མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བྲོས་བྱོལ་གྱི་ཁྱིམ་ཚང༌།

བོད་ཀྱི་དུས་བབ།
༢༠༠༩/༠༡/༠༦
Share on FacebookShare on TwitterShare on EmailShare on Whatsapp

གཞན་ཕན་ནི་ནམ་རྒྱུན་སུས་ཀྱང་བཤད་ཐུབ་རུང་སྒྲུབ་མི་ཐུབ་པའི་འདུ་ཤེས་རིགས་ཤིག་ཡིན། ཡིན་ཡང་དེ་རིང་ངས་བཤད་ཀྱིན་པའི་གཞན་ཕན་ནི་བོད་ནས་གསར་དུ་བཙན་བྱོལ་ལ་ཕེབས་མ་ཐག་པའི་འབྲོག་པ་ཞིག་སྟེ། འདས་པའི་ལོ་ ༣༠ རིང་ཕེབས་པའི་བོད་པ་སྐྱབས་བཅོལ་བའི་ནང་གི་རིགས་ཤིག་ཡིན།

གཞན་ཕན་གྱིས་ཟླ་ངོ་བཞི་ཙམ་གྱིབྱིས་པ་དམར་འབྱར་མ་གཅིག་དང༌། སློབ་ལོ་སོན་མ་ཐག་པའི་བྱིས་པ་གཉིས། དེ་བཞིན་ཁོང་གི་བཟའ་ཟླ་དང༌། བཟའ་ཟླའི་ཕྱོགས་ཀྱི་གཉེན་ཉེ་ཞིག་བཅས་ནང་མི་ ༥ ཁྲིད་དེ་བཞུགས་སྒར་ངྷ་སར་འབྱོར་ཡོད་ལ། གཞན་ཕན་ནང་མི་ཚོ་ནི་ལོ་འདིར་ངྷ་སར་འབྱོར་བའི་སྐྱབས་བཅོལ་བ་མཐའ་མའང་ཡིན་སྲིད། གཞན་ཕན་གྱི་གཟུགས་སྟོབས་ཆུང་བའི་ཁར་ཁོང་གི་སྐམ་ཅིང་རིད་པའི་ངོ་གདོང་ནག་པོ་དེར་བལྟས་ཚོད་ཀྱིས་མི་ལོ་འདི་དག་གི་རིང་ཙག་རླུང་དང་བཙན་གནོན་ཆེ་བའི་ས་ཆ་ནས་དཀའ་སྡུག་གང་མང་ཞིག་བརྒྱུད་པ་གསལ་བོར་ཤེས་ཐུབ།

གཞན་ཕན་ནི་གཞིས་རྩེ་ས་ཁུལ་ས་སྒ་རྫོང་ཁྲོ་བོ་ཞང་གི་འབྲོག་པ་དཀྱུས་མ་ཞིག་ཡིན་ལ། ཁོང་གིས་ནང་མི་ཚོ་ཁྲིད་ནས་འདིར་འབྱོར་མཚམས་ཏེ། ཕྱི་ཚེས་ ༢༥ ཉིན་ང་རང་ངྷ་སའི་དབུས་སྣེ་ལེན་ཁང་ནས་ཁོང་གི་ནང་མི་ལྷན་དུ་གླེང་མོལ་བྱེད་པའི་གོ་སྐབས་བྱུང་ལ། གཞན་ཕན་གྱིས་བཤད་དོན། ཁོ་རང་དགུང་ལོ་བཅོ་བརྒྱད་སྟེང་ཁྲ་བོ་ཞང་གུ་ཡུ་དགོན་པར་གྲྭ་བ་བྱས་པ་དང༌། སྐབས་དེར་རྒྱ་ནག་གཞུང་གིས་དགོན་པའི་གྲྭ་བའི་གྲངས་འབོར་ཚོད་འཛིན་བྱས་ཏེ་གྲྭ་བ་བཅུ་ལས་བསྡད་མི་ཆོག་པའི་བཙན་བཀ྄འ་བཏང་སྟབས། བླ་མ་རིན་པོ་ཆེ་དང་དགོན་པར་དཀའ་ངལ་སྤྲོད་མ་བཟོད་པར་རང་ལོ་ཉེར་ལྔའི་སྟེང་གྲྭ་བ་ལྔ་དང་མཉམ་དུ་དགོན་པ་ནས་ཕྱིར་འབུད་བྱས་ཡོད་པ་དང༌། ཆོས་སྒོ་ནས་སྐྱ་སར་འབབ་སྐབས་ཁོང་གི་ད་ལྟའི་ཆུང་མ་འདིའི་ཁྱིམ་ཏུ་མག་པར་ཕྱིན་ཡོད་འདུག དེ་ནས་བཟུང་ཁོང་དང་བཟའ་ཟླ་གཉིས་ཀྱིས་ར་ལུག ༢༠༠ ལྷག་དང་གནག་ཕྱུགས་འགའ་འཚོ་སྐྱོང་བྱེད་བཞིན། བུ་གཅིག་དང་བུ་མོ་གཉིས་བཅས་ཁྱིམ་ཚང་ཞིག་གྲུབ་ཡོད་པ་རེད། གཞན་ཕན་ལ་འཚོ་བའི་ཐད་ནས་མུག་ཤིར་ཐེབས་དགོས་པའི་དཀའ་ངལ་མེད་ན྄འང༌། བོད་མི་སྤྱི་མཚུངས་ལྟར་སེམས་ཀྱི་དཀའ་ངལ་དང༌། མི་རིགས་ཀྱི་རིག་གཞུང་དང་ངོ་གདོང་སྲུང་སྐྱོབ་ལས་འཕྲོས་པའི་དཀའ་རྙོག་ཇེ་ཆེར་གྱུར་ལ། མཐར་ནང་མི་ཡོངས་རྫོགས་ཁ྄རིད་དེ་བཙན་བྱོལ་དུ་ཕེབས་ཡོད་འདུག གཞན་ཕན་གྱིས་འདིའི་སྐོར་བརྗོད་དོན། ང་ཚོར་རང་ཉིད་ཀྱི་རྩ་བའི་བླ་མ་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་པར་དང༌། མཆོད་བཤམས། གསོལ་འདེབས་སྨོན་ལམ། སྨྲ་བརྗོད་རང་དབང་སོགས་མེད་པ་དང༌། ཐ་ན་བོད་མི་ཚོར་རང་ཉིད་ཀྱི་སྲོག་སྲུང་བའི་རང་དབང་ཙམ་ཡང་མི་འདུག་ཟེར། གཞན་ཕན་གྱི་སེམས་ཁུར་ཆེ་ཤོས་ནི་ཁོ་རང་ཉིད་ཀྱི་རང་དབང་ཙམ་མིན་པར། རང་གི་བྱིས་པ་ཚོའི་མདུན་ལམ་ལ་ཐུག་འདུག འདིའི་ཐད་ཁོང་གིས། ངས་བུ་ཕྲུག་འདི་དག་གི་མ་འོངས་མདུན་ལམ་དང་ཁོང་ཚོ་བོད་རིགས་ངོ་མ་ཞིག་ཏུ་གསོ་སྐྱོང་བྱ་ཆེད། རང་ཉིད་ལ་དབང་བའི་རྒྱུ་ནོར་དང་ཕྱུགས་ཟོག་ཡོད་ཚད་བཙོང་རྗེས། རང་ལོ་དྲུག་ཡིན་པའི་བུ་མོ་ཚེ་བརྟན་སྒྲོལ་མ་དང༌། རང་ལོ་བཞི་ཡིན་པའི་བུ་མོ་ཚེ་རིང་ཆོས་སྐྱིད། ཟླ་བཞི་ལས་འགོར་མེད་པའི་བུ་བསོད་ནམས་བཀྲ་ཤིས། གཞན་རང་ལོ་བཅུ་བདུན་ཡིན་པའི་བཟའ་ཟླའི་སྤུན་སྤེན་པ་དོན་འགྲུབ་སོགས་འཁྲིད་ཏེ་བཙན་བྱོལ་དུ་ཡོང་བ་ཡིན་ལ། བྱིས་པ་ཚོ་འདི་ནས་༧རྒྱལ་བ་རིན་པོ་ཆེ་མཆོག་གི་སློབ་གྲར་བསྐྱལ་ཏེ་མ་འོངས་པར་བོད་ཀྱི་རྩ་དོན་ལ་ཕན་པའི་བོད་མི་རེ་ཆགས་རྒྱུའི་རེ་བ་བྱེད་ཀྱིན་ཡོད་ཟེར།
གཞན་ཕན་གྱིས་བྱིས་པ་ཚོ་ཁྲིད་ནས་འདིར་འབྱོར་སྐབས་ནི་༧གོང་ས་མཆོག་གིས་བཙན་བྱོལ་སྤྱི་ཚོགས་ཀྱི་ལོ་ ༣༠ རིང་གི་ཤེས་ཡོན་འཐུས་ཤོར་ལ་ཕྱིན་པར་ཐུགས་ཁྲལ་དང༌། བཙན་བྱོལ་བོད་མི་ཚོས་ཤེས་ཡོན་གོང་སྤེལ་གྱི་ཐབས་ལམ་གསར་པ་འཚོལ་བཞིན་པའི་དུས་མཚམས་ལ་འཁེལ་ཡོད།
གསར་འགོད་པ། དོན་ཁོ།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

ཆུ་ཚོད་ ༢༤ སྔོན་ལ།
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

ཆུ་ཚོད་ ༢༤ སྔོན་ལ།
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 2

  1. མགྲིན་པ་ཟབ་མོ། says:
    ལོ་ 17 སྔོན།

    གཞན་ཕན་བཟའ་མི་ཚང་མ་འཚམས་པོར་འབྱོར་བ་སྟབས་ཡག་པ་རེད། ཁོང་གི་རེ་བ་ལྟར་བྱིས་པ་འདི་ཚོར་གཞུང་གིས་བདག་གི་རེད་ལ། མ་འོངས་པར་ཡག་པོ་ཆག་གི་རེད། ཡིན་ཡང་། ཁོང་བཟའ་མི་གཉིས་ཀྱིས་གཞུང་ལས་ལྷག་པ་ཞིག་བྱིས་པ་འདི་དག་ལ་འགན་འཁུར་དགོས་པ་རེད། འདི་ལ་གསལ་བཤད་དགོས་པ་མ་རེད། ཐུགས་རྗེ་ཆེ།

    Reply
  2. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    ངས་རྩོམ་ཡིག་འདི་ཀློག་ཚར་མ་དང་ལྷན་དུ་མིག་ཆུ་ཞིག་ཤོར་གྲབས་བྱས་སོང་། འདི་ནི་བོད་ནང་གི་བོད་མི་དག་གི་རང་གི་མྱི་ཚེ་གང་ལ་འཚོ་བརྟེན་དུ་ཆགས་པའི་ས་ཞིང་དང་བཅས་པ་བཙོང་དེ་བོད་ཕྱི་ལ་བོད་ཕྲུག་འདི་དག་བོད་རིགས་ངོ་མ་ཞིག་ཆགས་རྒྱུར་རེ་བ་དང་༧གོང་ས་མཆོག་ལ་མཇལ་དུ་ཡོང་ན་ཡང་། ང་ཚོ་བོད་ཕྱི་བསྡོད་པ་དག་གིས་བོད་ནང་གི་བོད་མི་དེ་དག་གི་རེ་བ་མ་འགྲུབ་པར་བསྡད་ཡོད་པའི་བོད་ཀྱི་སྐད་ཡིག་གི་འཐུས་ཤོར་ལ་བསམ་བློ་གཏོང་བཞིན། བཙན་བྱོལ་ཚང་གི་ལས་བྱེད་དང་བཅས་པ་ལ་སེམས་གཏིང་ནས་ཚུགས་པ་ཡང་ཟ་བཞིན་འདུག རྟག་དུ་ཁ་གཡང྄་སྙན་མོ་ཞིག་བསྒྲགས་ནས་བོད་ཀྱི་རིག་གཞུང་སྲོང་སྐྱོབས་ཟེར་བ་ལས། རང་གི་བུ་ཕྲུག་དག་གི་བོད་ཡིག་ཡག་པོ་ཤེས་རྒྱུ་ཕར་ཞོག་བོད་སྐད་ཀྱང་བཤད་མི་ཤེས་པའི་ཚོད་དུ་ལུས་ཡོད་པ་རེད། དངོས་ནས་སེམས་སྐྱོ་བ་དང་ཚུགས་པ་ཟ་ཐེངས་རེ་རེར། ང་བོད་པ་ཚང་གི་བོད་སེམས་མེད་མཁན་དེ་དག་ལ་རྒྱུ་སེམས་དང་རང་གི་ཁེ་བཟང་ལས་བསམ་རྒྱུ་མེད་པ་དེ་འགྱུར་བ་རེ་གཏོང་རྒྱུའི་དབང་ཚད་ཞིག་ཡོད་ན་ཡང་བསམ་པའི་རྨི་ལམ་རེ་ཡང་རྨི་བཞིན་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese