མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཤེས་རབ་དགའ་ཚལ་སློབ་གླིང་ལ་དགེ་རྒན་མེད་ཟེར །

བོད་ཀྱི་དུས་བབ།
༢༠༠༨/༡༢/༡༢
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདི་འགར་ངྷ་རམ་ས་ལའི་སྲང་བར་དུ་ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་མ་ཇེ་ནས་ཇེ་མང་དུ་འགྲོ་བཞིན་འདུག་ལ། སློབ་མཐར་མ་ཕྱིན་པར་རྩ་དགོངས་ཞུས་པའི་སློབ་ཕྲུག་དེ་དག་དང་འབྲེལ་ཏེ། སྤྱི་ཚོགས་ནང་གསོག་སྒར་སློབ་གྲྭའམ་ཤེས་རབ་དགའ་ཚལ་སློབ་གླིང་སྐོར་གྱི་གཏམ་གླེང་ཡང་ཇེ་མང་ནས་ཇེ་མང་རེད། སློབ་ཕྲུག་དེ་དག་ཕྱིར་བོད་ནང་དུ་ལོག་རྒྱུར་རྒྱ་ནག་གི་དམག་མིའི་མནར་གཅོད་ཡོད་པ་དང་། ངྷ་སར་སྡོད་རྒྱུར་རྒྱ་གར་གྱི་སྐོར་སྲུང་བའི་སིན་བཙེར་ཡོད་སྟབས། རེ་ཟུང་ཨ་ཆད་ཨུ་ཐུག་ཏུ་གྱུར་ཏེ་ཤེས་རིག་ལས་ཁུངས་དང་། ཐ་ན་བཙན་བྱོལ་བོད་གཞུང་ལའང་འཁང་ར་མི་བྱེད་ག་མེད་ཆགས་ཡོད་རབས་འདུག ཁོང་ཚོའི་དཀའ་ངལ་གཙོ་བོ་གཅིག་ནི། དགེ་རྒན་མེད་པའི་དཀའ་ངལ་དེ་ཡིན་འདུག གནད་དོན་དེའི་ཐད་རྒྱུས་ལོན་བྱ་ཆེད། ཕྱི་ཚེས་ ༥ ཉིན་འདི་གའི་གསར་འགོད་པ་ཤེས་རབ་དགའ་ཚལ་སློབ་གླིང་དུ་བཅར་བ་ཡིན།

གསར་འགོད་པ་ཤེས་རབ་དགའ་ཚལ་སློབ་གླིང་དུ་འབྱོར་སྐབས། སློབ་གྲྭའི་འགན་འཛིན་བུ་དྲུག་ཤཱསྟྲི་ལགས་ལས་ཤག་ཏུ་བཞུགས་འདུག་ལ། སྐབས་དེར་ངས་ཁོང་ལ་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་དང་བཅས་ང་རང་བོད་ཀྱི་དུས་བབ་གསར་ཁང་གི་འགོད་པ་ཡིན་ཞེས་ལབ་མ་ཐག ཁོང་གིས་སློབ་གྲྭའི་དཀའ་ངལ་མང་པོ་ཞིག་ངའི་མདུན་དུ་སྤུངས་མགོ་བརྩམས་སོང་། སློབ་གྲྭའི་འགན་འཛིན་གྱིས་བརྗོད་དོན། ང་རང་སློབ་གྲྭ་འདིར་འབྱོར་ནས་ཟླ་བ་བཞི་ལས་ཕྱིན་མེད། མཐུན་རྐྱེན་གྱི་དབང་གིས་ང་ཚོའི་དགོས་མཁོ་དང༌། སློབ་མའི་འདོད་བློ་དང་མཐུན་པའི་བོད་ཡིག་གི་ཚད་ལྡན་དགེ་རྒན་ཞིག་མ་རྙེད་པར་ལྷག་ཡོད་པས་སློབ་གྲྭའི་དཀའ་ངལ་ཆེ་ཤོས་འདི་ཆགས་ཡོད། ང་ཚོའི་ངོས་ནས་ཤེས་རིག་ལས་ཁུངས་ལ་དཀའ་ངལ་འདི་ཐེངས་མང་ཞུས་ཡོད་ནའང༌། ལམ་སེང་འདིའི་སྒང་ལ་དགེ་རྒན་རག་ཁག་པོ་ཆགས་ཡོད་པ་འདྲ། ད་ལྟའི་ཆར་སློབ་གྲྭར་སློབ་སྤྱི་དང་དགེ་ཆེ་སོགས་ཀྱང་ཡོད་པ་མ་རེད། སློབ་སྤྱིའི་སྐོར་ལ་ཤེས་རིག་ལས་ཁུངས་ནས་འཆར་གཞི་ཞིག་ཕུལ་ཡོད་ཚུལ་ལས་གནས་ཚུལ་གང་ཡང་མཁྱེན་རྟོགས་བྱུང་མ་སོང༌། དགེ་རྒན་མི་རག་པ་འདི་སློབ་མའི་ངོས་ནས་མིན་པར་འདི་གཙོ་བོ་དགེ་རྒན་ལ་མཐུན་རྐྱེན་ལེགས་པོ་ཞིག་སྐྲུན་མིན་ལ་རག་ལས་འདུག  སློབ་གྲྭའི་ངོས་ནས་སློབ་མར་རྒྱ་གར་གྱི་སྲིད་དོན་གནས་སྡོད་ལག་འཁྱེར་བཟོ་བཞིན་ཡོད་པ་དང༌། དབྱིན་ཇི་གོང་འཕེལ་གཏོང་བར་ཐབས་ཤེས་ཡོད་རྒུ་འདོན་བཞིན་པ་མ་ཟད། སྤྱི་ཚོགས་ཀྱི་དགོས་མཁོ་དང་རང་ཉིད་ཀྱི་མ་འོངས་འཚོ་རྟེན་ལ་དམིགས་ཏེ། སྤྱི་ཟླ་ལྔ་བ་ནས་ད་ཡོད་ཀྱི་ལག་ཤེས་ལྷ་བྲིས་དང་འཚེམ་བཟོ་ལས་གཞན། ཤེས་ཡོན་སྒྲོམ་གཞིའི་ནང་ཡོད་བསྡད་པའི་ཟ་མ་བཟོ་སྟངས་དང༌། ཤིང་བཟོ། གློག་བཟོ་སྟངས། དྲ་རྒྱ་དང་གློག་ཀླད་སྐོར་གྱི་ཤེས་བྱ། སློབ་གྲྭ་ཐོན་རྗེས་ལམ་སེང་ལས་ཀ་བྱ་ཆོག་པའི་སྐོར་གྱི་ཤེས་ཡོན་མགོ་འཛུགས་འཆར་ཡོད་ལ། ད་དུང་གསར་དུ་རྩོམ་བཞིན་པའི་ལས་འཆར་ཟླ་རེའི་སློབ་རྭའི་བོད་ཡིག་རྩོམ་རིག་ཚགས་ཤོག་ཅིག་སྤེལ་འཆར་དང༌། སློབ་མ་ནང་ཁུལ་ནས་དམིགས་བསལ་ཤེས་ཡོན་སྡེ་ཚན་ཞིག་ཀྱང་གསར་འཛུགས་གནང་ཡོད་པ་དང་ལུས་རྩལ་སོགས་སྔར་མེད་པའི་སྡེ་ཚན་མང་པོ་ཞིག་གསར་ཏུ་བཙུགས་ཡོད། ཅེས་བརྗོད་བྱུང༌།

སློབ་མའི་སློབ་སྦྱོང་དང་འབྲེལ་བའི་དཀའ་ངལ་དང་ད་ལྟའི་སློབ་སྦྱོང་གི་གནས་སྟངས་ཐད། སློབ་མའི་སྤྱ་ཁྱབ་རྒན་བདག་ཕུན་ཚོགས་ལགས་ཀྱིས་བརྗོད་དོན། སློབ་མ་ཚོར་སློབ་སྦྱོང་གི་མཐུན་རྐྱེན་ཐོག་དཀའ་ངལ་འཕྲད་བཞིན་འདུག མཐུན་རྐྱེན་གཙོ་བོ་དགེ་རྒན་རེད། དགེ་རྒན་རག་མིན་གཙོ་བོ་མཐུན་རྐྱེན་ལ་ཐུག་ཡོད་པ་རེད། མཐུན་རྐྱེན་གྱི་དབང་གིས་དགེ་རྒན་མང་པོ་ཞིག་རྩ་དགོངས་དང༌། གཏན་འཇགས་མིན་པའི་གནས་སྟངས་ཆགས་ཀྱི་ཡོད་པ་རེད། དབྱིན་ཇི་ང་ཚོས་གསར་ཏུ་སྦྱོང་བཞིན་པ་རེད། ཡིན་ནའང་བོད་ཡིག་གི་ཕྱོགས་ནས་ལག་འཁྱེར་དང་དོ་མཉམ་པ་དང༌། ང་ཚོའི་འདོད་བློར་མཐུན་པའི་དགེ་རྒན་ཁག་པོ་འདུག་ཅེས་བརྗོད་བྱུང་ལ། ཡང༌། སློབ་མ་མང་པོ་རྩ་དགོངས་ཞུ་བཞིན་པའི་ཐད་ལ་བརྗོད་དོན། དགེ་རྒན་ཡག་པོ་མེད་པ་དང་བོད་ཡིག་གི་དགེ་རྒན་ཚད་ལྡན་ཞིག་མེད་པས་སློབ་མ་མང་པོ་ཞིག་རང་བཞིན་གྱིས་སློབ་གྲྭ་ལས་ཐོན་འགྲོ་བ་དང༌། ཉེ་ཆར་མཐོ་སློབ་ཁག་ནས་ཐོན་པའི་དགེ་རྒན་ཁ་ཤས་ཡོང་ཡོད་ནའང་བོད་ཡིག་གི་ཤེས་ཚད་ཞན་པས་སློབ་མའི་བོད་ཡིག་སྦྱོང་བའི་འདུན་པ་བརླག་འགྲོ་བ་དང་རེ་བ་ཆད་དེ་ཐོན་འགྲོ་བའི་སྣང་ཚུལ་འདུག་ཟེར།

དཀའ་ངལ་འདིའི་ཐད་ཤེས་རིག་ལ་ཞུས་པའི་ཐད་ཁོས་བཤད་རྒྱུར། ང་སློབ་མའི་རྒན་བདག་ཡིན་པའི་ཆ་ནས་ཤེས་རིག་ལ་དུམ་མཚམས་ལྔ་ཅན་གྱི་སྙན་ཞུ་ཞིག་ཕུལ་ཡོད་ལ། སྙན་ཞུའི་ནང་གཙོ་བོ། བོད་ཡིག་དགེ་རྒན་ཡག་པོ་ཞིག་གང་མགྱོགས་མངགས་གཏོང་གནང་དགོས་ཚུལ་དང༌། ལྷ་བྲིས་སྡེ་ཚན་གྱི་སློབ་མ་སུམ་ཅུ་ཟླ་བ་བཞིའི་རིང་དགེ་རྒན་མེད་པར་ལྷག་བསྡད་ཡོད་པ་འདི་དག་གི་ཆུ་ཚོད་འཕྲོ་བརླག་མི་གཏོང་བར་ཐུགས་བསམ་བཞེས་དགོས་སྐོར། དགེ་ཆེ་དང་སློབ་སྤྱི་མེད་པར་འགན་འཛིན་གཅིག་པུས་དགེ་རྒན་གྱི་དོ་དམ་དང་སློབ་མའི་སློབ་གསོ་སོགས་ལ་འགན་ཁུར་ནས་ཟླ་བ་བཞི་ལྷག་འགྲོ་བཞིན་པའི་སྐོར་ཕུལ་ཡོད་མོད། ད་ལྟའི་ཆར་སུ་དང་གང་གིས་དགེ་ཆེ་དང་སློབ་སྤྱིའི་ཐད་བརྡ་ལན་ཅི་ཡང་མེད་པར་ལྷག་ཡོད། གཞན་ངས་ང་ཚོའི་སློབ་གྲྭར་དམིགས་བསལ་གྱི་ལྟ་རྟོག་བྱ་དགོས་སྐོར་དང༌། མཐའ་མར་སློབ་མ་ཡོངས་ཀྱི་རེ་བ་བཞིན་ཤེས་རིག་ལས་ཁུངས་ཀྱི་ལས་བྱེད་མི་སྣ་དངོས་སུ་སློབ་གྲྭར་ཕེབས་ཏེ་སློབ་གྲྭའི་འཐུས་ཤོར་གྱི་གནད་དེ་ལ་བལྟ་སྐྱོང་དང་ཚོད་ལྟ་ཞིག་བྱ་དགོས་ཀྱིན་འདུག་ཅེས་ཀྱང་ཞུས་ཡོད། ད་ལྟའི་ཆར་སྙན་ཞུ་ལ་བརྡ་ལན་ཅི་ཡང་མེད་པ་མ་ཟད་ལོ་གཅིག་རིང་མི་སྣ་གཅིག་ཀྱང་སློབ་གྲྭར་བཅར་མ་སོང༌། དེ་བས། སློབ་མའི་ནང་ཁུལ་ཏུ་ལོ་སྔོན་མའི་རྩ་འཛུགས་ལམ་སྟོན་གྱི་གནད་དོན་ལས་ཤེས་རིག་གིས་ང་ཚོར་མི་དགའ་བ་དང་ངན་སེམས་བཅངས་གི་ཡོད་པའི་བསམ་ཚུལ་ཤུགས་ཆེན་འབྱུང་གི་འདུག གང་ལྟར་ལོ་གཅིག་རིང་སློབ་གྲྭའི་སློབ་གསོའི་ཕྱོགས་ནས་ལྟ་རྟོག་བྱེད་མཁན་གཅིག་ཀྱང་སླེབས་མ་སོང༌། འགན་འཛིན་ངོས་ནས་དགེ་སློབ་མཉམ་འབྲེལ་དང་སློབ་མའི་དཀའ་ངལ་སེལ་བ་ལས། ང་ཚོའི་དཀའ་ངལ་བཤད་སའི་ཤེས་རིག་གི་ངོས་ནས་ད་ལྟའི་བར་འགྲེལ་བཤད་རྒྱག་མཁན་ཞིག་ཀྱང་སླེབས་མ་སོང་བས་ཧ་ཅང་བློ་ཕམ་གྱི་གནས་རེད་ཅེས་བརྗོད་བྱུང༌།

ཕྱི་ཚེས་ ༨ ཉིན་འདི་གའི་གསར་འགོད་པས་ཤེས་རབ་དགའ་ཚལ་སློབ་གླིང་ལ་སློབ་སྤྱི་དང་དགེ་ཆེ་མེད་པའི་དཀའ་ངལ་དེའི་སྐོར།  བོད་གཞུང་ཤེས་རིག་ལས་ཁུངས་སུ་བཅར་ཏེ། ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིགས་མཆོག་ལ་བཀའ་འདྲི་ཞུས་པར་ཁོང་གིས་གསུངས་དོན། ཤེས་རབ་དགའ་ཚལ་སློབ་གླིང་ལ་དགེ་རྒན་གང་འདྲ་བྱས་ནས་རག་གི་མེད་པའི་སྐོར་ངས་ཤེས་ཀྱིན་མེད། ཡིན་ནའང་ང་ཚོས་གསལ་བསྒྲགས་བྱས་ཀྱང་དགེ་རྒན་ཡོང་མཁན་རག་གི་ཡོད་པ་མ་རེད། དགེ་རྒན་མི་རག་པའི་རྒྱུ་མཚན་དེ། ང་ཚོས་དགེ་རྒན་ཡོང་བར་ཆ་རྐྱེན་འདོན་གྱི་ཡོད་པ་དང༌། ཆ་རྐྱེན་དེ་དག་ཚང་མཁན་རག་ཁག་པོ་ཆགས་ཡོད་པ་རེད། དགེ་རྒན་ཞིག་མཁོ་བ་ཙམ་གྱིས་ནང་ཏུ་བཅུག་བཞག་ན། ད་ལྟའི་སློབ་མའི་དཀའ་ངལ་བཞིན་ཕན་ཐོགས་ཀྱི་ཡོད་པ་མ་རེད། དགེ་རྒན་གྱི་མཐུན་རྐྱེན་ཐད་རྩ་འཛིན་ལམ་སྟོན་གཞིར་བཟུང་ཐོག་སམ་བྷོ་ཊ་དང་གཅིག་མཚུངས་ཀྱི་མཐུན་རྐྱེན་སྤྲད་ཡོད་པ་རེད། ཅེས་གསུངས་སོང༌།

ཡང་ཤེས་རིག་གི་ངོས་ནས་གཞི་རིམ་སློབ་གྲྭ་ཁག་ཏུ་ཟླ་རེའི་ནང་སློབ་མའི་སློབ་སྦྱོང་དང་དགེ་རྒན་གྱི་སློབ་ཁྲིད་ཐད་ལྟ་རྟོག་བྱེད་ཀྱིན་ཡོད་མེད་དྲིས་པར། ཁོང་གིས། སློབ་གྲྭའི་ནང་སློབ་སྤྱི་དང་དགེ་ཆེ་སོགས་ཡོད་པ་རེད། ང་ཚོས་དུས་ནས་དུས་སུ་གང་འདྲ་བྱེད་ཀྱིན་ཡོད་མེད་དང་གང་འདྲ་བྱ་དགོས་མིན་གྱི་སྐད་ཆ་དུས་རྒྱུན་ཏུ་དྲིས་བསྡད་ཡོད་པ་ལས། ལས་ཁུངས་རང་ནས་དམིགས་བསལ་འགྲོ་ཐུབ་ཀྱིན་ཡོད་པ་མ་རེད། ཤེས་རབ་དགའ་ཚལ་སློབ་གླིང་ལ་སློབ་སྤྱི་དང་དགེ་ཆེ་མེད་པ་དེ་ཁོང་ཚོས་བཟོས་པ་རེད། ཉེ་སྔོན་གྱི་རྩ་འཛུགས་ལམ་སྟོན་གྱི་རྙོག་དྲའི་ཐོག་སློབ་སྤྱི་འགྲོ་དགོས་བྱུང་བ་རེད། དཀའ་ཁག་ཡོད་ཚད་སློབ་གྲྭ་ནས་ཡོང་བ་རེད་ཅེས་ལབ་མི་ཐུབ་ནའང་དཀའ་ངལ་ཁ་ཤས་ཤིག་སློབ་གྲྭ་རང་ནས་ཐོན་ཡོང་གི་ཡོད་པ་རེད། ང་ཚོའི་ངོས་ནས་སྡུག་པའི་ལས་ཀ་བྱེད་ཀྱི་མ་རེད། ལྷག་པར་ཏུ་ཚང་མ་བོད་ནས་ཡོང་བ་ཡིན་པས་ང་ཚོས་ལྟ་སྐྱོང་བྱ་དགོས་པ་རེད། ཡིན་ནའང་ཁོང་ཚོ་སླེབས་པ་ནས་ཤེས་རིག་ལ་བལྟ་སྟངས་མི་ལེགས་པ་དེ་འདྲ་བཟུང་གི་ཡོད་པ་རེད། ང་ཚོའི་ངོས་ནས་ད་ལྟ་སློབ་སྤྱི་དང་དགེ་ཆོས་གཉིས་ཀྱི་ཐད་ལ་བསམ་བློ་མང་པོ་གཏོང་གི་ཡོད་པ་རེད། རག་གི་ཡོད་པ་མ་རེད། ཅེས་བརྗོད་བྱུང༌།

ཡང༌སློབ་གྲྭ་གཞན་ནང་དགེ་རྒན་འཛུལ་གང་ཐུབ་བྱེད་ཀྱི་ཡོད་པ་དང༌། ཤེས་རབ་དགའ་ཚལ་སློབ་གླིང་ལ་དགེ་རྒན་མི་རག་པའི་དཀའ་ངལ་ཐད་དྲིས་པར། ཁོང་གིས། རང་ཉིད་འཛུལ་སའི་ཁུངས་དང་བསྡད་སའི་ཁོར་ཡུག་ལ་ཁྱད་པར་ཆེན་པོ་ཡོད་པ་རཻད། སློབ་གྲྭ་གཞན་ནང་སློབ་སྦྱོང་ཁོ་ན་ལས་ཆབ་སྲིད་ཀྱི་ལས་ཀ་བྱེད་མཁན་ཡོད་པ་མ་རེད། ཤེས་རབ་དགའ་ཚལ་སློབ་གླིང་ནང་གང་ལ་གང་འཚམ་བྱེད་ཀྱིན་ཡོད་པ་དེས། མིའི་སེམས་མ་བདེ་བ་དང་མ་སྐྱིད་པ་མང་པོ་ཡོང་གི་ཡོད་པ་རེད། སློབ་གྲྭ་རང་གི་ལོ་རྒྱུས་ཕྱིའི་མི་ཚང་མས་གོ་བསྡད་ཡོད་པ་རེད། བོད་ཁྱིམ་དང་སམ་བྷོ་ཊའི་སློབ་མ་ཡིན་ན་སློབ་སྦྱོང་ཁོ་ན་ལས་བསམ་བློ་གཞན་གཏོང་གི་ཡོད་པ་མ་རེད། དགེ་རྒན་ཡིན་ན་སློབ་ཁྲིད་ཁོ་ན་ལས་གཞན་ལ་བསམ་བློ་གཏོང་གི་ཡོད་པ་མ་རེད། དེའི་དབང་གིས་གནས་ཚུལ་མང་པོ་ཕྱིའི་མིའི་གོ་གྱིན་ཡོད་པ་དང་དེའི་དཀའ་ངལ་འཕྲད་ཀྱིན་ཡོད་པས་ཡོང་མཁན་རག་གི་ཡོད་པ་མ་རེད། དེ་བས་ངས་ཚགས་པར་བརྒྱུད་སློབ་མ་ཚོར་སློབ་སྦྱོང་རང་གི་སྟེང་ལ་ཤུགས་རྒྱག་པ་ལས་ཆབ་སྲིད་ཚོགས་པ་འདྲ་མིན་གྱི་སྒང་ལ་མི་འགྲོ་བ་དེ་གལ་ཆེན་པོ་རེད་བསམ། སློབ་གྲྭའི་ནང་སློབ་སྦྱོང་གི་ཁོར་ཡུག་ཅིག་བཟོ་དགོས་རྐྱེན་ཆབ་སྲིད་ཚོགས་པ་འདྲ་མིན་ལ་མགོ་འཁོར་ན་བསམ་བློ་མང་པོ་གཏོང་དགོས་སྟབས་ཚོགས་པ་འདྲ་མིན་མེད་པའི་སྟེང་ནས་བོད་གཞུང་གི་ལངས་ཕྱོགས་དང་མཐུན་པའི་སྒོ་ནས་སློབ་སྦྱོང་བྱ་རྒྱུ་དེ་གལ་ཆེན་པོ་རེད་ཅེས་གསུངས་སོང༌།

 

 

འབྲེལ་ཡོད་གསར་འགྱུར།

Advertisement for App

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུ།

ཆུ་ཚོད་ ༧ སྔོན་ལ།
Photo Credit: The European Parliament
༸གོང་ས་མཆོག གསར་འགྱུར།

རྒྱ་ནག་གཞུང་གིས་སྐུའི་ཡང་སྲིད་ལ་ཐེ་ཇུས་བྱེད་མཚམས་འཇོག་དགོས་པའི་སྐུལ་མ་བྱས།  

ཆུ་ཚོད་ ༨ སྔོན་ལ།
བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༠༧།༠༥
༸གོང་ས་མཆོག གསར་འགྱུར།

བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

ཆུ་ཚོད་ ༩ སྔོན་ལ།
The BBC visited the Kirti monastery in Aba as the Dalai Lama turned 90
Mobile App

༧སྐུའི་གོ་སྟོན་དང་འབྲེལ་བོད་ནང་དུ་དམ་དྲག་ཤུགས་ཆེན་བྱེད་བཞིན་འདུག

༢༠༢༥/༠༧/༠༤
རྒྱ་གཞུང་གིས་རེབ་གོང་གི་དྲུག་པའི་ཀླུ་རོལ་གྱི་དུས་ཆེན་བཀག་འགོག་བྱས་འདུག ལྷ་སྲས་བསོད་ནམས་ཀྱི་པར། ༢༠༢༥།༧།༤
Mobile App

རྒྱ་གཞུང་གིས་རེབ་གོང་གི་དྲུག་པའི་ཀླུ་རོལ་གྱི་དུས་ཆེན་བཀག་འགོག་བྱས་འདུག

༢༠༢༥/༠༧/༠༤
༧གོང་ས་མཆོག་ལ་ཆོས་ཚོགས་ཐེངས་བཅོ་ལྔ་བའི་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་སྙན་སེང་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༧།༤
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ལ་ཆོས་ཚོགས་ཐེངས་བཅོ་ལྔ་བའི་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་སྙན་སེང་ཞུས།

༢༠༢༥/༠༧/༠༤

མཆན། 5

  1. གཞིས་ལུས་བོད་པ། says:
    ལོ་ 16 སྔོན།

    གཞུང་གི་ལས་བྱེད་དེ་ཚོས་ཅི་ལས་ཀྱིན་ཡོད་པ་རེད། སློབ་གྲྭ་ལ་དགེ་རྒན་མེད་པ་ནི་བྱ་བའི་འཐུས་ཤོར་ཆེ་ཞིག་མིན་ནམ།

    Reply
  2. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    འདི་ན་ས་མཚམས་ཤིག་བཟོས་འདུག འདི་ནི་བོད་གཞུང་གི་ནོར་འཁྲུལ་ཡིན་ནམ། ཤེས་རབ་དགའ་ཚལ་སློབ་གླིང་ནི་བོད་གཞུང་གི་མངའ་ཁོངས་ཀྱི་སློབ་གྲ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་དམ། གལ་ཏེ་དེ་ཡོད་ན། ག་རེ་བྱས་དེ་སློབ་ཕྲུག་དག་གི་བསམ་ཚུལ་ལ་ཞིབ་འཇུག་མི་བྱེད་པ་གང་ཡིན་ནམ། དངོས་ནས་འཐུས་ཤོར་ཟེར་བ་འདི་ལ་ཡང་ས་མཚམས་ཤིག་ཡོད་པ་རེད་དམ། གང་ལྟར། བོད་བཙན་བྱོལ་ནང་གི་སློབ་གྲ་ཡོད་ཚད་ལ་བོད་གཞུང་གི་འགན་ལེན་བྱེད་ཀྱི་ཡོད་མེད་དེ་ནི་གསལ་བོ་ཤེས་དགོས་པའི་གནད་དོན་ཞིག་རེད་འདུག

    Reply
  3. ཁྱུང་ལྡིང༌། says:
    ལོ་ 17 སྔོན།

    ཤེས་རིག་བཀའ་བློན་གྱིས་དགེ་ཆེ་དང་སློབ་སྤྱི་མ་རེག་པའི་ལན་པ་སློབ་མ་ཚོར་ཡོད་སྐད་དང༌། ཁོ་ཚོས་སྲིད་དོན་འཁྲབ་ཀྱི་ཡོད་སྐད། བོད་གཞུང་ཤེས་རིག་ལས་ཁུངས་ལ་དེང་དུས་སེམས་ཁམས་རིག་པའི་རིགས་གཅིག་རྐང་འཛིན་གྱི་སློབ་ཐོན་ཅན། མདུན་ལམ་སློབ་སྟོན་པ་ཟེར་བ་ཁག་གཅིག་ཡོད་སྐད་འདུག་ཀྱང་ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་མ་ཚོའི་སེམས་ཁམས་ལ་ཚོད་དཔག་ཐུབ་མཁན་ཞིག་ད་བར་བྱུང་ཡོད་ཚོད་མི་འདུག་ལ། ད་དུང་ཡང་འབྱུང་དཀའ་བ་མ་ཟད། འདི་ལྟ་བུའི་རིགས་གཅིག་རྐང་འཛིན་ཅན་ཡོད་ཀྱང་ཕན་ཐོགས་དཀའ་འདུག དབུ་འཛིན་རྣམས་ནི་དམག་དཔོན་ཟུར་པ་ཁག་ཅིག་མུ་མཐུད་བཀོད་སྒྲིག་བྱས་ནས་ཁོང་རྣམས་ཀྱིས་དམག་མིའི་ནང་མི་ལོ་བཅུ་ཕྲག་འགར་སྦྱོང་བརྡར་བྱས་པ་རྣམས་ཀྱང་རྒྱ་ནག་ཐོག་བེད་སྤྱོད་གཏོང་ས་མ་རེག་ནས་འདི་གའི་སློབ་མ་རྣམས་ལ་བེད་སྤྱོད་གཏོང་བཞིན་ཡོད་སྐད་ཀྱང་འདུག སློབ་མ་ཚོས་ཟེར་ན་ཤེས་རིག་ནས་མ་དགའ་བ་གནང་སྐད། དོན་དངོས་འབྲེལ་ཡོད་དབུ་ཁྲིད་ལོ་གཅིག་ནང་སློབ་གྲྭར་ཕེབས་མེད་པ་དངོས་བདེན་ཡིན་ན་དེ་ཡང་ལོ་སུམ་ཅུ་ལ་ཕྱི་མིག་བལྟ་མི་དགོས་པར་ལོ་གཅིག་ནང་གི་འཐུས་ཤོར་ངོ་མ་ཞིག་རེད། ཉེ་ཆར་སློབ་གྲྭ་གཞན་དག་གི་ལོ་སུམ་ཅུའི་འཐུས་ཤོར་ཁ་གསབ་ཆེད་གྲ་སྒྲིག་གིས་ཚོགས་འདུ་ཤིག་ཚོགས་ཡོད་པར་གྲགས་ཀྱང་ཤེས་རབ་དགའ་ཚལ་སློབ་གླིང་ལ་འཐུས་ཤོར་ཕྱིན་པ་དེའི་སྐོར་གླེང་སློང་བྱས་ཡོད་ཚུལ་གོ་མ་བྱུང༌།

    Reply
  4. སྟག་སྨྱོན། says:
    ལོ་ 17 སྔོན།

    སྐལ་མེད་སར་སྐེ་སྲིང་ཟེར་བའི་དཔེ་རེད་དེ། གང་ན་དཀའ་ངལ་ཡོད་ན་དེ་ལ་སེམས་ཁུར་དང་ཇུས་གཏོགས་བྱེད་དགོས་པ་ངའི་གཤིས་ཀ་ཡིན། གནས་ཚུལ་འདི་ཐོས་པ་དང་སེམས་པ་སྐྱིད་པོ་མི་འདུག བཀའ་བློན་གྱི་གསུངས་པ་དེ་ངོ་མ་བདེན་པ་མཐོང་གི་འདུག སློབ་ཕྲུག་རང་གི་ངོ་བོར་གནས་ཐབ་པ་ཡིན་ན་དཔེ་ཡག་པོ་ཡོང་ས་རེད། སློབ་གྲྭ་འདི་བོད་ཡིག་གཙོ་བོ་སྦྱོང་ས་མིན་པ་དང་། ལྷག་པར་དུ་བོད་ནས་གསར་དུ་འབྱོར་མཁན་ཚོར་བོད་ཡིག་གི་སློབ་ཁྲིད་གལ་ཆེན་པོ་རེད་བསམ་གྱི་མི་འདུག དབྱིན་ཡིག་གི་སློབ་ཚན་གལ་ཆེ་བ་མཐོང་གི་འདུག དེའི་ཕྱིར་གནས་སྐབས་བོད་ཡིག་དགེ་རྒན་ཚད་ལྡན་མེད་པར་རྙོག་དྲ་མང་པོ་མི་བཤད་པར། སློབ་མཚན་གཞན་པ་ཚོ་ལ་ཡག་པོ་སྦྱང་ནས་འདུག་རྒྱུ་གལ་ཆེན་པོ་རེད།

    Reply
  5. སྟག་སྨྱོན། says:
    ལོ་ 17 སྔོན།

    བོད་ནས་ཡོང་མཁན་མང་པོ་ཞིག་ལོ་དགའ་རབས་ཆེན་པོ་རེད། ཁོང་ཚོ་བོད་ཀྱི་སྤྱི་ཚོགས་ནང་འཚར་ལོང་བྱུང་བ་ཡིན་ཙང་བོད་སྐད་ཀྱི་ཆུ་ཚད་འོས་མཚམས་ཡོད་པ་བདེན་པ་རེད། གལ་སྲིད་བོད་ཡིག་སྦྱང་དགོས་ཀྱི་མེད་ན། དབྱིན་ཡིག་སྦྱང་ཞོར་ལ་འདོད་པ་ཁེངས་ནས་བཀའ་དྲིན་དྲན་བཞིན་ཡ་རབས་བྱས་ནས་འདུག་དགོས་རྒྱུ་དེ་གལ་ཆེན་པོ་རེད། བོད་གཞུང་ཡང་སྐྱབས་བཅོལ་རེད། གཞུང་ལ་དཀའ་ངལ་ཡོད་པ་རེད། དཔེར་ན་ལུང་པ་གཞན་གྱི་ནང་གནས་ཡོད་སྟབས་འཚོ་བ་དང་ཁོར་ཡུག་སོགས་ཀྱི་དབང་གིས་བོད་སྐད་ཀྱི་ཆ་ནས་གསར་འབྱོར་ཚོ་ནང་བཞིན་མེད་པ་ཤེས་གསལ་རེད། དེ་ནི་ཁོར་ཡུག་གི་དབང་གིས་ཡིན་པ་སློབ་ཕྲུག་ཚོར་ངོས་ཟིན་དང་བསམ་ཤེས་ཐུབ་རྒྱུ་གལ་ཆེན་པོ་རེད། སྤྲོ་སྤྱིད་ལྡན་པའི་སློབ་གྲྭའི་ཁོར་ཡུག་ཅིག་འགྲུབ་ཐུབ་མིན་སློབ་ཕྲུག་ཚོ་ལ་རག་ལས་པ་རེད། སྦེར་སློབ་གྲྭ་ལ་ཆབ་སྲིད་ཀྱི་རྙོག་དྲ་བྱུང་ནས་སྤྱི་སྒེར་གཉིས་ལ་དཀའ་ངལ་ཆེན་པོ་བྱུང་མྱོང་ཡོད་པ་རེད། ངའི་རེ་བར་སློབ་ཕྲུག་ཚོས་དབྱིན་ཡིག་ཡག་པོ་སྦྱང་ཞོར་ལ་ཡ་རབས་བྱས་ནས་འདུག་ཐུབ་པའི་རེ་བ་ཡིན། སོ་སོས་ག་རེ་མི་ཤེས་ན་དེ་སྦྱོངས་ཆོག་གི་རེད། ངས་བོད་ཡིག་ཤེས་ཀྱི་ཡོད་ཟེར་ནས་རྙོག་དྲ་བཤད་རྒྱུ་ཡོད་པ་མ་རེད། ཕྱི་རྒྱལ་ཤོག་བོད་ཡིག་ཤེས་མི་ཤེས་འདྲི་མཁན་མི་འདུག རང་གིས་ཤེས་པ་སེམས་ལ་ཉར་ནས་བེད་སྤྱོད་གཏོང་སའི་གོ་སྐབས་ཤིག་ལ་སྒུག་ཆོག་གི་རེད། སྐུ་ངོ་བཀའ་བློན་གྱི་གསུངས་པ་དེ་ཐད་ཀར་དང་བདེན་པ་མཐོང་གི་འདུག
    དེ་རིང་ཐེ་ཝན་ནས་བོད་མི་ཞིག་གིས་རང་ཚོད་མ་ཟིན་པར་སྐད་བརྒྱབ་ནས་འབྲེལ་ཡོད་དཔོན་པོར་ཕོག་ཐུག་བྱང་བ་དང་། བོད་མི་སྐྱབས་བཅོལ་བ་ཚོར་ཉེན་བརྡ་བཏང་བའི་གནས་ཚུལ་སྐྱོ་ཞིག་ཀྱང་གོ་སོང་། གང་ལ་སོང་ཡ་རབས་ཉམས་ཆུང་བྱེད་རྒྱུ་རང་གཞན་གཉིས་སྐྱིད་ཀྱི་འབྱུང་ཁུངས་རེད། བོད་ཡིག་ཤེས་མཁན་ཚོས་སྐད་མང་པོ་བརྒྱབ་ན་དག་དག་ཆགས་ཡོད་པ་མ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese