མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་ཚོ་འཇིཌ་སྐུལ་བ་མིན།

བོད་ཀྱི་དུས་བབ།
༢༠༠༩/༠༡/༠༧
Share on FacebookShare on TwitterShare on EmailShare on Whatsapp

སྔར་ལོ་ནས་བཟུང༌། རྒྱ་ནག་གིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་འཇིགས་སྐུལ་རིང་ལུགས་པ་རེད་ཅེས་གཞི་མེད་སྐྱོན་འཛུགས་བྱས་དང་བྱེད་བཞིན་པ་དེ་དག་ལ་ང་ཚོས་དོན་དངོས་ཅི་ཡིན་ལན་འདེབས་བྱས་ཏེ་འཛམ་གླིང་གིས་མཁྱེན་རྟོགས་ཡོང་བ་བཟོ་གི་ཡིན་ཟེར།

ཕྱི་ཚེས་ ༦ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༡༠ བའི་སྟེང༌། བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དུ་དབུས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་དོན་འགྲུབ་རྡོ་རྗེ་ལགས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་དོན། ༢༠༠༨ ལོའི་སྤྱི་ཟླ་གསུམ་པའི་ཚེས་ ༡༠ ནས་བཟུང་བོད་ས་ཡོངས་སུ་བོད་མི་ཚོས་རང་འགུལ་གྱིས་འདས་བའི་ལོ་ལྔ་བཅུའི་ནང་བྱུང་མ་མྱོང་བའི་གཞི་རྒྱ་ཆེ་བའི་ལས་འགུལ་སྤེལ་བ་དང༌། རྒྱལ་སྤྱིའི་ནང་བོད་དོན་ཁྱབ་བསྒྲགས་ཤུགས་ཆེར་ཕྱིན་ཡོད་པ་སོགས་ཀྱིས་རྒྱ་ནག་གཞུང་ལ་སྔར་མེད་ཀྱི་གནོན་ཤུགས་ཆེན་པོ་ཞིག་སྤྲད་ཡོད་པ་དང༌།  རྒྱ་ནག་གིས། བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་པ་ནས་ང་ཚོའི་སྒྲིག་འཛུགས་མེད་པར་བཟོ་དགོས་པའི་སྐོེར་གླེང་བསྡད་ཡོད་པ་དང་ན་ཟུག་ཆེན་པོ་ཞིག་སྐྱེས་བསྡད་ཡོད་པ་བཞིན། སྤྱི་ལོ་ ༢༠༠༡ ལོར་ཨ་རིའི་ནང་འཇིགས་སྐུལ་རིང་ལུགས་པའི་དོན་རྐྱེན་བྱུང་བ་ནས་བཟུང༌། རྒྱ་ནག་གིས་ཨ་རི་གཞུང་ལ་ངོ་རྒོལ་གྱི་རྣམ་པ་སྟོན་མ་ཐུབ་པར་རྒྱབ་སྐྱོར་བྱས་པ་དང༌། རྒྱལ་སྤྱིའི་ནང་འབྲེལ་བ་ཤུགས་ཆེ་རུ་གཏོང་གི་ཡོད་པ་རེད། ཤར་ཏུར་ཀི་སི་ཐན་ནང་དུ་བོད་ཀྱི་གཞོན་ནུའི་ཡན་ལག་ཡོད་པར་བརྟེན་རྒྱལ་སྤྱིའི་ནང་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཏེ་འཇིགས་སྐུལ་རིང་ལུགས་པའི་སྒྲིག་འཛུགས་ཤིག་ཏུ་ངོས་འཛིན་ཡོང་ཐབས་ལ་ནུས་པ་ཆེན་པོ་བཏོན་ཡོད་པ་དང༌། ལྷག་པར་དུ་ད་ལོ་ནས་བཟུང་རྒྱ་ནག་གཞུང་གིས་དམིགས་བསལ་གྱིས་གསོ་སྐྱོང་བྱས་ཡོད་པའི་ཉམས་ཞིབ་པ་དང༌། མཁས་དབང༌། དེ་མིན་གཞུང་ཚབ་སོགས་བརྒྱུད་ནས་རྒྱལ་སྤྱིའི་ནང་བདེན་པ་མིན་པའི་གནས་ཚུལ་དྲིལ་བསྒྲགས་ཤུགས་ཆེར་བྱས་ཡོད་པ་དང༌། མངོན་གསལ་དོད་པོའི་སྒོ་ནས་གཞོན་ནུ་ལྷན་ཚོགས་ལ་འཇིགས་སྐུལ་རིང་ལུགས་པའི་ཚོགས་པ་སོགས་གཞི་མེད་སྐྱོན་འཛུགས་དང༌། ཁུངས་མེད་མིང་ཆད་འདྲ་མིན་ཞིག་འདོགས་ཀྱིན་ཡོད་པ་མ་ཟད། བོད་ནང་གི་བོད་མིའི་སྒེར་ལངས་བྱས་པ་དེ་ཕྱི་ནས་གོ་སྒྲིག་བྱས་པ་ཞིག་དང༌། ༧གོང་ས་མཆོག་དང༌། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་ཁག་ལ་རྒྱ་ནག་ཞིན་ཧྭ་གསར་ཁང་དང༌། རྒྱ་གཞུང་གི་བརྙན་འཕྲིན། དྲ་ལམ་ཁག་སོགས་སུ་ཁུངས་སྐྱེལ་ར་སྤྲོད་གང་ཡང་མེད་པའི་ཐོག་དྲིལ་བསྒྲགས་ཤུགས་ཆེན་བྱས་ཡོད་པ་རེད། གནས་ཚུལ་འདིའི་ཐད་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་སྤྱི་ལོ་ ༢༠༠༨ ལོའི་སྤྱི་ཟླ་ ༤ བའི་ནང་རྒྱ་ནག་གཞུང་ལ་ལན་འདེབས་ཀྱིས། གསར་འགོད་གསལ་བསྒྲགས་ཐེངས་གསུམ་ལྷག་སྤེལ་བ་ཡིན། དེ་ལྟ་ནའང༌།  རྒྱ་ནག་གིས། ལོ་འདིའི་བཙོན་འཇུག་ཁྲིམས་ཆད་ཁྲོད་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་ཡིན་པ་སོགས་ཀྱི་ཉེས་མིང་འོག་ཁྲིམས་ཆད་བཏང་ཡོད་པ་སོགས་ང་ཚོས་གསལ་བོར་ཤེས་ཡོད། དེ་བས། ང་ཚོ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་རྒྱ་ནག་གཞུང་གིས་མིང་ཆད་ངན་པ་བཏགས་པ་དང༌། ཁུངས་མེད་ཀྱི་གཏམ་སྣ་ཚོགས་སྨྲ་བ་སོགས་ཀྱི་ཐད་ང་ཚོ་སྐབས་བཅུ་གསུམ་པའི་རྒྱུན་ལས་ངོས་ནས་རྒྱ་ནག་གཞུང་ལ་བརྡ་ལན་གྱི་ཚུལ་ཏུ་དབྱིན་ཇིའི་ལམ་ནས་དེབ་ཆུང་  རྒྱ་ནག་ལ་ལན་འདེབས་ཅེས་པ་འདི་པར་སྐྲུན་འགྲེམས་སྤེལ་བྱེད་ཀྱིན་ཡོད་ལ། དེབ་འདིའི་ནང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་དང༌། རྒྱལ་ཁབ་བཅུ་གཉིས་ནང་ཡོད་པའི་ཚོགས་མི་ཁྲི་གསུམ་ལྷག་གི་དམིགས་ཡུལ་དང་ལངས་ཕྱོགས། དེ་མིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་བོད་པའི་སྤྱི་ཚོགས་ཁྲོད་གནས་བབ་དང་ནུས་པ་གང་འདྲ་ཡོད་མིན་སོགས་བཀོད་དེ་ཕྱི་རྒྱལ་ཡུལ་གྲུ་ཁག་གི་གཞུང་ཚབ། དེ་མིན་ཕྱིའི་རྒྱལ་ཁབ་ཁག་གི་ཉམས་ཞིབ་པ་དང་མཁས་པ། ཚོགས་པ་འདྲ་མིན་ནང་འགྲེམས་སྤེལ་བྱས་ཏེ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དམིགས་ཡུལ་དང་ལངས་ཕྱོགས་སོགས་གང་འདྲ་ཡིན་མིན་གསལ་བོར་རྟོགས་པ་ཞིག་བཟོ་གི་ཡིན། ཅེས་བརྗོད་སོང༌། 

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

ཆུ་ཚོད་ ༢༤ སྔོན་ལ།
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

ཆུ་ཚོད་ ༢༤ སྔོན་ལ།
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 5

  1. གནས་ཚང་། says:
    ལོ་ 17 སྔོན།

    ངས་ཁ་སང་དེབ་ཅིག་མཐོང་སོང་། དེ་ནི་ལོ་རབས་བདུན་ཅུའི་ནང་ལྷ་ས་ནས་པར་བསྐྲུན་བྱས་པ་ཞིག་དང་བོད་རྒྱའི་ཚིག་མཛོད་ཅིག་རེད། དེབ་དེའི་ནང་དུ་༼གི༽སྒྲ་མ་གཏོགས་བཀོལ་མི་འདུག དེ་ནས་མི་རྒན་ཁ་ཤས་སྐད་ཆ་འདྲི་རྒྱུ་བྱུང་ལ། ཁོང་ཚོས་༼རིག་གསར་གྱི་ཐོན་རྫས༽རེད་ཟེར། གཅིག་བྱས་ན་རང་ཚོས་ཀྱང་༼རིག་གནས་གསར་བརྗེ་ཆེན་པོ་གཉིས་པ༽རྡ་རམ་ས་ལ་ནས་སྤེལ་རྩིས་ཡོད་ས་རེད། གང་ལྟར་དེ་འདྲ་ཡིན་ན། མང་ཚོགས་མ་རྡུང་དཔོན་པོ་རྡུང་། དམངས་སྐད་མ་བཤིག་ར་མ་ལུག་གི་སྐད་བཤིག་རོགས་ཞུ་འདུན་བྱུང་།

    Reply
  2. བསེ་རུ། says:
    ལོ་ 17 སྔོན།

    སྟག་སྨྱོན་ལགས།
    ང་ནི་གི་སྒྲར་རང་བཙན་སྤྲོད་མི་རུང་ཞེས་ཤོད་མཁན་དེ་ཡིན་ལ།
    ཁྱེད་ཀྱང་དེའི་ཐད་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་སྙམ།

    ཁྱེད་ཀྱིས་དུས་བབ་ཀྱི་གསར་འགོད་པ་དོན་གྲུབ་བཀྲ་ཤིས་ལགས་ཀྱིས་གི་སྒྲའི་རང་བཙན་སླར་གསོ་གནང་བ་དེར་ཡི་རངས་བསྔགས་བརྗོད་ཞུ་བཞིན་ཡོད་དམ།
    ཡང་ན་དེ་ལ་རིགས་པས་ཐེར་འདོན་གནང་གིན་ཡོད་མེད་ལ་ལན་གསལ་ཞིག་གནང་རོགས།

    ང་གཉིས་དུས་བབ་ཀྱི་ཟིན་བྲིས་ནང་ནས་ཕན་ཚུན་འཕྲད་མྱོང་བའི་དྲ་གྲོགས་ཤིག་ཡིན་ཅིང་།
    ང་ནི་གི་སྒྲའི་བཙན་འཛུལ་སླེབས་འདུག་ཅེས་པའི་ཆེད་རྩོམ་འབྲི་མཁན་དེ་ཡིན།

    ང་ཚོས་ད་བར་ཕྱིན་ཟིན་པའི་རྐང་ལམ་གྱི་སྟེང་དུ་སྒྲ་སྦྱོར་ལྟར་བེད་སྤྱོད་གནང་སྟབས་རྙོག་མ་གཏིང་སློང་བྱས་མེད་ལ།
    ལོ་རབས་དྲུག་ཅུ་དང་བདུན་ཅུའི་ནང་ལ་རྒྱ་ནག་གཞུང་གི་བཀའ་བཀོད་ཡིན་ནམ་གང་ལྟར་གི་སྒྲར་རང་བཙན་ལོ་ཤས་ཐོབ་ཡོད་ཚོད་དུ་འདུག་ཀྱང་།
    ཕྱིས་སུ་བོད་ནང་གི་མཁས་པ་ནང་ཕན་ཚུན་བགྲོ་གླེང་དང་བསམ་ཚུལ་བཤད་རེས་གནང་སྟེ་གི་སྒྲའི་རང་བཙན་ཤོར་འདུག
    འདས་ལོ་སྟེ་ཉིས་སྟོང་བརྒྱད་ནང་བོད་ནང་གུད་ཆག་ཚབས་ཆེན་བྱུང་ཡོད་ཀྱང་།
    བོད་ཀྱི་སྐད་ཡིག་གི་བརྡ་སྤྲོད་རིག་པའི་ངོས་ནས་བཤད་ན།
    བྱ་བ་རླབས་ཆེན་ཞིག་བསྒྲུབས་ཡོད་པ་རེད།
    དེ་ནི་གི་སྒྲའི་རང་བཙན་སླར་གསོ་གནང་བ་དེ་རེད།
    དོན་དམ་དུ་གི་སྒྲར་རང་བཙན་ཐོབ་བམ།
    ངའི་ལྟ་ཚུལ་ལྟར་ན་བོད་གཞིས་བྱེས་གཉིས་སུ་འཁོད་པའི་ཤེས་ཡོན་ཅན་ཚོས་ནམ་ཞིག་བཀས་བཅད་ཀྱི་ཆིངས་ཡིག་མ་བཞག་བར་དུ་གི་སྒྲར་རང་བཙན་འཐོབ་ཀྱི་མ་རེད་བསམས།
    སྟག་སྨྱོན་ལགས་ཨེ་རེད།
    བོད་ཀྱི་དུས་བབ་ནི་བོད་མི་མང་གི་ཡིན་ལ།
    བོད་ཀྱི་དུས་བབ་ནི་བོད་མི་མང་གི་ཆོས་དང་རིག་གཞུང་སོགས་ལ་ཞབས་འདེབས་ཞུ་མཁན་ཞིག་ཡིན་པ་ནི་ང་ཚོས་མཐོང་བཞིན་ཡོད་ལ།
    དུས་བབ་རང་ཉིད་ཀྱི་དམ་བཅའ་ཡང་ཡིན་ངེས།

    Reply
  3. སྟག་སྨྱོན། says:
    ལོ་ 17 སྔོན།

    སྔར་ལོ་བོད་ནང་གི་ངོ་རྒོལ་དེ་ཞི་བ་ཡིན་མིན་རྩོད་འོས་པ་ལས་དེ་ཚོ་དྲག་སྤྱོད་པ་ཡིན་ཤག་དང་། རང་ཉིད་དེ་ལ་འབྲེལ་བ་མེད་ལུགས་བརྗོད་་པ་དང་དག་འབུལ་བྱས་ན་ཡག་པོ་མ་རེད། བོད་ནང་གི་བོད་མི་ཚོ་ཁེར་རྐྱང་དུ་ཕུད་ན་དེ་བས་ཀྱང་སྡུག་མོ་རེད།

    Reply
  4. སྟག་སྨྱོན། says:
    ལོ་ 17 སྔོན།

    ལ་དོན་དང་འབྲེལ་བའི་དཔེ། དེ་རིང་ཆུ་ཚོད་བདུན་པ་ལ་ཡར་ལ་ལངས་ནས་ཁ་ལ་ཟ་ཞོར་ལ་དུས་བབ་གི་དྲ་རྒྱ་ལ་སྟོས་པ་ཡིན། དེའི་རྗེས་ལ་ཁ་བརྡ་གི་ནང་ལ་ལ་གསར་བ་ག་རེ་བྲིས་འབྲི་གི་འདུག་ལྟ་ལ་སོང་ལ། དེ་ནའང་བེ་རི་མིང་མཐོང་བ་དང་ག་རེ་བྲིས་ཡོད་མེད་ལ་ལྟ་མ་དགོས་ལ་ཤེས་ཐུབ་གི་འདུག་ལ་ཀློག་འདོད་ཀྱང་མི་འདུག་ལ་དུས་ཚོད་ལ་སྟ་དུས་ལས་ཀ་ལ་འགྲོ་རན་འདུག འབྲི་སྟངས་འདི་འདྲ་བྱས་ནས་ག་དུས་གསར་བསྟོད་བྱེད་གི་ཡིན་ལགས་དུས་བབ་ཚང་གི་རྩོམ་འགོད་པ་ཚོ།

    Reply
  5. སྟག་སྨྱོན། says:
    ལོ་ 17 སྔོན།

    “བོད་ཀྱི་གཞོན་ནུ་མ་རེད།” “བོད་གི་གཞོན་ནུ་”ཟེར་དགོས། དཔེར་ན། བོད་གི་གཞོན་ནུ་ལྷན་ཚོགས་གི་ཚོགས་གཙོ་གིས་གསུང་གི་ཡོད་པ་བདེན་པ་རེད། ལྟ་བུའོ། དུས་བབ་གི་གསར་འགོད་པ་གིས་རང་གི་གསར་གཏོད་བྱས་པ་གི་བརྡ་སྤྲོད་གསར་མ་བརྩི་སྲུང་བྱེད་གི་མི་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese