མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཛམ་གླིང་གི་ཡང་རྩེ་ནས་ཟེགས་པ་ཞེས་པའི་བརྩམས་སྒྲུང་།

བོད་ཀྱི་དུས་བབ།
༢༠༠༨/༡༢/༡༠
Share on FacebookShare on TwitterShare on EmailShare on Whatsapp

བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གི་རྩོམ་པ་པོ་གཉོམ་ཆུང་ཤོས་དང་། སྤྱི་ཚོགས་འདིའི་རྩ་བ་ལྟར་སྐྱེས་ཤིང་འཚར་བའི་མ་རྐང་གི་མི་རབས་ཐོག་མ་སྟེ། ད་ཆར་བཙན་བྱོལ་བོད་གཞུང་གི་མགྲིན་ཚབ་པའི་ཐུགས་འགན་བཞེས་མཁན་ཐུབ་བསྟན་བསམ་འཕེལ་ལགས་ཀྱི་བརྩམས་སྒྲུང་ཐོག་མ། འཛམ་གླིང་གི་ཡང་རྩེ་ནས་ཟེགས་པ། ཞེས་པ་དེ་ད་ཆར་དངོས་སུ་དཔར་སྐྲུན་གྱིས་འགྲེམ་འཚོང་གནང་མགོ་བཙུགས་ཡོད་འདུག

ཕྱི་ཚེས་ ༩ ཉིན་གྱི་ཕྱི་དྲོ་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་ཁོང་གི་ཡིག་ཚང་ནས་སྒྲུང་རྩོམ་འདིའི་སྐོར་ལ་གསུངས་དོན། ཐོག་མར་བརྩམས་སྒྲུང་འདིས་ཁ་བྱང་གིས་བསྟན་དོན་ལྟར། སྒྲུང་འདིའི་ནང་གི་བརྗོད་བྱ་གཙོ་བོ་ནི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གི་མི་རབས་དང་པོ་སྟེ། ཕ་ཡུལ་བོད་ནས་སྐྱེས་མ་ཐག་གི་ཁ་མཚམས་དེར་གློ་བུར་དུ་ཁ་བྲལ་ཏེ་མིའི་ལུང་པར་འཐོར་མཁན་དག་གི་མི་ཚེའི་མྱོང་བ་དང་ཕུགས་བསམ་གྱི་སྐོར་ཡིན་ལ། འཛམ་གླིང་གི་ཡང་རྩེ་ནས་ཟེགས་པ་ཞེས་པའང་མི་རབས་འདི་དག་འཛམ་གླིང་གི་ཡང་རྩེར་སྐྱེས་མ་ཐག་མིའི་ལུང་པར་འཚར་ལོངས་བྱུང་དགོས་པའི་གནས་སྟངས་ཤར་ཞིང་། ཁོང་ཚོས་གནས་སྟངས་འདིའི་ཐད་རྩད་ཞིབ་བྱས་པའི་སྐོར་ཡིན་ཅེས་གསུངས་བྱུང་བས། སྒྲུང་འདིའི་ནང་དུ་བཙན་བྱོལ་བོད་མིའི་མི་རབས་དང་པོ་རྣམས་ཀྱིས་བོད་དོན་ཐད་འཁྱེར་བའི་རྣམ་འགྱུར་དང་། དཔྱད་ཞིབ། རྩོད་སྒྲུབ་བཅས་བྱས་པའི་སྐོར་བྲིས་ཡོད་འདུག

ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་གསུངས་དོན། བརྩམས་སྒྲུང་འདིའི་ནང་གི་མི་སྣ་གཙོ་བོ་ནི་ལྡི་ལི་མཐོ་སློབ་ནས་ཡིན་པའི་བཀྲ་ཤིས་ཞེས་པ་ཞིག་ཡིན་ལ། ཁོང་ནི་མཐོ་སློབ་དེར་བོད་ཀྱི་དམར་ཤོག་ཚོགས་པ་རྩ་འཇུགས་བྱེད་མཁན་གྲས་དང་ཚོགས་པ་དེའི་ཚོགས་གཙོ་ཡིན་ལ། ཁོང་ཚོས་བོད་འདི་དམར་པོའི་རིང་ལུགས་ཀྱིས་བཙན་བཟུང་བྱས་སྟབས། བོད་རྒྱ་ནག་གི་འོག་ནས་བཅིངས་འགྲོལ་གཏོང་དགོས་ནའང་དམར་ཤོག་གི་མཚོན་ཆ་དེ་རང་བེད་སྤྱོད་གཏོང་དགོས་པའི་ཡིད་ཆེས་དང་རྩོད་སྒྲུབ་བྱས་ཏེ་ཚོགས་པ་དེ་བཙུགས་པ་དང་། རྗེས་སུ་བཀྲ་ཤིས་ཁོང་གྲུབ་ཆེན་རིན་པོ་ཆེ་ཞུ་བ་ཞིག་གིས་བོད་ཀྱི་བླ་ཆེན་ཞིག་གི་ཡང་སྤྲུལ་དུ་ངོས་འཛིན་བྱས་སྟབས། བཀྲ་ཤིས་ཀྱིས་དམར་པོའི་རིང་ལུགས་དང་བོད་མིའི་སྲོལ་རྒྱུན་གྱི་ཕྱོགས་གང་ཞིག་འདེམ་པར་བསམ་བློའི་འགལ་འདུ་བྱུང་བའི་སྐོར་ཡང་བྲིས་ཡོད་འདུག

ཐུབ་བསྟན་བསམ་འཕེལ་ལགས་ཀྱི་བརྩམས་སྒྲུང་འདི་ནི་བཙན་བྱོལ་བོད་མིའི་མི་རབས་དང་པོའི་གྲས་ཀྱི་བརྩམས་སྒྲུང་ཐོག་མ་མིན་ན། བརྗོད་གཞི་ངེས་ཅན་གྱི་སྟེང་ནས་དེ་ལྟར་ཡིན་ཏེ། འདིའི་ཐད་ཁོང་གིས་གསུངས་དོན། ངའི་བརྩམས་སྒྲུང་འདི་ནི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་། གྲུབ་ཆའི་ཐད་ཞིབ་ཚགས་པོ་དང་། མི་རབས་འདི་དག་གི་ཉམས་མྱོང་སྐོར་ཞིབ་ཆའི་སྒོ་ནས་བྲིས་པའི་བརྩམས་སྒྲུང་ཐོག་མ་ཡིན་པ་འདྲ་ཞེས་གསུངས་བྱུང་།

གོང་དུ་གླེང་བ་བཞིན། ཐུབ་བསྟན་བསམ་འཕེལ་ལགས་ནི་བཙན་བྱོལ་སྤྱི་ཚོགས་ནང་འཚར་ལོངས་བྱུང་བའི་དབྱིན་ཡིག་གི་ཤེས་ཚད་མཐོ་ཤོས་ཀྱི་གྲས་ཡིན་པ་ཡོངས་གྲགས་ལྟར། ཁོང་ཉིད་ནི་མ་གཞི་ནས་སྤྱི་ཚོགས་འདིའི་ནང་གི་རྩོམ་པ་པོ་གཉོམ་ཆུང་ཞིག་ཡིན་ལ། ཁོང་གིས་དུས་ནས་དུས་སུ་ངྷ་སའི་ཉིན་ཐོ་དང་བོད་འབྲེལ་གྱི་ཆབ་སྲིད་དཔྱད་བརྗོད་སོགས་དབྱིན་ཡིག་ནང་བྲིས་ཏེ་ཕྱི་རྒྱལ་དང་བཙན་བྱོལ་བོད་མིའི་གསར་ལམ་ཁག་བཅས་སུ་འགྲེམ་སྤེལ་བྱས་དང་བྱེད་མུས་ཡིན་ལ། ཁོང་གི་བརྩམས་སྒྲུང་། འཛམ་གླིང་གི་ཡང་རྩེ་ནས་ཟེགས་པ། ཞེས་པའི་དཔེ་དེབ་དེ་ད་ཆར་ལྡི་ལིར་ཡོད་པའི་རུ་པ་དཔེ་སྐྲུན་ཁང་གིས་འགྲེམ་སྤེལ་བྱས་ཡོད་ལ། དེབ་དེར་ཤོག་ངོས་ ༣༡༨ དང་། རིན་གོང་ཧིན་སྒོར་ ༢༦༦ བྱས་ཏེ་བཙོང་གི་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

ཆུ་ཚོད་ ༢༢ སྔོན་ལ།
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

ཆུ་ཚོད་ ༢༢ སྔོན་ལ།
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 13

  1. ལྷ་རྗེ་ཨ་ཎ་རུ། says:
    ལོ་ 18 སྔོན།

    ཁ་བ་དཀར་པོ་རླུང་གིས་འདེད་དེ་གནམ་ལ་ཟེགས་ཀྱི་ཡོད་ན་མ་གཏོགས་ཆར་པའི་ཆུ་དང་ཐེགས་པ་ས་ལ་འཐོར་གྱི་འདུག་གོ།

    Reply
  2. དགྲ་འདུལ། says:
    ལོ་ 18 སྔོན།

    ང་ཚོས་དྲ་ཐོག་ནས་དྲི་བ་དྲིས་ན། རྩོམ་པ་པོ་ཁོང་གིས་ལན་གནང་མདོག་ཁ་བོ་རེད་དམ། དེ་མིན་ན་གསརའགོད་པས་ཀློག་པ་པོ་རྣམས་ཀྱི་དྲི་བ་ཁྱེར་ནས་རྩོམ་པ་པོར་འདྲི་ཐུབ་གི་ཡོད་དམ།

    Reply
  3. ཁྱུང་ལྡིང༌། says:
    ལོ་ 18 སྔོན།

    ཟེགས་པ་ནི་མར་ལྷུང་བ་ལའང་གོ་ཆོག་པས་རྩོམ་སྒྲིག་པས་བྲིས་གནང་བ་འགྲིག་འདུག

    Reply
  4. ཁ་བ་དཀར་པོ། says:
    ལོ་ 18 སྔོན།

    བོད་ས་མཐོ་འཛམ་གླིང་གི་ཡང་རྩེ་ནས་བོད་མི་རིགས་འདི་བོད་ས་ལས་དམའ་བའི་ས་ཕྱོགས་གཞན་དུ་མར་ཟགས་སོང་བ་མ་རེད་དམ། བོད་ཀྱི་ཆུ་བོ་ཆེན་པོ་དག་བོད་ས་ནས་མར་བཞུར་བཞིན་པ་མ་རེད་དམ། མར་ལ་ཟགས་དང་ཡར་ལ་ཟེགས་འབྲི་དགོས་པ་མ་ཡིན་ནམ། བོད་པ་འདི་ཚོ་འཛམ་གླིང་ས་མཐོ་ནས་ད་དུང་དེ་ལས་མཐོ་སའི་གང་ཞིག་ཏུ་ཟེགས་སོང་བ་རེད། ས་མཐོའི་ཡུལ་ནས་མར་ས་ཕྱོགས་གང་སར་ཟགས་པ་འམ་འཐོར་བ་རེད། དབྱིན་སྐད་fallingནི་བྱེད་ཚིག་ཟགས་བཞིན་པ་ལ་གོ་དགོས་འདི་ལ་རྩོད་པ་ཅི་ཞིག་འདུག གསལ་བོར་བཤད་ན་ཟེགས་ནི་གྱེན་ལ་འཐོར་བ་དང་ཟགས་ནི་མར་ལ་འཐོར་བ་ལ་གོ་བས། བོད་པ་ཚོ་འཛམ་གླིང་གི་ཡང་སྟེང་ནས་གྱེན་ལ་འཐོར་བ་རེད་དམ་ཡང་ན་མར་ལ་འཐོར་བ་རེད།

    Reply
  5. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 18 སྔོན།

    ཁ་བ་དཀར་པོ་ལགས། ཟེགས་པ་ཞེས་འབྲི་མཁན་ང་རང་ཡིན། Falling ཞེས་པ་དང་མི་རབས་འདི་དག་སོ་སོའི་ལུང་པ་ནས་ཕྱི་རྒྱལ་ཁག་ཏུ་ཁ་འཐོར་དུ་ཕྱིན་པ་ཞིག་བཤད་འདུག་སྟབས། ཟེགས་ཞེས་བྲིས་ན་འགྲིག་པར་འདོད་ཡོད། འདི་རྩོམ་པ་པོ་གྱི་སྐྱོན་མིན། ཡིན་ཡང་། ཟེགས་ལས་ཟགས་འགྲིག་དོན་ཅི་ཡིན་ནམ།

    Reply
  6. ཁ་བ་དཀར་པོ། says:
    ལོ་ 18 སྔོན།

    ཟེགས་པ་ཟེར་ན་གོ་རྒྱུ་མེད། ཟགས་པ་ཡིན་རྒྱུ་རེད། དེབ་མིང་གཅིག་གི་དག་ཆ་ལ་ཡང་གཟབ་གཟབ་གནང་མི་ཐུབ་བམ།

    Reply
  7. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 18 སྔོན།

    བོད་པ་ཚང་གི་ཤེས་ཡོན་པ་ཉམ་ཆུང་འདི་ཚོས་བོད་རང་གི་ལོ་རྒྱུས་རང་རིགས་ཀྱི་སྐད་ཡིག་ཐོག་དུ་མི་འབྲི་བ་འདི་ནི་དངོས་ནས་ཡིད་སྐྱོ་བ་ཞིག་རེད། གཞན་ཡིག་སྤྱོད་པས་བོད་པ་ཉམ་ཆུང་འདི་ཚོས་བོད་ཡིག་ལ་རིན་ཐང་ཞིག་ཡོང་གི་མི་འཇུག་དོན་གང་ཡིན་ན། ཨ་ཤུ་རེ་གོ བོད་པ་ཚང་གི་ལོ་རྒྱུས་དང་འབྲེལ་བ་ཡོད་པ་རེ་དེབ་གཟུགས་སུ་བསྐྲུན་ན་ཡང་། བོད་པ་ཚང་གི་གོ་སྐལ་དུ་མི་འགྲོ་བ་འདི་གནད་དོན་ག་རེ་ཡིན་ནམ། དྲ་གྲོགས་ཚོ་ག་རེ་དགོངས་ཀྱི་འདུག

    Reply
  8. སྐར་མ། says:
    ལོ་ 18 སྔོན།

    བཅོས་སྒྲུང་འདིའི་ནང་དུ་ཁོང་གིས་གཞུང་འབྲེལ་གྱི་གནད་དོན་མང་པོ་ཞིག་བཤད་མ་ཤེས་པར་བཅོས་སྒྲུང་གི་རྣམ་པར་སྤེལ་བ་དེ་འདྲ་ཡོད་མེད་ཤེས་སོང་ངམ། དེབ་འདི་བོད་ཡིག་གི་ནང་དུ་མེད་པ་དེས་ང་ཚོའི་ཁ་བཀག་འདུག དབྱིན་ཡིག་གི་ནང་ནས་བཀླགས་ཚར་པ་འདྲ་ཡོད་དམ།

    Reply
  9. དགྲ་འདུལ། says:
    ལོ་ 18 སྔོན།

    འདི་ནི་སྟོང་ཆ་ཞིག་བསྐངས་པ་རེད། ལྷག་པར་དུ་དགའ་ལྡན་ཕོ་བྲང་ཚང་གི་མགྲིན་ཚབ་པས་བརྩམས་སྒྲུང་ཞིག་བྲིས་ཡོད་པ་དང་། དེ་ཡང་རྒྱལ་བ་རིན་པོ་ཆེའི་རྗེས་སྙེག་ནས་བྲོས་པའི་མི་རབས་དང་པོ་དེ་ཡིན་སྟབས། དེབ་འདི་ལ་རིན་ཐང་སྣ་ཚོགས་ཤིག་ཡོད་པ་འདྲ། ང་ཚོས་འདིའི་ཐོག་ལ་ལྟ་ཞིབ་ནན་ཏན་བྱེད་དགོས་ཀྱི་འདུག ཆེད་ལས་རྩོམ་རིག་ལ་ཉམས་ཞིབ་གནང་མཁན་དང་། སྤྱི་ཚོགས་ལ་ཉམས་ཞིབ་བྱེད་མཁན། ཆབ་སྲིད་ལ་ཉམས་ཞིབ་བྱེད་མཁན་བཅས་ཚང་མར་རྒྱུ་ཆ་ཞིག་ཁ་སྐོང་བྱས་འདུག

    Reply
  10. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 18 སྔོན།

    ཁོང་ལ་གཉོམ་ཆུང་ཞེས་བོས་པ་དེ་གསར་འགོད་པ་ཞིག་གི་ངོས་ནས་བཤད་ན་ནོར་འཁྲུལ་གྱི་ཆ་ཡིན་ངེས། འོན་ཀྱང་། དངོས་ཡོད་ལ་བསྟུན་ན་ཁོང་ཉིད་ཀྱི་མི་གཤིས་དབང་གིས་གངས་སྐྱིད་ཀྱི་མི་སུས་ཀྱང་ཁོང་ལ་འདི་ལྟའི་ལྟ་སྟངས་དང་གདེང་འཇོག་ཅིག་བྱེད་གི་ཡོད་པས་དེ་ལྟར་བྲིས་པ་ལགས། དེ་མིན་གྱི་རྒྱུ་མཚན་གཞན་མེད།

    Reply
  11. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 18 སྔོན།

    བསམ་འཕེལ་ལགས་ཀྱིས་ཀྱང་ཁོང་གི་བརྩམས་སྒྲུང་འདི་བོད་ཡིག་ནང་སྒྱུར་རྒྱུར་རེ་བ་རྒྱག་གི་འདུག་ལ། དེ་བཞིན་དུ་རྒྱ་ཡིག་གི་ནང་དུའང་བསྒྱུར་ཐུབ་ན་བསམ་གི་འདུག་ཅེས་ཁོང་གིས་གསུངས་སོང་།

    Reply
  12. མྱི་སྨྱོན། says:
    ལོ་ 18 སྔོན།

    གནས་ཚུལ་བཀོད་མཁན་ལགས། ཁྱོད་ཀྱི་རྩོམ་པ་པོ་གཉོམ་ཆུང་ཤོས་ཞེས་བརྗོད་འདུག རྒྱུ་མཚན་གྱི་ཞིག་ལས་གཉོམ་ཆུང་ཞིག་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད?

    Reply
  13. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 18 སྔོན།

    བརྩམས་སྒྲུང་འདི་འདྲ་ཞིག་བྲིས་པས་དགའ་བསུ་ཡོད། འོན་ཀྱང་། རྩོམ་པ་ཁོང་གིས་བོད་ཡིག་ཤེས་ཀྱི་ཡོད་ན་བོད་ཡིག་སྟེང་དུ་བསྒྱུར་ན་དངོས་ནས་ཡག་པོ་འདུག དེ་མིན་བོད་ཀྱི་ཀྱོག་མཚམས་ཀྱི་ལོ་རྒྱུས་འདི་ཤེས་དགོས་མཁན་དེ་ནི་བོད་ཀྱི་མི་རབས་འདི་དག་ཡིན་པ་ལས། དབྱིན་ཇིའི་མགོ་སེར་དེ་དག་མིན། བོད་མིས་བོད་མིའི་སྐྱིད་སྡུག་ཤེས་ན་ད་གཟོད་རེ་བ་ནས་བརྩོན་པ་བྱེད་རྒྱུར་ཕན་དོག་ཡོད་ངེས་རེད། གལ་ཏེ། རྩོམ་པ་པོ་ཁོང་གིས་བོད་ཡིག་ལ་བསྒྱུར་ཐུབ་ཀྱི་མེད་ན། བསྒྱུར་བ་བོ་ཞིག་གིས་གང་མགྱོགས་བོད་ཡིག་དུ་བསྒྱུར་ན་ཡག་པོ་རེད། བོད་ཡིག་ཕྱུག་པོ་བཟོ་དགོས་པ་ལས། དབྱིན་ཡིག་ཕྱུག་རྒྱུ་མང་དྲགས་མེད་ན་དབུལ་དྲགས་མེད། བོད་ཡིག་ཧ་ཅང་དབུལ་བོ་ཡིན་སྟབས། ཚང་མས་བོད་བསྒྱུར་བྱེད་རྒྱུར་བརྩོན་པ་བརྟེན་དགོས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese