མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དབྱིན་ཇིས་བོད་བཙོང་བ་མ་རེད།

བོད་ཀྱི་དུས་བབ།
༢༠༠༨/༡༢/༠༢
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ལམ་ཨ་རིའི་བོད་དོན་མཁས་དབང་རོ་བྷེར་ཊི་བྷེར་ནེ་ཡིས། དབྱིན་ཇིས་བོད་རང་དགར་བཙོང་བ་རེད་དམ།ཅེས་དབྱིན་ཇིའི་གཞུང་གིས་བོད་དོན་ལངས་ཕྱོགས་ལ་འགྱུར་བ་བཏང་བའི་ཐད་སྐྱོན་བརྗོད་བྱས་ཡོད་ལ། དབྱིན་ཇིའི་ལངས་ཕྱོགས་དེས་ཐ་ན་རྒྱ་གར་དང་རྒྱ་ནག་གཉིས་ཀྱི་ས་མཚམས་རྩོད་རྙོག་ལའང་ཤུགས་རྐྱེན་ཐེབས་ངེས་པའི་སྐོར་བརྗོད་ཡོད་ལ། ཁོང་གི་རྩོམ་ཡིག་དེ་ཕྱི་ཟླ་ ༡༡ པའི་ཚེས་ ༢༥ ཉིན་ནེའུ་ཡོག་དུས་བབ་གསར་ཤོག་སྟེང་སྤེལ་ཡོད་པ་རེད།

ཕྱི་ཟླ་ ༡༢ ཚེས་ ༡ ཉིན་དབྱིན་ཇིའི་ཕྱི་སྲིད་ལས་ཁུངས་ཀྱིས། དབྱིན་ཇིའི་བོད་དོན་ལངས་ཕྱོགས། རང་སྐྱོང་དང་འགྲོ་བ་མིའི་ཐོབ་ཐང་། ཅེས་པ་ཞིག་བཀོད་དེ་རོ་བྷེར་ཊི་བྷེར་ནེ་ཡི་རྩོམ་ཡིག་དེར་ལན་འདེབས་བྱས་དོན། སྐུ་ཞབས་ རོ་བྷེར་ཊི་བྷེར་ནེ་ ཡི་སྐྱོན་བརྗོད་དེ་ནི་དྲང་པོ་མ་རེད། དབྱིན་ཇི་དང་ཨ་རི། དེ་བཞིན་འཛམ་གླིང་གང་དུའང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དེ་ནི་ངོས་ལེན་བྱེད་མི་ཐུབ་པ་ཞིག་ལ་ངོས་འཛིན་བྱེད་གི་ཡོད་ལ། སྲིད་བློན་ གྷོར་ཌོན་ བྷུ་རོན་མཆོག་གིས་ཀྱང་འདིའི་ཐད་མུ་མཐུད་ནས་རྒྱ་ནག་གཞུང་ལ་མཇུག་གནོན་བྱེད་གི་རེད་ཅེས་དང་། བོད་ཀྱི་གནད་དོན་འདིར་རྒྱུན་ཐུབ་པའི་ཐག་གཅོད་ཅིག་འཚོལ་དགོས་ན་འབྱུང་འགྱུར་ལ་ཁ་ཕྱོགས་དགོས་པ་ལས། འདས་ཟིན་པར་ཁ་ཕྱོགས་ན་འགྲིག་གི་མ་རེད། ཏཱ་ལའི་བླ་མ་མཆོག་གིས་ཀྱང་ཁོང་ལ་རྒྱ་ནག་གི་འོག་ནས་རང་སྐྱོང་དགོས་ཞེས་པ་ལས། རང་བཙན་རྩོད་གི་མི་འདུག ང་ཚོས་ཀྱང་རང་གི་ལངས་ཕྱོགས་ལ་གསར་བཅོས་བྱས་པ་ཡིན་ལ་འདི་ནི་ལམ་ཁ་ཡག་ཤོས་ཀྱང་རེད། འདིའི་གོ་དོན་ནི་ང་ཚོས་བོད་ནི་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པར་བསམ་བློ་གཏོང་གི་ཡོད། འདི་ནི་ང་ཚོས་རང་སྐྱོང་དང་འགྲོ་བ་མིའི་ཐོབ་ཐང་གི་ཐད་རྒྱབ་སྐྱོར་མཚམས་འཇོག་བྱས་པ་མིན། དྲང་མོར་བཤད་ན་ང་ཚོས་མཚམས་འཇོག་གི་མ་རེད། ཅེས་བཀོད་འདུག

ང་ཚོའི་བསྒྲགས་གཏམ་དེས་ཉེ་ཆར་གྱི་བོད་རྒྱའི་གྲོས་མོལ་དེ་བཟང་ཕྱོགས་ཀྱི་རྣམ་པར་འཕེལ་དགོས་པ་གསལ་བོར་བསྟན་ཡོད་ལ། འབྲེལ་མོལ་གྱི་སྔོན་དེར་ང་ཚོས་བསྒྲགས་གཏམ་སྤེལ་བའི་རྒྱུ་མཚན་ཡང་འདི་ཡིན། ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་རྣམ་པས་གྲོས་འཆར་པུལ་བ་གཞིར་བཟུང་གྲོས་མོལ་ནི་ཛ་དྲག་གི་ངང་ད་ཆ་ངེས་པར་བསྐྱར་མཐུད་བྱེད་དགོས་གི་འདུག རྒྱ་ནག་གིས་བསམ་བློ་གུ་ཡངས་པོའི་སྒོ་ནས་གྲོས་འཆར་འདི་དག་ལ་གཟིགས་དགོས་པ་རེད་ཅེས་བཀོད་འདུག

འབྲེལ་ཡོད་གསར་འགྱུར།

In this image received on July 27, 2026, Foreign Secretary Vikram Misri holds talks with Sun Haiyan, Vice Minister of the International Department of the Central Committee of the Communist Party of China (CPC)
Mobile App

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༧/༢༨
TT
Mobile App

བོད་མཚོ་སྔོན་གྱི་རྩི་གོར་ཐང་རྫོང་དུ་ཚད་རིམ་མི་འདྲ་བའི་ས་ཡོམ་གཉིས་བསྟུད་མར་བྱུང་།

༢༠༢༦/༠༧/༢༨
tt
Mobile App

གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གི་འཁྱོག་བརྗོད་ལ་གདོང་ལེན་དང་ཡོ་བསྲང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
Front Slider

གཞོན་ནུ་ལྷན་ཚོགས་ཀྱིས་ནེའུ་ཡོག་ཏུ་ལས་ཁུངས་བཙུགས་ཏེ་རྒྱ་ནག་གི་འགྲེལ་ལོག་ལ་གདོང་ལེན་གནང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

བླ་རུང་སྒར་གྱི་གྲྭ་ཤག་གཏོར་ཟིན་པའི་གྲྭ་བཙུན་རྣམས་རང་ཡུལ་དུ་ལོག་དགོས་པའི་བཀའ་ཁྱབ་བསྒྲགས།

༢༠༢༦/༠༧/༢༧
Front Slider

དགུང་ལོ་ ༩༨ ཡིན་པའི་ནོར་བུ་རྒྱལ་ལགས་ཐུགས་དམ་དུ་བཞུགས་ཡོད་པའི་སྐོར་ལ་བཅར་འདྲི་ཞུས།

༢༠༢༦/༠༧/༢༤

མཆན། 2

  1. གནས་ཚང་། says:
    ལོ་ 18 སྔོན།

    དེ་ངོ་མ་རེད། དབྱིན་ཇིས་ཀྱང་ཏཱ་ལའི་བླ་མ་དགག་ལན་རྒྱག་བྱེད་དུ་བཟུང་ཡོད་པས་མཚོན་ལ། མ་འོངས་པར་རྒྱ་མིས་ཀྱང་རང་བཙན་འགོག་བྱེད་ཀྱི་ལག་ཆར་འཛིན་ངེས་ཡིན་པར་མ་ཟད། བོད་མིས་ཀྱང་དོན་དག་མ་འགྲུབ་པ་ཆ་ཚང་ཁོང་གི་སྒང་ལ་གཡོགས་རྒྱུ་ཡིན་པ་གསལ་བོ་ཡིན། དེ་བས། འདི་དག་ཚང་མ་ཏཱ་ལའི་བླ་མར་དུས་རབས་ཀྱིས་བཏོན་པའི་དྲི་བ་ཡིན་ལ། རྣམ་དཔྱོད་ཀྱི་ལྕི་ཚད་གཞལ་བའི་རྒྱ་མའང་ཡིན།

    Reply
  2. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 18 སྔོན།

    རྗེས་ཕྱོགས་བོད་ཀྱི་གནད་དོན་ཀྱི་ཕྱོགས་ནས་འགྲིག་དང་མི་འགྲིག་གི་སྐད་ཆ་ཅི་ཞིག་བྱུང་ནའང་༧གོང་ས་མཆོག་གི་མཚན་གནས་ལ་འབྲེལ་རྒྱུ་ཡིན་པ་ནི་གོར་མ་ཆག དཔེར་ན། ཕྱི་རྒྱལ་བ་ཚོ་ལོས་ཀྱང་ཡིན། ཐ་ན་བོད་པ་རང་གི་ཕྱོགས་ནས་ཀྱང་གནས་སྟངས་གང་ལ་ཐུག་ནའང་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཐག་གཅོད་རོགས་ཞེས་དང་། འདི་རྒྱལ་བ་རིན་པོ་ཆེ་མཆོག་གི་དགོངས་གཞི་རེད། ཅིག་ཤོས་དེ་དགོངས་གཞི་ལ་འགལ་བ་རེད་ཅེས་བོད་དོན་ཐད་བསམ་ཚུལ་གསར་པ་དང་མ་འདྲ་བ་འཛིན་མཁན་ཚོ་ཡང་གནོན་ཅི་ཐབས་བྱས་པ་རེད། བཙན་བྱོལ་བོད་གཞུང་གི་ཕྱོགས་ནས་རང་སྲིད་རང་སྐྱོང་གི་དགོས་འདུན་འདོན་གི་ཡོད་སྟབས། དབྱིན་ཇིའི་གཞུང་ལ་ བཤད་བདེ་བོ་མེད་ནའང་། མི་སྒེར་དང་ཚོགས་པ་ཁག་གིས་ལན་འདེབས་རེ་བྱེད་དགོས་པར་འདོད། ལར་ནས་ཉེ་ཆར་གྱི་དམིགས་བསལ་ཚོགས་ཆེན་གྱི་རྗེས་ནས་ང་ཚོའི་སྤྱི་ཚོགས་ཧྲིལ་བོར་ལབ་རྒྱུ་གླེང་རྒྱུ་མེད་པ་ཞིག་བཟོས་འདུག་སྙམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese