མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྩ་དོན་སྒྲུབ་ཕྱོགས་དང་ལས་འགུལ་སྤེལ་ཕྱོགས།

བོད་ཀྱི་དུས་བབ།
༢༠༠༨/༡༢/༣༡
Share on FacebookShare on TwitterShare on EmailShare on Whatsapp

 


ཕྱི་ཚེས་ ༢༦ ཉིན་དབུ་མའི་ལམ་མི་དམངས་ལས་འགུལ་ཁང་གི་གོ་སྒྲིག་འོག བཞུགས་སྒར་སྨན་རྩིས་མཐོ་སློབ་ཚོགས་ཁང་ནང༌། བོད་མིའི་རྩ་དོན་སྒྲུབ་ཕྱོགས་ཐད་ཆབ་སྲིད་བགྲོ་གླེང༌། ཞེས་པའི་བརྗོད་གཞིའི་ཐོག བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་དང་ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིགས། དབུས་གཞོན་ནུའི་ཚོགས་གཙོ་ཟུར་བ་སྒོ་དྲུག་སྐལ་བཟང་ཕུན་ཚོགས། དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་ངག་དབང་འོད་འབར་བཅས་ཀྱིས་བགྲོ་གླེང་གནང་ཡོད།

སྐབས་དེར་བོད་མི་དམངས་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་གིས་གསུངས་དོན། འཚེ་བ་མེད་པའི་ལས་འགུལ་སྤེལ་སྐབས། གྲུབ་འབྲས་འཐོན་པར་གཙོ་བོ་ཆ་རྐྱེན་གསུམ་ཚང་དགོས།
དང་པོ། ཆིག་སྒྲིལ་དགོས། ཆིག་སྒྲིལ་ཟེར་བ་སྤྱི་ཚོགས་ཤིག་གི་མི་ཚང་མའི་བསམ་བློ་གཏོང་ཕྱོགས་དང་མཐོང་རྒྱ་ཐོས་རྒྱ། གོ་བ་ལེན་ཕྱོགས་མི་འདྲ་བ་མང་པོ་ཡོད་སྟབས། བརྒྱ་ཆའི་བརྒྱ་གཅིག་པ་ཡོང་དགོས་ཟེར་ན། དེ་ཡོང་ཐུབ་པ་ཞིག་མ་རེད། འོན་ཀྱང༌། མང་ཆེ་བའི་འདོད་པ་གཅིག ལངས་ཕྱོགས་གཅིག ལས་དོན་གཅིག འབོད་སྒྲ་གཅིག་གི་ཐོག་ལ་ནུས་པ་སྤུང་ན། གྲུབ་འབྲས་གཞན་དང་མི་འདྲ་བ་ཞིག་ཡོང་གི་རེད།

གཉིས་པ། འཆར་གཞི་ལྡན་པའི་འཐབ་བྱུས་དགོས། ད་ལྟ་ང་ཚོའི་འཐབ་རྩོད་བྱེད་མཁན་སུ་ཡིན་རུང༌། འཆར་གཞི་ལྡན་པའི་འཐབ་བྱུས་ཐོག་ནས་ལས་འགུལ་སྤེལ་རྒྱུ་ཡོང་གིན་མེད། བཙན་བྱོལ་ནང་མཐུན་རྐྱེན་འཛོམས་ཡོད་ཀྱང༌། ད་བར་ལས་འགུལ་གང་ཞིག་སྤེལ་ཡང༌། འཕྲལ་དུ་ཁེ་ཕན་གང་ཡོད་དང༌། ཕུགས་སུ་ཕན་ཐོགས་གང་ཡོང་ལ་བལྟ་ཐུབ་ཀྱིན་མེད།

གསུམ་པ། སྒྲིག་འཛུགས་ལྡན་དགོས། སྒྲིག་འཛུགས་ལྡན་པ་ཟེར་བ་འཚེ་བ་མེད་པའི་ལས་འགུལ་ནང་ཞུགས་མཁན་ཚོར་འཚེ་བ་མེད་པའི་ལམ་དུ་འགྲོ་ཐུབ་པའི་དམ་བཅའ་བརྟན་པོ་དགོས། དམ་བཅའ་བརྟན་པོ་ཞིག་ཡོད་ན། ལས་འགུལ་གང་ཞིག་སྤེལ་ཡང༌། ལས་འགུལ་གྱི་རྣམ་འགྱུར་དེ་རང་བཞིན་གྱིས་འཚེ་བ་མེད་པ་ཡོང་གིན་ཡོད། དེ་ལ་བརྟེན་ནས་རྒྱབ་སྐྱོར་སྐྱོར་མང་པོ་ཡོང༌། དེ་གསུམ་འཚེ་བ་མེད་པའི་ལས་འགུལ་སྤེལ་སྐབས་བསྒྲུབ་བྱ་དང་པོར་རྩི་དགོས།

ང་ཚོར་ཆིག་སྒྲིལ་མེད་སྟབས། ལས་འགུལ་སྤེལ་སྐབས་ཁ་བཏད་རྒྱ་ཕྱོགས་ལ་གོ་བ་མི་འདྲ་བ་སྤྲོད་ཀྱིན་ཡོད། བསྒྲགས་གཏམ་ནང་གང་བཀོད་ཡོད་ཀྱང༌། བརྒྱུད་ལམ་ཁག་གི་ནང་འབོད་ཚིག་གི་གོ་དོན་ཞིག་འགྲོ་གིན་ཡོད། ཕར་ཕྱོགས་ཁ་གཏད་ཀྱི་ངོས་ནས། ཁྱོད་ཚོའི་སྤྱི་ཚོགས་ནང་རང་བཙན་རྩོད་མཁན་མང་པོ་འདུག ༧རྒྱལ་བ་རིན་པོ་ཆེས་བཀོད་འདོམ་བྱེད་ཐུབ་ཀྱིན་མི་འདུག ཅེས་ཡིད་མ་ཆེས་པའི་གཞི་རྩ་ཆགས་ཀྱིན་ཡོད།

ང་ཚོར་འཐབ་བྱུས་ཡག་པོ་མི་འདུག འགྲུབ་དཀའ་བའི་དམིགས་ཡུལ་ཞིག་གི་ཐོག་ལ་ལས་འགུལ་སྤེལ་བ་ཡིན་ན། ལས་འགུལ་གྱི་རྗེས། ལས་འགུལ་བ་ཚོའི་སེམས་ནང་ང་ཚོའི་དམིགས་ཡུལ་འགྲུབ་མ་སོང་སྙམ་པའི་ཕངས་སེམས་ཆེན་པོ་ཡོང་གིན་ཡོད། དེ་སེམས་ཤུགས་ཆག་པའི་གཞི་རྩར་གྱུར་ཡོད། མཐར་ཐུག་གི་དམིགས་ཡུལ་གཞིར་བཟུང་སྟེ། ཐབས་ཤེས་འདྲ་མིན་བརྟེན་དགོས། ཆེ་ས་འགྲུབ་མ་ཐུབ་ཀྱང་ཆུང་ས་འགྲུབ་པ་ཡིན་ན། རང་བཞིན་གྱིས་མིའི་བློ་སྟོབས་དང་གདེང་སྤོབས་ཆེ་རུ་འགྲོ་བ་རེད།

ང་ཚོར་སྒྲིག་འཛུགས་དང་ལྡན་པ་ཡོང་གིན་མེད། ང་ཚོའི་ལས་འགུལ་སྐབས། ལྷག་པར་དུ་དགེ་འདུན་པ་ཚོ་ཁོང་ཁྲོ་ཆེན་པོས་གདོང་ལ་ཚོན་རྩི་འདྲ་མིན་བྱུག་སྟེ། ཁ་ནས་འབོད་ཚིག་སྣ་ཚོགས་སྒྲོག་གིན་ཡོད། དུས་ཚོད་ག་ཚོད་ཅིག་ལ་ཁུངས་འཁྱོལ་ཐུབ། དེ་དག་ལ་ལྡོག་ཕྱོགས་ཀྱི་ནུས་པ་འཐོན་གི་ཡོད། ལས་འགུལ་གང་ཞིག་སྤེལ་དགོས་མིན་དུས་ཚོད་དང་རྒྱལ་སྤྱིའི་གནས་བབས། རྒྱ་ནག་གི་བྱེད་སྟངས། བོད་ནང་གི་བསམ་ཚུལ་བཅས་ལ་བལྟ་དགོས། ཞེས་གསུངས་བྱུང༌།

ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིགས་མཆོག་གིས་གསུངས་དོན། ལས་འགུལ་གང་ཞིག་སྤེལ་ཡང༌། འཆར་གཞི་སྒྲིག་དགོས་པ་གལ་ཆེན་པོ་ཆགས་འདུག ད་ལོ་བོད་ནང་གོམ་བགྲོད་སྐབས། ལས་འགུལ་བ་ཚོ་སེམས་ཤུགས་ཀྱིས་ཕུངས་མེད་ཀྱང༌། གོ་སྒྲིག་ཞུ་མཁན་ཚོའི་འཆར་གཞིས་འདང་མེད། ལས་འགུལ་ཞིག་ལ་འཆར་གཞི་སྒྲིག་སྐབས། མིའི་འཆར་གཞི་དང་དཔལ་འབྱོར་གྱི་འཆར་གཞི། དུས་ཚོད་ཀྱི་འཆར་གཞི། ལས་འགུལ་ལ་གྲུབ་འབྲས་གང་ཡོང༌། དེ་དག་ལ་ཐོག་མ་ནས་དམིགས་ཚད་ཟིན་དགོས།

ཁ་ཆེ་ལུང་པ་ཆུང་ཚགས་རེ་ལས་༧གོང་ས་མཆོག་གིས་ཞབས་ཀྱིས་མ་བཅག་ས་ཕལ་ཆེར་ཡོད་པ་མ་རེད། དེ་དག་གི་སྐབས་སུ་རྒྱ་མི་ཞིག་གིས་ངོ་རྒོལ་བྱས་པ་ལོ་རྒྱུས་ཐོག་ཡོད་པ་མ་རེད། ད་ལྟའི་ཆར་ལྷ་ས་ལྟ་བུར་མཚོན་ན། རྒྱ་བོད་མི་རིགས་གཉིས་བར་ཧ་ལས་པའི་འཁོན་འཛིན་གྱི་གནས་སྟངས་སྡུག་པོ་ཆགས་ཡོད་པའི་གནས་ཚུལ་འདུག དེ་དག་ཚང་མ་ང་ཚོའི་ལས་འགུལ་སྤེལ་སྟངས་མ་འགྲིག་པའི་འབྲས་བུ་རེད།

དབུ་མའི་ལམ་རྩོད་མཁན་ཚོས་རྒྱ་ནག་འོག་འདུག་གི་ཡིན་ཟེར་གྱིན་ཡོད། དེས་ན་རྒྱ་མི་ལ་ཕོག་ཐུག་མི་འགྲོ་བ་ཞིག་དང༌། འབྲེལ་བ་མཐུད་ཐུབ་པའི་ལས་འགུལ་སྤེལ་དགོས་པ་ཧ་ཅང་གལ་ཆེན་པོ་རེད། སྤྱི་བའི་ལས་དོན་ཆེད་རྩ་དོན་སྒྲུབ་བྱའི་དོན་དུ། མི་རེ་རེ་ཡིས་དངུལ་ཁང་ནང་དངུལ་དེབ་རེ་སྒོ་ཕྱེ་དགོས། དེའི་ནང་ཟླ་རེར་སྒོར་བརྒྱ་བྱུང་ན་འགྲིག་གིན་ཡོད་ལ། ལྔ་བཅུ་བྱུང་ན་འགྲིག་གིན་ཡོད། རྗེས་མ་སྤྱི་བའི་ལས་དོན་སྟེང་འགྲོ་སོང་གཏོང་དགོས་ན། མང་ཉུང་ལ་མ་ལྟོས་པར་དེ་ལས་འདོན་ཆོག

དམིགས་བསལ་ཚོགས་ཆེན་སྟེང་མི་ ༥༠༠ ལྷག་ཕེབས་ཡོད། མཐའ་མའི་ཐག་གཅོད་ནང་དབུ་མའི་ལམ་ལ་མང་མོས་ཐག་གཅོད་བྱས་ཡོད། དེར་བརྟེན། ད་ལྟའི་ཆར་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་དབུ་མའི་ལམ་ལ་ཤུགས་རྒྱག་རྒྱུ་ལས་ལངས་ཕྱོགས་འདྲ་མིན་འཛིན་པའི་དུས་ཚོད་ཅིག་མ་རེད། གྲོས་ཆོད་དེ་འཇོག་མཁན་གྲས་སུ་གཞུང་དང་སྒྲིག་འཛུགས་ཁག གཞུང་འབྲེལ་མིན་པའི་ཚོགས་པ་ཚང་མ་ཡོད་སྟབས། ཚོགས་འདུ་དེའི་ནང་ཐག་གཅོད་གང་བྱུང་བར་ཚང་མས་ངོས་ལེན་བྱ་དགོས། དེ་ངོས་ལེན་མ་བྱས་པ་ཡིན་ན་ཚོགས་ཆེན་ཆ་འཇོག་མེད་པ་ཆགས་ཡོད། ཅེས་གསུངས་བྱུང༌།

གཞོན་ནུའི་ཚོགས་གཙོ་ཟུར་བ་སྒོ་དྲུག་སྐལ་བཟང་ཕུན་ཚོགས་ཀྱིས་གསུངས་དོན། ང་ཚོའི་བཙན་བྱོལ་ནང་སྐད་ཆ་བཤད་སྐབས། རང་བཙན་དང་དབུ་མ་གཉིས་ཞེ་དྲག་རྩོད་ཀྱིན་འདུག ད་ལྟའི་གནས་སྐབས་ལ་དབུ་མ་བ་དང་རང་བཙན་པ་གཉིས་ཀའི་དམིགས་ཡུལ་ལ་ཐག་རིང་པོ་ཞེ་དྲག་རེད།  ངས་རྒྱུན་ལས་གསར་བ་ཚོར། རང་བཙན་རྩོད་མཁན་ཞིག་གི་མེད་དུ་མི་རུང་བའི་ཆ་རྐྱེན་དེ། དབུ་མའི་ལམ་གྱི་ལྟ་གྲུབ་གནས་ཚུལ་མཐོ་བོའི་ཐོག་ནས་ཧ་གོ་དགོས། རང་བཙན་ལྟ་གྲུབ་འཛིན་མཁན་ཞིག་གིས་ལས་འགུལ་གང་འདྲ་ཞིག་སྤེལ་བ་ཡིན་རུང༌། བླ་ན་མེད་པའི་དབུ་ཁྲིད་༧གོང་ས་མཆོག་གི་དགོངས་ཚུལ་དང་མི་འགལ་བ་ཞིག་ངེས་པར་དུ་དགོས་པ་རེད། དབུ་མའི་ལམ་གྱི་སྲིད་ཇུས་ཙམ་དུ་མ་ཟད། བཙན་བྱོལ་སྒྲིག་འཛུགས་དང་གཞུང་གི་ལྟ་གྲུབ་ལ་འགལ་ཟླ་མི་འབྱུང་བ་ཞིག་ཡིན་དགོས་ཟེར་གྱིན་ཡོད།

ང་ཚོའི་ལོ་ལྔ་བཅུའི་འཐབ་རྩོད་ཀྱི་བརྒྱུད་རིམ་ཁྲོད། རྐུབ་སྟེགས་ཡོད་པའི་སྐབས་སུ་རང་བཙན་ལབ་མཁན་ག་ཚོད་བྱུང་ཡོད། དེ་དག་རྐུབ་སྟེགས་ལས་ཐོན་སྐབས་རང་བཙན་མུ་མཐུད་འཛིན་མཁན་ག་ཚོད་བྱུང་ཡོད། ང་ཚོའི་བྱེད་སྟངས་དེ་དངུལ་རྩིས་སྤྲོད་པ་ལྟ་བུ་ཆགས་ཡོད། རང་བཙན་རྩོད་མཁན་ཞིག་ལ་མཚོན་ན། ལྟ་གྲུབ་དེའི་ཐོག་ནས་གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་སུ་གཏོང་དགོས། གཞོན་ནུ་ལྷན་ཚོགས་ཀྱི་རྐུབ་སྟེགས་འཛིན་མཁན་ཚོ་རྐུབ་སྟེགས་ལས་ཐོན་རྗེས་ལྷག་བསམ་རྣམ་དག་མ་བྱས་པ་དང༌། འགན་མ་འཁུར་བའི་རྐྱེན་གྱིས་དམིགས་ཡུལ་དུ་མ་སླེབས་པ་རེད།

ང་ཚོས་ཛ་དྲག་གི་ཚོགས་ཆེན་འཚོགས་རྗེས། ༧གོང་ས་མཆོག་གིས་ལོ་ཉི་ཤུ་སུམ་ཅུའི་གནས་ཚུལ་ཞིག་གསུང་གིན་ཡོད། རང་བཙན་ཡིན་ན་འདྲ་ལ། དབུ་མ་ཡིན་ནའང་འདྲ། ལོ་དེ་དག་གི་རིང་འཐབ་རྩོད་ཀྱི་གནས་ཚུལ་མཐོན་པོར་སླེབས་པ་བཟོ་དགོས། འདས་པའི་དུས་སུ་བཙན་བྱོལ་སྤྱི་ཚོགས་ནང་གོ་གནས་དང་འགན་ཁུར་མྱོང་མཁན་ཚོས། འབྱུང་འགྱུར་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་སོ་སོའི་འཇོན་ཐང་ལ་དཔག་པའི་དམ་བཅའ་འབུལ་ཐུབ་པ་ཞིག་ཏན་ཏན་དགོས།

སྤྱི་ཚོགས་ནང་གི་ལོ་བདུན་བཅུ་དོན་ལྔ་ཡན་ཆད་ཕུལ། གཞན་པ་ཡོངས་རྫོགས་ཐང་ལ་འཐོན་དགོས། མདོ་དོན། འདས་པའི་ལོ་ལྔ་བཅུའི་རིང་འགན་ཁུར་མཁན་དེ་ཚོ། ད་ལྟ་རྒྱལ་ཁབ་དང་ས་གནས་གང་དུ་བཞུགས་ཡོད་ཀྱང༌། སྤྱི་ཚོགས་ནང་དངོས་སུ་ཞུགས་ཏེ། འབྱུང་འགྱུར་ལོ་བཅོ་ལྔ་ཉི་ཤུའི་ནང་ཤུགས་རྒྱག་དགོས། མི་དམངས་ཚོར་མགོ་ཁྲིད་མཁན་ཡོད་ན། མི་དམངས་ཀྱི་སེམས་ཤུགས་དང་སྙིང་སྟོབས་ཀྱི་རྒྱབ་སྐྱོར་ཡོད་པ་ངེས་ཅན་རེད། ང་ཚོར་མགོ་ཁྲིད་ཀྱིས་ཕུངས་མེད་ལ། མི་དམངས་ཀྱིས་ཀྱང་ཕུངས་མེད། ཕུངས་ས་གཙོ་བོ་དེ་འགན་ཁུར་མཁན་ཚོ་རྐུབ་སྟེགས་ལས་ཐོན་རྗེས་འགན་མ་ཁུར་བས་ཕུངས་ཡོད། ཅེས་གསུངས་བྱུང༌།

དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་ངག་དབང་འོད་འབར་ལགས་ཀྱིས་གསུངས་དོན། འཆར་གཞི་གཅིག་ཀྱང་མེད་པ་རེད་ཟེར་ན་ཧམ་པ་ཚ་དྲགས་པ་རེད། རྒྱ་གར་ནང་ནས་སྐད་འབོད་ཅིག་བརྒྱབས་པ་ཡིན་ནའང་སྔོན་ལ་འཆར་གཞི་ཞིག་སྒྲིག་གིན་ཡོད། འཆར་གཞི་སྒྲིག་རྒྱུ་གལ་ཆེན་ཡིན་པ་ང་ཚོ་ཚང་མས་ཤེས་ཀྱིན་ཡོད། ག་དུས་ཡིན་རུང་བོད་པའི་སྤྱི་ཚོགས་ནང་མཁས་དབང་མང་པོ་ཡོད། གདན་ས་ཁག་ཏུ་དགེ་བཤེས་མང་པོ་ཡོད། ང་ཚོར་སློབ་སྟོན་གནང་རོགས། འཆར་གཞིས་བཟོ་རོགས། དཔལ་འབྱོར་གནང་རོགས། ཐང་ལ་བུད་དེ་ལག་ལེན་ང་ཚོས་བསྟར་ཆོག ཅེས་བཤད་ཀྱང་རྒྱ་གར་རེ་ཟུང་ལས་བོད་པ་གཅིག་ཀྱང་ཕལ་ཆེར་སླེབས་མ་སོང༌།

ཁྱོད་ཚོའི་དམིགས་ཡུལ་རང་བཙན་ཡིན་རུང༌། རང་བཙན་མ་ཐོབ་པ་རེད་ཟེར་ན་ནོར་བ་རེད། ལས་འགུལ་ཞིག་ལ་གོམ་པ་སྤོས་བ་ཙམ་གྱིས་ཆེ་ཆུང་ལ་མ་ལྟོས་པར་གྲུབ་འབྲས་ཤིག་ཐོན་ཡོད། གོམ་བགྲོད་སྐབས་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ང་ཚོར་དཔལ་འབྱོར་གྱི་དཀའ་ངལ་འཕྲད་ཀྱིན་འདུག་ལབ་ཡོད་ཀྱང༌། དོན་དངོས་ཐོག་ང་ཚོར་དཔལ་འབྱོར་གྱིས་མ་འདང་བའི་དཀའ་ངལ་འཕྲད་མེད། ད་དུང་ཡང་དངུལ་ལྷག་བསྡད་ཡོད། ང་ཚོའི་མཐར་ཐུག་གི་དམིགས་ཡུལ་འགྲུབ་ཡོད་པ་མ་རེད། གནད་འགག་ཆེ་ཤོས་རང་བཙན་ཡིན་ན་འདྲ་ལ། དབུ་མ་ཡིན་ནའང་འདྲ། ༧གོང་ས་མཆོག་གི་མཚན་བེད་སྤྱོད་བཏང་སྟེ། ནང་ཁུལ་གྱི་སྐྱོན་འདོན་རེས་བྱེད་པ་དེར་རྣམ་རྟོག་ཟ་གི

སྔོན་མ་ལས་འགན་ཁུར་མྱོང་མཁན་ཚོར་ད་ལྟ་གོ་གནས་མེད་ཀྱང༌། ཉི་མ་རེ་ལ་བོད་པའི་རྩ་དོན་ཆེད་ཆུ་ཚོད་ག་ཚོད་གཏོང་ཐུབ་ཀྱིན་འདུག དེར་འཆར་གཞི་སྒྲིག་དགོས་ཀྱིན་འདུག བཤད་མཁན་ཞིག་གིས་བཤད། ཉན་མཁན་ཞིག་གིས་ཉན། ག་དུས་ཡིན་རུང་ཐང་ལ་འཐོན་མཁན་དེ་མི་དམངས་དཀྱུས་མ་དེ་ཚོ་རེད། གདན་ས་ཁག་གི་ལས་འགུལ་ནང་ཞུགས་མཁན་ཚོ་གྲྭ་བ་དཀྱུས་མ་ཚོ་རེད། དེའི་ནང་དཔལ་འབྱོར་སྐྱོ་བོ་དང་གོ་གནས་མེད་པ། ཤེས་ཡོན་ཅན་ཡང་ཉུང་ཉུང་རེད་ཟེར། དེར་བརྟེན། ད་ནས་གོ་གནས་ཡོད་མཁན་དང་དཔལ་འབྱོར་ཡོད་མཁན། ཤེས་ཡོན་ཡོད་མཁན་རྣམས་ཐང་ལ་འཐོན་རྒྱུ་དང༌། དུས་ཚོད་ཀྱི་འཆར་གཞི་སྒྲིག་རྒྱུ་ཨང་དང་པོ་རེད་ཟེར།

འབྲེལ་ཡོད་གསར་འགྱུར།

The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༡༠ སྔོན་ལ།
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

ཆུ་ཚོད་ ༡༡ སྔོན་ལ།
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

ཆུ་ཚོད་ ༡༣ སྔོན་ལ།
དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དུས་བབ་ཀྱི་པར།
Mobile App

དམངས་གཙོའི་དུས་དྲན་ཐེངས་ ༦༦ པ་སྲུང་གཙི་གནང་། 

༢༠༢༦/༠༩/༠༢
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་ལས་བོད་ནང་གི་དངོས་ཡོད་གནས་ཚུལ་ཁ་གསལ་བཟོ་དགོས་པའི་འབོད་སྐུལ་ཞུས་སོང་།

༢༠༢༦/༠༩/༠༡
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ཟ་བཅུག་ནས་ཁ་ལ་བལྟ། འགྲོ་བཅུག་ནས་རྗེས་ལ་བལྟ།

༢༠༢༦/༠༩/༠༡

མཆན། 2

  1. རིག་པའི་རྡོ་རྗེ། says:
    ལོ་ 18 སྔོན།

    ཐུབ་བསྟན་ལུང་རིགས་ཀྱིས་བཤད་པར་མོས་མཐུན་མེད།   ད་ལོ་བོད་རྒྱ་མི་རིགས་གཉིས་ཀྱི་བར་ལ་འཁོན་འཛིན་དམིགས་བསལ་ཞིག་བྱུང་ཡོད་པ་དེ།   རྒྱ་ནག་འཇིགས་སྐུལ་སྲིད་གཞུང་གིས་བསམ་བཞིན་བྱས་པའི་འབྲས་བུ་དང་།   གསར་འགྱུར་བརྒྱུད་སྒྲོག་གི་ནུས་པ་ཐོན་པ་ལས།   ང་ཚོས་ལས་འགུལ་སྤེལ་སྟངས་མ་འགྲིག་པ་རྩ་བ་ནས་མ་རེད།    ཁྱོད་ལས་ཀྱི་སྣེ་མོར་གཏོགས་པ་ཞིག་གིས་འདི་ལྟར་བཤད་ན།   བོད་མི་གཞོན་སྐྱེས་ལ་རྒྱ་དང་རིགས་ཞེན་ཅན་རྣམས་ལ་བློ་ཕམ་འབྱུང་གི་རེད།
    དེ་བས་ཁྱོད་རང་གིས་ལས་འགན་ཤེས་ཡོན་སློབ་གསོའི་ཕྱོགས་ལ་བསམ་གཞིགས་བྱས་ཏེ།    ༧གོང་ས་མཆོག་གི་ཐུགས་བཞེད་ཨེ་འགྲུབ་བལྟས་ན་བཟང་གི་སྙམ།   ལས་ཀའི་ཕྱོགས་ནས་འཐུས་ཤོར་དང་།   ལས་འགུལ་སྤེལ་སྟངས་ནོར་མཁན་ཁྱོད་ཚོ་སྐུ་ངོ་ཚོ་རེད་མ་གཏོགས།   བོད་མི་ན་གཞོན་ལ་རྒྱ་དང་སྙིང་སྟོབས་ཅན་ཚོ་མ་ཡིན་པ་ངེས་པར་དུ་ཤེས་དགོས།

    Reply
  2. མྱི་སྨྱོན། says:
    ལོ་ 18 སྔོན།

    (ང་ཚོའི་ལས་འགུལ་སྐབས། ལྷག་པར་དུ་དགེ་འདུན་པ་ཚོ་ཁོང་ཁྲོ་ཆེན་པོས་གདོང་ལ་ཚོན་རྩི་འདྲ་མིན་བྱུག་སྟེ། ཁ་ནས་འབོད་ཚིག་སྣ་ཚོགས་སྒྲོག་གིན་ཡོད། དུས་ཚོད་ག་ཚོད་ཅིག་ལ་ཁུངས་འཁྱོལ་ཐུབ། དེ་དག་ལ་ལྡོག་ཕྱོགས་ཀྱི་ནུས་པ་འཐོན་གི་ཡོད། ) སྐད་ཆ་འདི་སྤྱི་འཐུས་ཚོགས་གཙོ་མཆོག་གི་སེམས་སུ་ཉར་དགོས་པ་ཞིག་རེད། རྐུབ་བཅགས་སྟེང་གི་སྐད་ཆ་འདི་བོད་གཞིས་བྱེས་གཉིས་སུ་དཀའ་ངལ་ཚད་མེད་རྒྱག་བཞིན་པའི་གྲྭ་བཙུན་ཚོ་ལ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཞིག་གི་ངས་ནས་མི་འབབ་པར་བསམ། དངོས་ཡོད་ཀྱི་བོད་མི་མང་ལ་བསམ་བློ་དང་སྙིང་ཉེ་བ་ཞིག་ཡིན་ན་རང་གི་མི་རིགས་ཀྱི་དཔའ་བོ་ཚོ་ལ་སྡོམ་ཚིག་འདི་ལྟ་བུ་སེམས་སུ་འང་ཤར་མི་སྲིད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese