མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ནང་མི་དང་སྐུ་མགྲོན།

བོད། ཤ་ཁྲག་རུས་གསུམ།
༢༠༠༨/༡༢/༢༧
Share on FacebookShare on TwitterShare on EmailShare on Whatsapp

ནང་གི་ཨ་མ་ལོ་ན་དྲུག་བཅུ་མ་ཟིན་པ་དེའི་ཐབ་ཚང་དུ་བྱ་ཤ་ཞིག་བཀྲུ་བཞིན་འདུག་ལ། དེ་ནི་དོ་ནུབ་ཀྱི་དགོང་ཟས་བཟོ་བྱེད་རེད་འདུག་ལ། སྐུ་མགྲོན་མ་བུད་མེད་རྒྱགས་པ་དེའི་ཐབ་ཚང་ནང་དུ་གྲང་ཚལ་ཞིག་བཟོ་བཞིན་ཞོར་དུ། ཀ་ར་དང་ཚ་སྣོད་གསར་བ་ཞིག་བརྗེ་བོ་བརྒྱབ་ནས། ཕར་ཕྱོགས་ཀྱི་རྐུབ་སྟེགས་རིང་བོ་དེའི་ཟུར་དུ་བསྡོད་པའི་ཕོ་གསར་དེ་ལ་འདི་ཚ་ཡིན། འདི་ཀ་ར་ཡིན་བཤད་དུས། ཕོ་གསར་དེའི་ངས་མ་ཤེས་ན་བྲོ་བ་བལྟས་ཆོག ཟེར་ནས་དགོད་ཤོར་དུ་ལན་བཏབ། ད་ནི་ཐབ་ཚང་ནང་དུ་གངས་འཚོའི་གྲོགས་མོ་གཟུགས་རིང་མ་ཡང་ཐབ་ཚང་ནང་གི་ལས་རོགས་སུ་ཞུགས་འདུག ལོ་ན་དྲུག་བཅུ་ལས་བརྒལ་བའི་ཨ་མ་དེའི་ཅོག་རྩེ་སྟེང་ཤེལ་ཕོར་དང་དཀར་སྡེར་སོགས་འཇོག་བཞིན་འདུག

སྐུ་མགྲོན་བུད་མེད་རྒྱགས་པའི་བུ་མོ་ཆེ་བས་ཐང་ཚང་ནང་དུ་ཨ་མ་ལ་རོགས་བྱས་དེ་སྔོ་ཚལ་གཏུབ་བཞིན་འདུག བུ་མོ་ཆུང་བ་དེས་ནང་གི་ཕོ་གསར་དེའི་ལག་ཁྱེར་གློག་ཀླད་ནང་རྩེད་མོ་རྩེ་བཞིན་རྣ་མཆོག་ནང་དུ་སྒྲ་འཛིན་སྐུད་པ་ཞིག་བཅུགས་དེ་འཇིག་རྟེན་གཞན་ཞིག་དུ་འཚོ་བ་ལྟར་ཁུ་སིམ་མེར་འདུག

ཕོ་གསར་དེའི་ནང་གི་སྐུ་མགྲོན་བུད་མེད་རྒྱགས་པ་དེ་དང་བུ་མོ་ཆེ་ཆུང་གཉིས། སྐུ་མགྲོན་བུ་མོ་གཟུགས་རིང་མ་བཅས་ཀྱི་ག་རེ་བྱེད་བཞིན་པར་བལྟས་དེ་རྐུབ་སྟེགས་རིང་བོ་དེའི་ཟུར་ན་ཁ་རོག་གེར་བསྡད་འདུག་ལ། ནང་འདིར་ཁོ་རང་མ་གཏོགས་བུ་ཞིག་མེད་པ་དང་བུད་མེད་ཆེ་ཆུང་སྡོམ་ན་དྲུག་འདུག སྐབས་དེར་ཕོ་གསར་དེའི་བསམ་པར་འཛམ་གླིང་འདིར་བུ་ལས་བུད་མེད་མང་བ་ཡིན་ནམ། ང་རང་བསྡོད་སའི་ཁང་བ་འདིར་བུད་མེད་མང་ཡིན་ནམ་སྙམ་ཞོར་དུ་བུད་མེད་དེ་དག་གི་ག་རེ་བྱེད་བཞིན་པའི་ཚུགས་ཀ་བལྟས་དེ་ཁུ་སིམ་མེར་འདུག ད་ནི་ག་ལེར་ནང་འདིའི་མི་ཚང་མ་ལྷོད་དུ་འབབ་བཞིན་དགོང་ཟས་ལ་རོལ་བར་སྒུག

ཨ་མ་རྒན་མོ་དེ་ཕོ་གསར་དེའི་འཁྲིས་སུ་ཡོང་ནས་རྐུབ་སྟེགས་སྟེང་བཙོག་ནས་ཉིན་རེའ་ཚགས་པར་ཀློག ཐབ་ཚང་ནང་དུ་གངས་འཚོ་དང་གངས་འཚོའི་གྲོགས་མོ་གསུམ་ནས་ཁ་ལག་བཟོ་ཞོར་དུ་གཏམ་གླེང་འདྲ་མིན་བྱེད་བཞིན་ཞོར་དུ་ཐབ་ཚང་ནང་གི་ཅ་ལག་ཁ་ཤས་ཤིག་གཙང་བ་བཟོ་བཞིན་འདུག

བུ་མོ་ཆུང་བ་གཙང་སྤྱོད་དུ་སོང་ཤུལ་ནས་བུ་མོ་ཆེ་བ་ལག་ཁྱེར་གློག་ཀླད་དུ་རྩེད་མོ་རྩེ་བར་མགོ་བཙུགས་སོང་། ཨ་མ་དེའི་ཉིན་རེའི་ཚགས་པར་ཀློག་མཚམས་བཞག་ནས་ཐབ་ཚང་དུ་སོང་ནས་བྱ་ཤ་ཚོས་ཡོད་མེད་ལ་བལྟ་ཞོར་དུ་ཐབ་ཚང་ནང་གི་རང་གི་བུ་མོ་དང་བཅས་ཡོད་པའི་གྲོགས་མོ་གསུམ་གྱི་ཁ་བརྡའི་ནང་དུ་ཞུགས། ཅུང་མ་འགོར་བར་ཨ་མ་དེའི་ཕོ་གསར་དེའི་ལག་ཟས་འབྲས་དང་ཚལ་བརྔོས་མ། ཐུག་པ་དང་ཚལ་བརྔོས་མ་ཞིག དཀར་ཡོལ་ནང་དུ་བླུགས་དེ་ཚུར་འཁུར་ཡོང་ནས་ཟ་ཞོར་དུ་ཕོ་གསར་དེ་ལ་ཁྱེད་རང་གི་ལག་ཟས་དངོས་ནས་ཞིམ་པོ་འདུག་ཞེས་བཤད་དུས། ཕོ་གསར་དེའི་འཛུམ་ཞིག་སྟོན་ཞོར་དུ་ཐུགས་རྗེ་ཆེ་ཞེས་ལན་བཏབ་སོང་།

བུད་མེད་གཟུགས་རིང་མས་ཇ་ཤེལ་ཕོར་བཀང་ལག་དུ་བཟུང་དེ་ཕོ་གསར་དེ་དང་ཨ་མ་རྒན་མོ་དེའི་འགྲམ་དུ་ཡོང་ནས། རྒྱུན་ལྡན་གྱི་སྐད་ཆ་ཁ་ཤས་ཤིག་བཤད་མགོ་བཙུགས་སོང་། ཕོ་གསར་དེའི་བུད་མེད་གཟུགས་རིང་དེའི་ཇ་ཕོར་ལག་དུ་བཟུང་དེ་ཁ་བརྡའི་ཁྲོད་ཀྱི་མོ་རང་གི་གདོང་གི་ཉམས་འགྱུར་ལ་ཞིབ་དུ་བལྟ་ཞོར་བུད་མེད་འདི་མཛེས་མ་ཞིག་རེད་འདུག་བསམ་ཞོར་བར་གསེང་ཅི་རེག་ལ་ཡང་ཡང་བུད་མེད་གཟུགས་རིང་མའི་སྒེག་ཉམས་ཀྱི་ཁ་བརྡ་བྱེད་སྟངས་ལ་གཅེར་ནས་བལྟས།

བུ་མོ་ཆེ་བ་དེའི་མགོ་ཅོག་རྩེ་སྒང་དུ་བཞག་ནས་ཞོར་དུ་གློག་ཀླད་རྩེ་བཞིན་འདུག་པ་དེ་ལ་བལྟས་ན་ད་ནི་མོ་རང་ཐང་ཆད་ཡོད་པ་ཤེས་ཐུབ་ཀྱི་འདུག བུད་མེད་རྒྱགས་པ་དེ་རྒྱགས་པ་དེ་གཙང་སྤྱོད་ནང་དུ་བུ་མོ་ཆུང་བ་དེར་བལྟ་རུ་འགྲོ་སོང་། ཐབ་ཚང་ནང་དུ་མི་གཅིག་ཀྱང་མི་འདུག་ལ། ཁ་ལག་གི་བྲོ་བ་ནི་ཚུར་སྣ་ལམ་དུ་འཐིལ་ནས་འོང་། སྐབས་དེ་འདྲ་ཞིག་ལ་ཕོ་གསར་དེ་ཡར་བླངས་དེ་ཐབ་ཚང་དུ་སོང་ནས་ཁོ་རང་ལ་ཇ་ཞིག་བཟོས་སོང་། བུད་མེད་རྒྱགས་པ་དེ་ཐབ་ཚང་དུ་ཡོང་ནས་ཕོ་གསར་དེ་ལ་ཇ་འདི་ག་རེ་རེད་ ཅེས་དྲིས་སོང་། ཤིང་ཏོག་གི་ཇ་ཟེར་ནས་ལན་བཏབ་དེ་ཇ་འཁུར་ནས་ཕྱིར་རྐུབ་སྟེགས་རིང་བོ་དེའི་སྒང་དུ་བསྡད་སོང་།

བྲེལ་བྲེལ་ཟིང་ཟིང་མང་བོ་ཞིག་བྱས་ནས་ཆུ་ཚོད་གཉིས་ལྷག་གཉིས་ཙམ་བྱིན་སོང་། ཅོག་རྩེ་སྟེང་དུ་སྡེར་མ་དང་སྔོ་ཚལ་སོགས་གྲ་སྒྲིག་གང་ཙམ་ཞིག་བཟོས་འདུག་ཀྱང་། ད་དུང་། དགོང་ཟས་ལ་འཛོམ་མི་འདུག

གངས་འཚོས་ཀྱང་ཐབ་ཚང་ནས་ཇ་ཞིག་འཁུར་ནས་མོ་རང་གི་ཨ་མའི་འཁྲིས་སུ་བཙོག བུད་མེད་རྒྱགས་པ་དེའི་ལག་དུ་ཚུག་ཇ་ཞིག་བཟུང་དེ་བུད་མེད་གཟུགས་རིང་མའི་འཁྲིས་སུ་བསྡད་སོང་། ཨ་མ་དེས་ངས་བྱ་ཤ་བཟོས་དེ་ཆུ་ཚོད་གཅིག་ལྷག་སོང་ཡོད་ངེས་ཟེར་ནས་བཤད་དུས། བུད་མེད་རྒྱགས་པ་དེས་སོང་མེད་ངེས་རེད། ངེད་ཅག་ཡོང་ནས་ཆུ་ཚོད་གཅིག་ལྷག་སོང་མེད་ངེས་ཡིན་ཟེར་ཞོར་དུ་རང་གི་ལག་མགོའི་ཆུ་ཚོད་ལ་བལྟས། ཨོ་རེད་འདུག  ངེད་ཅག་སླེབས་ནས་ཆུ་ཚོད་གཉིས་ཙམ་སོང་འདུག་རང་གི་བཤད་ནོར་བྱས་པ་དེ་ངོས་ལེན་བྱས་སོང་།

ད་ནི་ཅོག་རྩེ་སྒང་ན་བྲང་ཚལ་གྱི་མི་ཚད་པར། བྱ་ཤ་བསྲེག་མ། བྱ་ཤའི་ཁུ་བ། སྔོ་ཚལ་གྱི་ཁུ་བ། སྔོ་ཚལ་དང་འབྲས་བརྔོས་མ། ཐུག་པ་དང་ཚལ་བརྔོས་མ། ཞོག་ཤོག་བསྲེག་མ། ད་དུང་ཤིང་ཏོག་གི་ཁུ་བའི་རིགས་མང་བོ་ཞིག་ཀྱང་གཤམ་འདུག་ལ། བུད་མེད་གཟུགས་རིང་མས་གསར་དུ་ཉོས་དེ་འོང་བའི་མེ་ཏོག་སྙིང་རྗེ་བོ་དེ་ཡང་ཅོག་རྩེའི་དཀྱིལ་དུ་བཞག་འདུག

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 2

  1. sha tak ri sim says:
    ལོ་ 18 སྔོན།

    རྩོམ་སྒྲིག་པ་མི་ནག་ཚང་ལུང་རིགས་རྒྱལ་ལགས་སུ་ཐུགས་ཆེ་རྗེ་ཞུ། བརྡ་ལན་སྤྲད་པ་དེར། ཡིན་ཡང་། ང་རང་གིས་སྨྱུག་མིང་སྤྱོད་པ་ལས་དངོས་མིང་མ་སྤྱད་པའི་རྒྱུ་མཚན་གྱིས་རྩོམ་ཡིག་དག་བསམ་ཚུལ་རྩོམ་ཡིག་གི་མཚོན་པའི་ཚགས་པར་སོགས་ཀྱི་སྟེང་དུ་འགོད་ཐུབ་ཀྱི་མི་འདུག་གསུང་བ་དེར། བདག་གི་དུས་རྟག་དུ་དངོས་མིང་དང་སྨྱུག་མིང་གང་ཞིག་སྤྱད་མིན་དེ་ནི་གཙོ་བོ་འཛིན་གྱི་མེད། དེའི་རྒྱུ་མཚན་ནི་ཀློག་པ་པོ་དེ་དག་གིས་རྩོམ་ཡིག་གི་ནང་དོན་ཡོད་མེད་དེ་ཤེས་དགོས་པ་ལས། མིང་དང་དཔར་སོགས་ནི་ཁོང་ཚོ་ལ་མཚོན་ན་ཡང་གལ་ཆེན་དུ་ཆགས་མེད་པར་འདོད། དེའི་རྒྱུ་མཚན་ཟེར་ན་འདྲ། ང་རང་མིང་ལ་མི་དགའ་ཟེར་ན་འདྲ། གཞན་གྱིས་རང་ལ་བཏགས་པའི་མིང་དང་རང་གི་རང་ལ་བཏགས་པའི་མིང་འདི་གཉིས་ལ་ཁྱད་པར་ཆེན་མོ་ཞིག་ཡོད་པ་ཡིན་ན། དེ་ནི་དངོས་ཡོད་ཡིན་མིན་ཡང་གསལ་བོ་ཞིག་བཤད་ཁག་པོ་རེད་མོད། ཡིན་ཡང་། ཚགས་ཤོག་གཞན་ཁ་ཤས་སམ་སྨྱུག་མིང་ལས་དངོས་མིང་མི་སྤྱོད་མཁན་ཡོད་པ་རེད། དེ་དག་ལ་ཡང་ཁོང་ཚོས་དགོས་དབང་དང་དམིགས་ཡུལ་ཞིག་ཡོད་ཆོག་པ་རེད། གང་ལྟར། ཁྱེད་ཀྱིས་བདག་ལ་གསལ་བཤད་གནང་བ་དེར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། སྨྱུག་མིང་ལ་བརྟེན་ནས་རྩོམ་ཡིག་སྤེལ་ཆོག་གི་མེད་ན་ནི། མ་སྤེལ་ན་ང་རང་ལ་བསམ་འཆར་གང་ཡང་མེད། ཐུགས་རྗེ་ཆེ།

    Reply
  2. lungrik says:
    ལོ་ 18 སྔོན།

    གུས་པར་འོས་པའི་ཟིན་བྲིས་པ། བོད། ཤ་ཁྲག་རུས་གསུམ་ལགས། སྐུ་ཉིད་བོད་ཀྱི་དུས་བབ་ཟིན་བྲིས་སུ་ཕེབས་པ་ནས་ད་བར་བསམ་ཚུལ་འདྲ་མིན་སྤེལ་བ་དང་། དྲ་ཐོག་གི་གནས་ཚུལ་དང་བསམ་ཚུལ་གཞན་པའི་རིགས་ལ་དུས་ཐོག་བགྲོ་གླེང་དང་གནས་ཚུལ་སྤེལ་རེས་བྱེད་ཀྱིན་པའི་ཐད་འདི་ནས་དགའ་བསུ་དང་། རྗེས་སུ་ཡི་རངས་ཡོད། ཡིན་ཡང་། དཀའ་ངལ་གཅིག་ནི། ཁྱེད་ཀྱིས་སྨྱུག་མིང་བེད་སྤྱོད་བྱས་ཡོད་སྟབས། སྐབས་རེར་ཉིད་ཀྱི་རྩོམ་ཡིག་རེ་གསར་ཤོག་སྟེང་འགོད་དགོས་བསམ་ནའང་རྩོམ་པ་པོ་གསལ་བོ་མེད་སྟབས་འགོད་མ་ཐུབ་པའི་གནས་སྟངས་ཆགས་ཡོང་གི་འདུག དེ་བས་ང་ཚོའི་རེ་བར་ཟིན་བྲིས་པ་དག་གིས་དོན་དངོས་དག་བརྩད་ནས་གླེང་ཞིང་། དོ་བདག་རང་རང་ཡང་སྤྱི་ཚོགས་ཀྱི་གདོང་ལ་འབུད་ཐུབ་པའི་རེ་བ་ཞུ་གི་ཡོད། དེ་ལ་དཔག་པའི་སྒོ་ནས་ང་ཚོས་ཀྱང་རྩོམ་ཡིག་དང་བསམ་ཚུལ་གང་ཡིན་ལ་རིན་ཐང་ཞིག་འཇོག་ཐུབ་པར་འདོད།
    མཆན་འདི་ནི་ཉིད་ཀྱིས་ངའི་ཟིན་བྲིས་ནང་རྩོམ་ཡིག་ཅིག་དང་བསམ་ཚུལ་ཞིག་སྤེལ་འདུག་པ་དེའི་ལན་ལྟ་བུར་བཀོད་ཀྱང་། ཉིད་ནས་གཟིགས་ཡོད་མེད་ཆ་མ་འཚལ་བར་འདིར་བཀོད་པ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese