མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཉིན་གཉིས་པར་ཉན་ཞིབ།

བོད་ཀྱི་དུས་བབ།
༢༠༠༨/༡༡/༡༩
Share on FacebookShare on TwitterShare on EmailShare on Whatsapp

ད་ལྟའི་བར་གྱི་ཐོས་ཚུལ་ལ་གཞིགས་ན་ལམ་དབུ་མ་ལ་རྒྱབ་སྐྱོེར་མེད་ཟེར་མཁན་ཐོས་ མ་སོང༌། ༧གོང་ས་མཆོག་གིས་ཕུལ་ཡོད་པའི་སྲིད་བྱུས་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད་ཅེས་ གླེང་གི་འདུག

ཕྱི་ཚེས་ ༡༨ ཉིན་འདི་གའི་གསར་འགོད་པས། ཚོགས་ཆེན་ཉིན་གཉིས་པའི་བར་གསེང་གི་གོ་སྐབས་དང་བསྟུན་ཚོགས་ཞུགས་མི་སྣ་ཁག་ཅིག་ལ་ཚོགས་ཆེན་ནང་གླེང་སློང་དང་བསམ་ཚུལ་འདོན་ཕྱོགས་ཐད་བཀའ་འདྲི་ཞུས་པར།  ཚོགས་ཆུང་ ༩ པའི་ཚོགས་ཞུགས་མི་སྣ་ཞིག་གིས། ང་ཚོའི་ཆོགས་ཆུང་ལ་མི་ ༣༩ འདུག  དེ་རིང་ཞོགས་པ་ནས་དོན་ཚན་བརྒྱད་ཀྱི་སྒང་ལ་བགྲོ་གླེང་བྱེད་བཞིན་པ་ཡིན་ལ་སྔ་དྲོ་དོན་ཚན་གཉིས་ལས་རྫོགས་མ་སོང༌། དོན་ཚན་དང་པོ། ༧གོང་ས་མཆོག་བོད་ཆོལ་ཁ་གསུམ་གྱི་བླ་ན་མེད་པའི་དབུ་ཁྲིད་ཡིན་པ་དང༌། དོན་ཚན་གཉིས་པ། ད་ལྟའི་བོད་ནང་གི་ཛ་དྲག་གི་བྱུང་རྐྱེན་གཉིས་ལས་བཤད་པའི་གོ་སྐབས་ཐོབ་མ་སོང༌། དོན་ཚན་གསུམ་པ་དེ་དབུ་མའི་ལམ་དང་རང་བཙན་གཙང་མ་གཉིས་ཀྱི་ཐོག་ལ་གྲོས་བསྡུར་བྱེད་རྒྱུ་རེད་ཅེས་དང༌།  ཡང་ཚོགས་ཆུང་ ༡༠ པའི་ཚོགས་ཞུགས་མི་སྣ་ཞིག་གིས། ང་ཚོའི་ཚོགས་ཆུང་ནང་མི་ ༣༧ ཡོད་པ་དང༌། དེ་རིང་ཞོགས་པར་ས་གནས་སོ་སོའི་མི་མང་གིས་ཁ་སང་མ་ཚར་བའི་བསམ་ཚུལ་བསྡུ་རུབ་བྱས་རྗེས།  བོད་ནང་གི་མི་མང་གིས་བཀའ་ཤག་ལ་ཕུལ་བའི་བསམ་ཚུལ་དེ་གསལ་བསྒྲགས་གནང་སོང་ལ་དེའི་རྗེས་ནས་གོ་བསྡུར་བྱེད་རྒྱུ་རེད། བོད་ནང་གི་བོད་མིའི་བསམ་ཚུལ་ནི། ༧གོང་ས་མཆོག་བོད་ནང་གདན་འདྲེན་ཞུ་རྒྱུ་དང༌། ཚོགས་པ་འདྲ་མིན་གྱི་ལངས་ཕྱོགས་སུ་མི་འགྲོ་བར་༧གོང་ས་མཆོག་གི་དབུ་མའི་ལམ་གྱི་ཐོག་འགྲོ་དགོས་པ། ༧གོང་ས་མཆོག་ལ་སྐུ་ངལ་གསོ་བའི་ཆུ་ཚོད་མང་དུ་སྤྲོད་རྒྱུའི་བསམ་ཚུལ་བཏོན་འདུག ཡང༌། ཚོགས་ཆུང་ ༨ པའི་ཚོགས་ཞུགས་མི་སྣ་ཞིག་གིས། ང་ཚོའི་ཚོགས་ཆུང་ནང་མི་ ༣༧ ཡོད། དེ་རིང་ས་གནས་ཁག་གི་སློབ་གྲྭའི་བསམ་ཚུལ་བསྒྲགས་སོང་ལ། ཤུགས་ཆེ་ཤོས་དེ་ཚོགས་མི་ ༣༧ གྱིས་མ་འོངས་པར་གང་འདྲ་བྱས་ན་བཟང་མིན་ཐོག་ལ་གླེང་སློང་བྱེད་གིན་འདུག དབུས་གཙང་ཆོལ་ཁའི་མི་མང་གི་བསམ་ཚུལ་ལ་བལྟས་ན་བརྒྱ་ཆ་བརྒྱ་ཐམ་པས་ལམ་དབུ་མར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དང༌། ཚོགས་སྡེ་དང་མི་བྱེ་བྲག་པ་མང་པོ་ཞིག་གིས་༧གོང་ས་མཆོག་དང་བོད་གཞུང་གི་ལངས་ཕྱོགས་ལ་ལས་འགུལ་སོགས་སྤེལ་བ་དེ་དག་འགྲིག་གི་མི་འདུག  ཚང་མས་ཁ་གཅིག་གྲགས་བྱས་པ་ཡིན་ན་བདེན་མཐའ་སེལ་བར་ཕན་ཐོགས་ཆེན་པོ་ཡོད་པ་རེད་ཅེས་བསམ་ཚུལ་བཏོན་འདུག་ལ། དབུས་གཙང་གི་བསམ་ཚུལ་ལྟར་ན་བོད་རྒྱ་འབྲེལ་མོལ་མུ་མཐུད་ནས་གནས་དགོས་པའི་བསམ་ཚུལ་ཡོང་གི་འདུག ད་ལྟའི་བར་གྱི་ཐོས་ཚུལ་ལ་གཞིགས་ན་ལམ་དབུ་མ་ལ་རྒྱབ་སྐྱོེར་མེད་ཟེར་མཁན་ཐོས་མ་སོང༌། ༧གོང་ས་མཆོག་གིས་ཕུལ་ཡོད་པའི་སྲིད་བྱུས་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད་ཅེས་གླེང་གི་འདུག  ཚོགས་འདུ་འདིའི་མཐའ་མཇུག་གང་འདྲ་འབྱུང་མིན་ཕལ་ཆེར་ཚོད་དཔག་བྱེད་ཐུབ་གི་རེད་བསམ། གང་ཡིན་ཟེར་ན། རྒྱ་ནག་གིས། ཕར་ཕུལ་བའི་དོན་ཚན་བཅུ་གཅིག་ཅན་གྱི་བསམ་ཐོ་ལ་འཐབ་ཕྱོགས་གཅིག་གྱུར་ཁང་གིས་ལན་བརྒྱབས་ཡོད་པ་གསལ་བོ་གསལ་རྐྱང་རེད། ༢༠༠༢ ལོ་ནས་འགྲོ་བཞིན་པའི་འབྲེལ་མོལ་ལ་ཡང་བསྐྱར་གོམ་པ་རྒྱག་ས་མེད་པ་གསལ་བོ་གསལ་རྐྱང་རེད། རྒྱ་ནག་གིས། ༧གོང་ས་མཆོག་དང་བོད་གཞུང་གིས་བཟོད་སྒོམ་དང་བློས་བཏང་གི་སྲིད་བྱུས་དེར་ལོག་འགྲེལ་ཁོ་ན་རྒྱག་བཞིན་པ་ལྟར། ང་ཚོ་མུ་མཐུད་འབྲེལ་མོལ་གྱི་ལམ་ཏུ་འགྲོ་ཐུབ་གི་མེད་པ་སོགས་རྒྱ་ནག་ལ་རང་བཞིན་གྱིས་འབྲེལ་ལམ་མཚམས་འཇོག་མི་བྱེད་ཀ་མེད་ཀྱི་གནས་རེད་བསམ། དེ་ནི་ང་ཚོས་སྒྲུབ་པ་ཞིག་མ་ཡིན་པར་རྒྱ་ནག་ཁོང་ཚོའི་ངོས་ནས་མཚམས་མ་བཞག་རང་བཞག་གི་གནས་སུ་བསྐྱལ་ཡོད་པ་རེད། ང་རང་གིས་བསམ་ན་མཇུག་སྡོམ་དེ་འདིའི་སྒང་ལ་སླེབས་གི་རེད་བསམ། ཡང་ཚོགས་ཆུང་ ༡༣ པའི་ཚོགས་ཞུགས་པ་ཞིག་ལ་དྲིས་པར་ང་ཚོར་མི་ ༣༧ ཡོད། ད་ལྟ་ང་ཚོས་དམིགས་བསལ་ཚོགས་ཆེན་གྱི་སྒྲིག་གཞི་གཞིར་བཟུང་ཐོག་གྲོས་བསྡུར་བྱེད་བཞིན་ཡོད། ད་ལྟའི་ཆར་ས་གནས་ཁག་ཚང་མས་དགོངས་ཚུལ་མུ་མཐུད་ནས་འགྲོ་གི་ཡོད་པ་རེད། དེ་རིང་ང་ཚོའི་ཚོགས་ཆུང་འདིའི་ནང་གླེང་སློང་གཙོ་བོ་དེ་བཙན་བྱོལ་སྤྱི་ཚོགས་ཀྱི་སྒྲིག་གཞི་སྲ་བརྟན་དང་ཆབ་སྲིད་ཀྱི་ལངས་ཕྱོགས། དེ་མིན་བོད་ནང་གི་བོད་མིའི་ཕྱག་ལས་གནང་བ་དེ་དག་རྒྱལ་རབས་ལོ་རྒྱུས་ནང་གསལ་བོར་འཁོད་དགོས་པའི་ཐད་ཀྱི་བསམ་ཚུལ་གླེང་གི་ཡོད་པ་རེད། གཙོ་བོ་དེ་ལངས་ཕྱོགས་ཀྱི་སྒང་ལ་ཡོང་གི་འདུག ཚོགས་ཆུང་ ༧ པའི་མི་སྣ་ཞིག་གིས། ཁ་སང་བསམ་ཚུལ་མང་པོ་གླེང་ཚར་བ་རེད། དེ་རིང་གཙོ་བོ་བགྲོ་གླེང་བྱེད་བཞིན་ཡོད་པ་དང༌། ཚོགས་ཞུགས་པ་ཚང་མས་ཆ་ཤས་ལེན་པར་རང་ངོས་ནས་ཧུར་བརྩོན་བྱེད་བཞིན་འདུག དེ་རང་ངོས་ནས་ཡག་པོ་ཞིག་མཐོང་སོང༌། མ་འོངས་སྲིད་བྱུས་ཐད་ཚོགས་ཆེན་ནས་འགྱུར་བ་གཏོང་མི་ཐུབ་ནའང༌། དེ་རིང་གཙོ་བོ་དེ་ང་ཚོས་བོད་ནང་གི་ཛ་དྲག་གི་བྱུང་རྐྱེན་དང༌། མ་འོངས་པར་གོམ་པ་གང་འདྲ་བྱས་ནས་རྒྱག་དགོས་མིན། མ་འོངས་པར་བོད་ཀྱི་གནད་དོན་དེ་རྒྱལ་སྤྱིའི་ནང་གང་འདྲ་བྱས་ནས་ནུས་པ་ཆེ་རུ་གཏོང་མིན་སོགས་ཀྱི་ཐད་གླེང་གི་ཡོད་པ་རེད་བཅས་བརྗོད་སོང་ལ། དེ་བཞིན་ལྷོ་ཕྱོགས་ནས་ཡོང་བའི་ཚོགས་མི་ཞིག་གིས། དེ་རིང་གཙོ་བོ་དེ་བོད་གཞིས་ལུས་མི་མང་གི་བསམ་ཚུལ་བསྡུ་རུབ་བྱས་པ་ཏེ་དགོངས་དོན་གང་ཡིན་མིན་དང༌། སྐུ་ཚབ་རྣམ་པས་རྒྱ་ནག་ལ་རང་སྐྱོང་སྐོར་བཏོན་པའི་དོན་ཚན་བཅུ་གཅིག་ཕུལ་བའི་སྐོར། དེ་བཞིན་རང་བཙན་དང་དབུ་མའི་རྩོད་པ་ཙམ་མ་ཡིན་པར་ཁ་ཡོད་ལག་ཡོད་ཀྱིས་མ་འོངས་ལས་དོན་བྱེད་ཕྱོགས་ཐད་ལ་གླེང་སློང་བྱས་པ་ཡིན། གཙོ་བོ་དེ་༧གོང་ས་མཆོག་ནས་མུ་མཐུད་བོད་ཀྱི་དབུ་ཁྲིད་ཀྱི་འགན་བཞེས་རྒྱུ་དང༌། སྐུ་ངལ་གསོ་བའི་དུས་ཚོད་མང་ཙམ་འབུལ་རྒྱུ། ཁོང་གིས་བོད་དེ་དུས་ནམ་ཡང་ཐུགས་རེས་མི་འདོར་བའི་ཆེད་མ་འདས་སྤྲུལ་སྐུ་དང༌། མ་འོངས་བོད་ཀྱི་དབུ་འཁྲིད་བསྐོ་ཕྱོགས་སོགས་འཕྲད་ཕུགས་རྒྱང་གསུམ་གྱི་སྲིད་བྱུས་སྲ་བརྟན་ཐོག་ལ་གྲོས་བསྡུར་ལྷུག་པོར་གནང་སོང༌། ཅེས་བརྗོད་སོང༌།

གསར་འགོད་པ། དོན་ཁོ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 5

  1. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 18 སྔོན།

    དྲ་གྲོགས་ཚོས་བསམ་ཚུལ་ཇི་བཞིན་བོད་བཙན་བྱོལ་ཚང་གི་ཚོགས་ཆེན་འདི་དུས་ཚོད་ཆུད་ཟོས་དང་ཉིན་མ་འཕྲོ་བརླག་དུ་མི་འགྲོ་བར་ཤོག ཚོགས་ཆེན་སྟེང་ནས་འདི་འདྲ་རླབས་ཆེན་གྱི་དོན་དག་རེ་བོད་མི་ཚང་གི་ཆིག་སྒྲིལ་སེམས་ཐག་གཅོད་པོ་རེ་བྱེད་ཡོང་གི་བསམ་མ་སོང་ཟེར་ནས་ཕྱི་ལོག་གི་ཉན་མཁན་བོད་མི་དམངས་དཀྱིས་མ་ཚོས་རེ་སྒུག་ལ་ཡིད་ཚིམས་པ་རེ་བྱེད་མ་ཐུབ་ཀྱང་། ཚོགས་འདུ་དེ་དེ་འདྲའི་ངང་གྲོལ་སོང་ཟེར་བ་ཞིག་མིན་པར་ཤོག ལྷག་པར་དུ་རྒྱ་ནག་སྲིད་གཞུང་དང་འབྲེལ་བ་གཅོད་རྒྱུ་ཡིན་ཟེར་མཁན་དག་གིས་བསམ་བློ་དེ་དངོས་ནས་བསྔོག་དགོས་པ་ཞིག་རེད་འདུག་ན། གསར་འགོད་པས་སྐད་ཆ་དེ་བཤད་མཁན་གྱི་མི་དེ་དག་གི་བསམ་ཚུལ་དངོས་རེད་བཀའ་འདྲི་བྱེད་ཐུབ་ན་ཡག་པོ་འདུག རྒྱ་ནག་སྲིད་གཞུང་དང་འབྲེལ་བ་མ་བྱས་པར་བོད་དོན་སྒྲུབ་ཕྱོགས་གཞན་ཞིག་ཁོང་ཚོ་ལ་ཇི་ལྟར་གནང་གི་ཡོད་ན། ང་ཚོས་དེ་ཤེས་ན་ཡག་པོ་འདུག

    Reply
  2. gangcheng says:
    ལོ་ 18 སྔོན།

    དགོངས་དག འཕྲོ་བརླག་ཏུ་བཏང་ན༌ ཆད་འདུག་

    Reply
  3. gangcheng says:
    ལོ་ 18 སྔོན།

    ཚོིགས་ཆུང་ཁག་ཅིག་ཏུ་མི་ཁ་ཤས་ཀྱིས་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་མི་གླེང་བར། གནའ་རབས་ཀྱི་ལོ་རྒྱུས་གླེང་ནས་ཆུ་ཚོད་ཆུད་ཟོས་སུ་བཏང་བའི་གནས་ཚུལ་ཞིག་ཀྱང༌འདུག དེ་ལྟར་ད་ཐེངས་ཀྱི་གལ་ཆེའི་ཛ་དྲག་གི་ཆུ་ཚོད་འདི་འཕྲོ་བརླག་ཏུ་ཕངས་པོ་མ་རེད་དམ། དེ་ནི་ད་ཐེངས་ཀྱི་ཚོགས་འདུ་སྟེང་གླེང་དགོས་པའི་གནད་དོན་ཞིག་རེད་དམ།

    Reply
  4. ཁྱུང་ལྡིང༌། says:
    ལོ་ 18 སྔོན།

    གསར་འགོད་པ་དང་བགྲོ་ག྄ླེང་མཁན་ར྄ྣམས་ལ་ཞུ་ར྄ྒྱུ། དམིགས་བསལ་ཚོགས་ཆེན་ནང་དམིགས་བསལ་ས྄ྐུ་ཚབ་མེད་དོན་བར྄ྩད་ཞིབ་བྱས་ཡོད་དམ།

    Reply
  5. གནས་ཚང་། says:
    ལོ་ 18 སྔོན།

    ངས་དོན་མཁོ་ལགས་དང་ཚེ་རིང་སྐྱིད་ལགས་ཀྱི་གསར་འགྱུར་ཀློག་ཚར་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་མཚུངས་སུ་བསམ་ཚུལ་ཞིག་ཐོན་པ་ནི་༼རྒྱ་གཞུང་དང་འབྲེལ་མོལ་མཚམས་འཇོག་གི་ཡིན་༽ཞེས་པ་དེར་གཟབ་གཟབ་བྱེད་དགོས་ཀྱི་འདུག མཚམས་འཇོག་བྱེད་ནའང་། བྱེད་སྟངས་ཡག་ཤོས་ཤིག་འཚོལ་དགོས་ཀྱི་རེད་མ་གཏོགས་རྒྱ་གཞུང་གིས་ཚུར་རྡུང་བྱེད་ཀྱི་དབྱུག་པར་འགྱུར་ཉེན་འདུག ཁ་སང་དེ་རིང་རྒྱ་གཞུང་གི་འབྲེལ་མོལ་བྱེད་མཁན་རྒྱ་མི་ཀྲུའུ་ཡང་ཧྥ་རན་སི་ན་འདུག་ལ། ཁོས་བཤད་སྟངས་ལ་གཞིགས་ན་བོད་ཕྱོགས་ནས་དེ་འདྲ་ཞིག་ཨེ་བྱེད་ལ་རེ་བཞིན་པའི་བཟོ་འདུག དེ་བས། དུས་བཀག་ཐུང་ཐུང་ཞིག་བཞག་ནས་དེའི་ནང་མ་འགྲུབ་ན། རྒྱལ་སྤྱིའི་སྒང་བཙན་བྱོལ་གཞུང་ངོས་ལེན་ཡོང་རོགས་ལ་འབད་ན། ད་གཟོད་གྲུབ་འབྲས་གང་འཚམས་ཐོན་སྲིད་ཀྱི་རེད་འདོད། མ་གཞི་ང་རང་ལ་མཚོན་ན། རྒྱལ་བོའི་རྒྱལ་ས་མ་བདེ་ན། སྤྲང་བོའི་ཉལ་ས་མི་བདེ་ཞེས་པའི་དཔེ་རང་ལས་འདའ་མེད་མོད། བསམ་ཚུལ་འདི་ཞུ་སྙམ་བྱུང་སོང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese