མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྷ་སྐྱིད་ལ་བྲིས་པ།

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༠༡/༡༢
Share on FacebookShare on TwitterShare on EmailShare on Whatsapp

ང་རང་སྨྱོས་སོང་། ཆགས་སྲེད་ཀྱི་འཕར་རྩ་ཁྲག་གི་ཟོས་དེ། ལུས་ཕྱི་ནང་གི་ཚང་མ་མེ་ལྟར་འབར། མེ་ལྟར་འབར་བའི་ཆགས་སྲེད་ཀྱིས་ངའི་མདུན་ལམ་ལ་མུན་མ་འཐིབ། བུད་མེད་མཐོང་ཚད་ཀྱི་ངའི་ལྟག་རྒྱབ་དུ་ངའི་སྲེད་ཆགས་ཀྱི་ཚོར་བ་ཧ་ཅང་མྱུར། མྱུར་སྟབས་ཀྱིས་ངའི་ཟུངས་ཁྲག་གི་དངས་མ་ཁུ་བ་བརྔུབ། ཁུ་ཁྲག་གི་ཟུངས་བཅུད་ཉམས་རྗེས་སུ། ང་རང་མི་གཞན་ཞིག་དུ་འགྱུར། འགྱུར་ལུགས་མི་འདྲ་བའི་རྣམ་གྲངས་རེ་རེའི་ངའི་སེམས་པ་གཞན་ཞིག་ལ་བསྒྱུར་ཞིང་མིག་ལམ་དུ་ཆུང་མ་ཞིག་ལ་དུངས་ཤ་བརླན་འདོད་ཀྱི་རྨི་ལམ་སྣ་ཚོགས་རྨིས། རྨིས་པའི་རྨི་ལམ་དགུང་གི་འཇའ་ལྟར་ཡལ་རྗེས། ང་སླར་ཡང་རང་གི་ཕྱི་ནང་གི་ཚེ་སྲོག་ནང་དུ་ག་ལེར་འབྱོར།

འདང་རྒྱག་གི་དྲ་རྒྱ་ཁ་ཕྱེ་ནས། མི་ཡུལ་བའི་འགྲོ་ལུགས་ལ་གུས་བཀུར་བྱེད་འདོད་ཀྱིས་དལ་བར་ལྡིང་བའི་སྙིང་ཁ་རུ་སླེབས། ལྷ་ལ་སྐྱབས་བཅོལ་བའི་རྣམ་ཤེས་ཁེར་རྐྱང་དུ་ལམ་ལ་འབུད། གདོན་གྱི་བཟུང་བའི་སྣང་བ་རྣམ་དོག་རང་སར་ཞི། འདི་ལྟར་རང་གི་ནག་ཉེས་ཡོད་ཚད་ཤིན་དུ་ལྐོག་གྱུར་གྱི་ཚད་དུ་སྙེགས། ལྐོག་གྱུར་གྱི་ཞིང་ཁམས་དེ་ནས་ང་ལ་ཁྲིམས་ཆད་གཏོང་མཁན་ཚོས་ལག་གཡུག་བྱེད། ངེད་ཀྱིས་དགའ་སྣང་དང་བཅས་འགྲོ་གྲབས་བྱེད་ཐེངས་རེར། ངས་ལྟག་རྒྱབ་དུ་བུ་མོ་ཆུང་ཆུང་ཞིག་ངུ་བཞིན་པ་ཐོས། ངུ་སྐད་དེ་ཐོས་ཐེངས་རེར། ངས་བུ་མོ་ཆུང་ཆུང་དེ་ངུ་བཞིན་པའི་ཕྱོགས་སུ་ཁ་ཕྱི་འཁོར། ཡང་སྙིང་། ངས་ལྟག་རྒྱབ་དུ་ངུ་བཞིན་པའི་བུ་མོ་ཆུང་ཆུང་དེ་སུ་ཡིན་ནམ།

བུ་མོ་ཆུང་ཆུང་ལགས། ཁྱེད་རང་མ་ངུ། ང་རང་ཁྱེད་ཀྱི་ཆེད་དུ་འཚོ་ཡོད་པས། མ་ངུ་དང་། འཚོ་བ་མ་གཞི་ནས་དགའ་སྐྱོ་ཟུང་དང་བདེ་སྡུག་མཉམ་བསྲེས་ཤིག་ཡིན། མཚམས་རེར་སྐྱིད་སྣང་ཡོད་ལ་སྐབས་རེར་སྡུག་སྣང་ཡོང་བ། སྲིད་པའི་གྲུབ་ལུགས་ཡིན་པས། རང་གཤིས་དེ་ང་ཚོ་དབུགས་ཐོག་སུས་ཀྱང་འགྱུར་བ་གཏོང་མི་ཐུབ་པ་ཞིག་ཡིན་པ་རེད།

བུ་མོ་ཆུང་ཆུང་ལགས། ངས་ཤེས་སོང་ཁྱེད་རང་བདག་གི་སྙིང་ནས་བརྩེ་བའི་ནུ་མོ་རེད། ནུ་མོ་ལགས། ཕུ་བོ་ང་རང་ཡང་དང་བསྐྱར་དུ་ཁྱེད་རང་ལ་ཐུག་འཕྲད་བྱེད་དུ་ཡོང་འདོད་མེད་པ་མ་ཡིན་པར། ནུ་མོ་ཁྱེད་ཀྱི་སློབ་སྤྱོང་ལ་འཐུས་ཤོར་འགྲོ་དོག་དང་ས་མཐའ་ནས་མ་དངུལ་མེད་པའི་འཚོ་བའི་ནང་དུ་ཚོང་ལས་བྱེད་དུས། ཕུ་བོ་ངའི་སེམས་ནང་ད་དུ་དཀའ་ངལ་ཅི་ཙམ་འཕྲད་ཀྱང་། དེ་ལ་ཕུ་བོ་ངས་བཟོད་བསྲན་བྱེད་ཐུབ་ཀྱི་འདུག་མོད། མ་འོངས་པའི་ཁྱེད་ཀྱི་མདུན་ལམ་ཆེད་དུ་མ་དངུལ་ཞིག་འཇོག་མ་ཐུབ་དུས། ཕུ་བོ་ང་རང་ཤི་ན་དབུགས་འགྲོ་ས་མ་རེད།

ནུ་མོ་ལགས། ཁྱེད་ཀྱིས་སློབ་གྲའི་སྐྱེད་ཚལ་དེ་ནས་ཤེས་རིག་གི་མེ་ཏོག་མང་བོ་མང་བོ་ཞིག་འཐུ་རོགས་གནོང་དང་། ནམ་ཞིག་ཁྱེད་ཀྱི་སློབ་འབྲས་ཐར་སོན་བྱུང་དུས། ངས་ཁྱེད་རང་ཕྱིར་ཕ་ཡུལ་དུ་འཁྲིད་ཆོག  དེ་དུས་ཕ་མ་གཉིས་གཙོ་བའི་ནང་མི་ཚོས་ཁྱེད་རང་ལ་བསྟོད་བསྔགས་བྱེད་ངེས་ཡིན་ལ། སྐབས་དེར་ཕུ་བོ་ངས་འོས་འགན་ཡང་གང་ཙམ་འགྲུབ་སོང་བ་ཡིན་ནོ།

                                                                                                          ༡།༩།༠༦ཤིམ་ལུང་དུ་བྲིས།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

ཆུ་ཚོད་ ༡༨ སྔོན་ལ།
The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

༢༠༢༦/༠༨/༡༨
ཉེ་ལམ་རྒྱ་ནག་གིས་བླ་རུང་སྒར་གཏོར་བཤིག་གཏོང་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གཞུང་གིས་བླ་རུང་སྒར་དུ་དམག་མི་འབོར་ཆེན་བཀྲམ་ནས་དམ་དྲག་ཤུགས་ཆེན་བྱེད་ཀྱིན་འདུག 

༢༠༢༦/༠༨/༡༨
གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༡༧
Mobile App

གཏན་ཉིན་སློབ་གྲྭ་བཅོ་ལྔ་ཡི་རིགས་ལམ་འདུ་འཛོམས་འཚོག་བཞིན་འདུག 

༢༠༢༦/༠༨/༡༧
Mobile App

རྒྱ་ནག་གིས་ནེའུ་ཛི་ལན་ཌིའི་བོད་མི་ཚོར་འཇིགས་སྐུལ་བྱེད་བཞིན་འདུག

༢༠༢༦/༠༨/༡༧
Mobile App

ཡུན་རིང་བའི་རྩ་དོན་འཐབ་རྩོད་ཁྲོད་འབྱུང་ངེས་པའི་ནང་ཁུལ་རྩོད་རྙོག

༢༠༢༦/༠༨/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese