟེན་ནས་རྒྱལ་སྤྱིའི་ནང་བོད་དོན་ཐོག་དོ་སྣང་གསར་པ་ཞིག་སླེབས་ཏེ་ཕྱོགས་ཀུན་ནས་ཚད་མཐོའི་རྒྱབ་སྐྱོར་ཐོབ་ཡོད་པ་དང༌།དེ་བཞིན་རྒྱ་མི་རིགས་ཤེས་ཡོན་ཅན་གྱི་རྒྱབ་སྐྱོར་ཡང་ཇེ་མང་དུ་སོང་ཡོད།འོན་ཀྱང་བོད་ནང་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་མ་བྱུང་བ་དང༌།རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ལ་འཛིན་པའི་སྲིད་བྱུས་ལ་འགྱུར་བ་གང་ཡང་བྱུང་མེད།
    འབྲེལ་མོལ་ཐེངས་དྲུག་པའི་རྗེས་གནས་སྐབས་འབྲེལ་མོལ་མུ་མཐུད་བྱ་འཆར་མེད་རུང༌།འདི་ལོ་བོད་ནང་བྱུང་བའི་ཛ་དྲག་གི་གནས་ཚུལ་ལ་བརྟེན་ནས་ཕྱི་ཟླ་ལྔ་པའི་ཚེས་ཤར་ལ་ནང་མོལ་གྱི་གོ་བསྡུར་ཞིག་དང༌།ཕྱི་ཟླ་བདུན་པའི་ཟླ་འགོར་འབྲེལ་མོལ་ཐེངས་བདུན་པ།འདི་ཟླའི་ནང་འབྲེལ་མོལ་ཐེངས་བརྒྱད་པ་བཅས་མ་ལན་མ་འགྱོད་པའི་ཚུལ་དུ་བྱས་ཀྱང་དོན་དམ་གྱི་གྲུབ་འབྲས་གང་ཡང་མ་བྱུང༌།
    འདི་ལོ་ཕྱི་ཟླ་གསུམ་པ་ནས་བཟུང་བོད་ནང་བོད་མི་རྒན་གཞོན་དང༌།ཕོ་མོ་སེར་སྐྱ་ཆོས་དད་ཡོད་མེད་སོགས་ཀྱི་དབྱེ་བ་མེད་པར་སློབ་ཕྲུག་ཡན་གྱི་ཆོལ་གསུམ་བོད་རིགས་རྣམས་ཀྱིས་རང་གི་སེམས་ནང་འདོད་པ་མ་ཁེངས་པའི་སེམས་ནད་གཏིང་ཟབ་ཡོད་པ་དེ་དག་ལུས་སྲོག་བློས་བཏང་གིས་སྙིང་སྟོབས་ཆེན་པོས་ཁྲིམས་མཐུན་ཞི་བའི་ལམ་ནས་གསལ་པོ་ཕྱིར་བཏོན་བྱས་ཡོད།སྐབས་དེར་ངོས་ནས་རྒྱ་ནག་གཞུང་གིས་དངོས་ཡོད་གནས་ཚུལ་ལ་གཞིགས་པའི་ཐབས་ལམ་ཞིག་ལག་ལེན་བསྟར་རྒྱུའི་རེ་བ་ཆེན་པོ་བྱས་པ་ཡིན།འོན་ཀྱང་དེ་ལས་ལྡོག་སྟེ་བོད་མིའི་སེམས་ཀྱི་རེ་འདུན་ནག་བསུབ་བཏང་ནས་ཁ་བྲལ་བ་དང༌།ལོག་སྤྱོད་པ་ཟེར་བའི་ཉེས་མིང་བཀལ་ནས་དྲག་གནོན་ཚད་མེད་བཏང་རྐྱང་བྱས་སོང༌།སྐབས་དེར་ངོས་ནས་བློས་འགན་བཟོད་མིན་གྱིས་སྲིད་འཛིན་ཧུ་ཅིན་ཐའོ་ལ་གནས་ཡིག་བསྲིངས་པ་སོགས་རྒྱལ་སྤྱི་དང་རྒྱལ་ནང་བཅས་ཕྱོགས་གང་སར་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་བྱས་ཀྱང་དོན་འབྲས་ཆེ་བ་མ་བྱུང༌།སྐབས་དེར་ཨོ་ལམ་པིཀ་རྩེད་འགྲན་པེ་ཅིང་དུ་འཚོག་རྒྱུའི་སྦིར་ཟིང་ཡོད་མུས་ལ་བརྟེན་བོད་མི་མང་ཚོགས་ལ་གོ་བསྡུར་བྱ་རྒྱུའི་ལས་རིམ་བྱེད་བདེ་མ་བྱུང་ཡང༌།ད་ཆ་གྲོས་བསྡུར་བྱ་རྒྱུའི་དུས་ཚོད་འོས་འཚམས་སུ་མཐོང་སྟེ་བཅའ་ཁྲིམས་དོན་ཚན་ང་དགུ་པའི་ཆ་རྐྱེན་འོག་དམིགས་བསལ་ཚོགས་ཆེན་ཞིག་བསྡུ་བསྐོང་དགོས་རྒྱུ་བཀའ་སྤྱི་ཐུན་མོང་ལ་འདི་ལོ་ཕྱི་ཟླ་༩ཚེས་༡༡ཉིན་ལམ་སྟོན་བྱས་པ་ལྟར་ད་ཆ་ཚོགས་ཆེན་ཚོགས་ཉེར་ཡོད་པ་འདིའི་ཐོག་ཚོགས་མི་ཡོངས་ཀྱིས་རང་རང་ཁྱབ་ཁོངས་མང་ཚོགས་ཀྱི་བསམ་འཆར་ཇི་ཡོད་གསལ་འདོན་བྱེད་པའི་རེ་བ་ཡོད།
    ཚོགས་ཆེན་ནང་འདི་ལོ་བོད་ནང་བྱུང་བའི་རླབས་ཆེན་གྱི་ལས་འགུལ་ཁག་དང༌།དེ་འབྲེལ་རྒྱལ་སྤྱིའི་གནས་བབ།ད་ལྟའི་རྒྱ་ནག་གཞུང་གི་བྱེད་ཕྱོགས་བཅས་དངོས་ཡོད་གནས་ཚུལ་རྣམས་གཞི་རྩར་བཞག་སྟེ་འབྱུང་འགྱུར་བོད་མིའི་རྩ་དོན་སྒྲུབ་ཕྱོགས་ཁྱོན་ཡོངས་ཀྱི་གནས་ཚུལ་ཐོག་འཕྲལ་ཕུགས་རྒྱང་གསུམ་གྱི་བསམ་བློ་བཏང་སྟེ་ཚོགས་མི་ཚང་མས་བོད་ཀྱི་ཡུལ་མིའམ་སྤྱི་འབངས་གཅིག་གྱུར་ཡིན་པའི་གནས་བབ་ཀྱིས་འདྲ་མཉམ་དང༌།ཕྱར་གྲུ་མཉམ་འདེགས།ཁུར་མཉམ་ལེན་གྱི་སྒོ་ནས་གང་དགའ་ཅི་ལེགས་ཀྱི་གོ་བསྡུར་ལྷུག་པོ་བྱེད་དགོས།དེ་ཡང་དེང་རབས་སྲིད་དོན་ཚོགས་པ་ཁག་གིས་ཆབ་སྲིད་ལྟ་གྲུབ་མཁྲེགས་འཛིན་གྱིས་རྩོད་གླེང་བྱེད་པ་ལྟ་བུུ་མ་ཡིན་པར་མང་ཚོགས་ཀྱི་བསམ་འཆར་ངོ་མ་ལྷད་མེད་ཚོགས་ཆེན་གྱི་སྡིངས་ཆའི་ཐོག་གསལ་འདོན་བྱེད་དགོས།དེའི་ཐད་ཚང་མས་འབད་རྩོལ་བྱ་རྒྱུར་ངས་རེ་སྐུལ་ནན་པོ་བྱེད་ཀྱི་ཡོད།
    དམིགས་བསལ་ཚོགས་ཆེན་འདི་ནི་གོ་བསྡུར་སྦྱངས་ཤད་ཞིབ་ལྷུག་བྱས་པའི་ལམ་ནས་གཞི་རིམ་མང་ཚོགས་ཀྱི་བསམ་ཚུལ་ངོ་མ་ཇི་ཡིན་ཤེས་རྟོགས་ཡོང་ཐབས་ཁོ་ནའི་ཆེད་དུ་ཡིན་པ་ལས་ཆབ་སྲིད་ཀྱི་ཐབས་བྱུས་སམ་ཁག་དཀྲི་བྱེད་ཡུལ་ལྟ་བུའམ།ཡང་ན་ངེས་ཅན་གྱི་གྲུབ་དོན་གཅིག་གི་ཐོག་འབབ་རེ་བྱེད་པའི་མངོན་པར་མི་གསལ་བའི་དམིགས་ཡུལ་ཡོད་པ་ཞིག་གཏན་ནས་མིན་པ་འདི་ངེས་པར་ཤེས་པ་བྱེད་དགོས།
    ཏཱ་ལའི་བླ་མས་༢༠༠༨ཕྱི་ཟླ་༡༡ཚེས་༡༤ལ།

    Reply
  2. གླེན་པ་ལུག says:
    ལོ་ 17 སྔོན།

    གླེན་པ་ལུག་གིས་དྲ་བདག་ལ་དགོངས་དག་དང་ཆབས་ཅིག་༸གོང་ས་མཆོག་གི་བཀའ་སློབ་འདི་འགོད་དགོས་བྱུང་།

    Reply
  3. ཁྱུང་ལྡིང༌། says:
    ལོ་ 17 སྔོན།

    ༸གོང་ས་མཆོག་བོད་དུ་ཕེབས་ཐུབ་དགོས་ར྄ྒྱུ་དེ་དོན་དངོས་ཡིན་ནའང་། ཕེབས་ཐུབ་པའི་ཐབས་ལམ་ག་འད྄ྲ་ཤིག་དགོས་མིན་བསམ་བ྄ློ་ལ་འཁོར་གྱི་མི་འདུག་བས། དགོངས་འཆར་འདོན་པ་པོས་ལམ་ས྄ྟོན་ཞིག་གྱིས་དང་ངས་ཚོགས་ཐོག་ཏུ་བཤད་ནས་དོན་འབྲས་སོན་པ་བྱ་ཡོང༌།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese