མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འབྲོ། ང་ཚོ་ཚང་མ་རྒྱ་གར་དུ་འབྲོ།

བོད་ཀྱི་དུས་བབ།
༢༠༠༩/༠༡/༡༢
Share on FacebookShare on TwitterShare on EmailShare on Whatsapp

དེང་སྐབས་བོད་ནང་གི་གྲྭ་བ་དང་སློབ་མ་ཚོ་རྒྱ་གར་ལ་འབྲོ་རྒྱུའི་འདུན་པ་ཤུགས་ཆེ་རུ་འགྲོ་གི་འདུག ད་སྐབས་གྲོགས་པོ་སུ་ལ་ཐུག་ཀྱང་རྒྱ་གར་ལ་བྲོས་བྱོལ་དུ་འགྲོ་རྒྱུའི་ཐབས་ལམ་ཏག་ཏག་བཤད་གི་འདུག་ཡིན་ཡང་བྲོས་ནས་ཐར་ས་ཞིག་ཡོད་རབས་མི་འདུག་ཟེར།

ཉེ་ལམ ༢༠༠༩ ལོའི་རྒྱལ་སྤྱིའི་ལོ་སར་དང་བསྟུན་ནས་ངན་པ་དགུ་འཛོམས་དང་བཟང་བོ་བཅུ་འཛོམས། ད་དུང་རེས་གཟའ་ཉི་མ་སོགས་རིམ་བཞིན་ཉིན་བཞིའི་རིང་གུང་གསེང་སྤྲད་སོང༌། ང་རང་གི་སེམས་ལ་ངན་པ་དགུ་འཛོམས་ཞེས་འཛེམས་རྒྱུ་དང་བཟང་བོ་བཅུ་འཛོམས་ཞེས་དགའ་བ་ཞིག་ཁྱོན་ནས་སླེབས་མ་སོང༌། སྐབས་དེར་སྐྱོ་གདུང་དང་ན་ཟུག་གི་བར་ན་བཟི་བའི་ངའི་གོམ་ཁ་ཁྱར་ཁྱོར་དེ་དྲ་ཁང་ཞིག་གི་ཕྱོགས་སུ་བསྐྱོད་པ་ཡིན། དྲ་ཁང་དེ་ནས་ངས་བོད་ནང་གི་གྲོགས་པོ་སྐོར་ཞིག་ལ་འབྲེལ་བ་བྱས། དེའང་བསམ་བཙུགས་ནས་བོད་ནང་གི་ཛ་དྲག་གནས་སྟངས་དེ་ཚོར་ ༢༠༠༩ ལོའི་ནང་འགྱུར་བ་འདྲ་ཐེབས་ཡོད་མེད་ཤེས་འདོད་སྐྱེས་ནས་འབྲེལ་བ་བྱས་པ་ཡིན། ཁོང་ཚོ་ནི་སློབ་མ་དང་གྲྭ་བ་རྐྱང་རྐྱང་རེད། དང་པོ་ང་ཚོས་ཁྱེད་བདེ་ང་སྐྱིད་ཀྱི་འཚམས་འདྲི་སྟབས་བདེ་ཞིག་བྱས་ནས་རིམ་བཞིན་ལབ་གླེང་འདྲ་མིན་བྱས་པ་ཡིན། སྐབས་དེར་ངས་བོད་ནང་གི་གནས་ཚུལ་ཁག་ཅིག་དྲིས་པར་ཁོང་ཚོས་གསུང་རྒྱུར། ད་སྐབས་བོད་སྤྱི་ཡོངས་ཀྱི་བདེ་འཇགས་ཐད་ནས་བལྟས་ན་ཅུང་ཙམ་ཡག་ཏུ་འགྲོ་གིན་ཡོད་ནའང༌། བྱེ་བྲག་གི་ཐད་ནས་བལྟས་ན་སྔར་ལས་ཛ་དྲག་གི་གནས་སྟངས་ཤིག་ཆགས་ཡོད་པ་རེད། དཔེར་ན་རྒྱ་ནག་གི་ཉེན་རྟོག་མི་སྣས་དགོན་སྡེ་ཁག་དང་སློབ་གྲྭ་ཁག ད་དུང་ཞིང་འབྲོག་གི་ས་གནས་ཁག་ན་ཉེན་སྲུང་བྱས་ཡོད་པ་མ་ཟད་ས་གནས་དེ་དག་གི་ནང་ནས་ཁོ་ཚོའིརྒྱ་ནག་གི་ཉེན་རྟོག་མི་སྣ།སྣང་བར་མི་འགྲོ་བའི་མི་དེ་ཚོ་གཅིག་རེ་གཉིས་རེ་བྱས་ནས་ཁྲིམས་ལ་སྦྱོར་གྱིན་ཡོད་པ་རེད། དེ་ཚོ་ལ་ཉེས་པ་ཆེན་པོ་དགོས་གི་མ་རེད། དཔེར་ན་མི་དེའི་སྐོར་ཞིག་གིས་ཁ་པར་རྒྱབ་ནས་ཡུན་རིང་འགོར་སོང་ནའང་ཉེས་པ་གཅོད་གི་རེད། ཁྱེད་ཀྱིས་ཡུན་རིང་བོ་དེ་འདྲ་ལ་ག་རེ་ལབ་གི་ཡོད། སུ་ལ་འབྲེལ་བ་བྱེད་གི་ཡོད་ཟེར་ནས་ཁྲིམས་ལ་སྦྱོར་གི་རེད། དེ་ཚོ་མི་གཞན་ལ་ལབ་ན་ཡིད་མི་ཆེས་བ་འདྲ་བོ་ཞིག་རེད། ཉེས་མེད་ཀྱི་ནག་ཉེས་བཏགས་པ་དེ་ཚོའང༌། མི་མང་གི་མགོ་འཁྲིད་ཐུབ་མཁན་དང་ཡང་ན་ཉེ་སྔོན་འོས་ལངས་བྱས་པའི་ཁྲོད་ཀྱི་མི་དེ་འདྲ་རེད། དེ་འདྲ་བྱས་ནས་མི་ཡག་པོའི་སྐོར་ཁྲིམས་ལ་སྦྱར་ན་ཁོང༼རྒྱ་ནག༽ཚོ་བདེ་འཇགས་ཡོང་གི་རེད། མི་མང་གི་མགོ་འཁྲིད་ཐུབ་མཁན་མེད་ན་འོས་ལངས་བྱེད་ཐུབ་གི་མ་རེད། དེ་འདྲ་བྱས་ནས་ཉེས་མེད་ཀྱི་ཁྲིམས་དེ་འདྲ་བཟོ་གི་ཡོད་པ་རེད། དེ་ཚོ་ཕྱི་ལོག་གི་གསར་འགྱུར་བརྒྱུད་ལམ་ཁག་ལ་འགྲོ་ཐུབ་གིན་ཡོད་པ་མ་རེད། རྒྱུ་མཚན། དེའི་རིགས་ཀྱི་དམག་མི་ཚོ་དཔུང་ཁག་དང་རྔམ་བརྗིད་བྱས་ནས་ཡོང་གི་ཡོད་པ་མ་རེད། དམག་མི་རེ་ཟུང་ཞིག་གིས་ལས་ཀ་དེ་སྒྲུབ་གིན་ཡོད་པ་རེད། ཁ་ཅིག་དམག་མི་ཡིན་པའང་ཧ་གོ་གི་མ་རེད། ཁ་ཤས་ཀྱིས་དམག་ཆས་གྱོན་ཡོད་པ་རེད། ཁ་ཤས་ཀྱིས་གྱོན་ཡོད་པ་མ་རེད། དེ་འདྲ་རེད་ཟེར།

ངས་ཁོང་ཚོར། ཁྱེད་ཅག་གིས་ཕྱི་ལོག་གི་བོད་མི་ཚོས་ཅི་ཞིག་སྒྲུབ་གི་ཡོད་མེད་དང་ཡང་ན་གསར་འགྱུར་བརྒྱུད་ལམ་དེ་འདྲ་ལ་ཉན་ཐུབ་གི་འདུག་གམ་ཞེས་དྲིས་པར། ང་ཚོས་ཅི་གང་གོ་གི་མི་འདུག ཤེས་ཐུབ་གི་མི་འདུག ཡིན་ནའང་གྲྭ་བ་དང་སློབ་མ་ཚོ་རྒྱ་གར་ལ་འགྲོ་རྒྱུའི་འདུན་པ་ཤུགས་ཆེ་རུ་འགྲོ་གི་འདུག ད་སྐབས་གྲོགས་པོ་ཚོའི་སུ་ལ་ཐུག་ཀྱང་རྒྱ་གར་ལ་བྲོས་བྱོལ་དུ་འགྲོ་རྒྱུའི་ཐབས་ལམ་ཏག་ཏག་བཤད་གི་འདུག ཡིན་ནའང་འགྲོ་ཡ་ཁག་པོ་འབྱུང་གི་ཡོད་ས་རེད། ཉེ་སྔོན་ང་ཚོའི་དགོན་པ༼རྔ་བ་སྒོ་མང་དགོན།༽ནས་གྲྭ་བ་ལྔ་དྲུག་ཅིག་སོང་བ་རེད་དེ་ཐར་ཡོད་ས་མ་རེད། ད་སྐབས་གང་དུ་ཡོད་མེད་ཀྱང་ཧ་གོ་གི་མེད་ཟེར།
སྐབས་དེར་ངས། ཁྱེད་ཚོས་བསམ་ན་བོད་དོན་འདི་ཐབས་ལམ་ག་འདྲ་ཞིག་ལ་བསྟེན་ན་ད་གཟོད་འཚེ་མེད་ཀྱི་ཐོག་ནས་འགྲུབ་པར་འདོད་ཅེས་དྲིས་པར། སློབ་མ་ཞིག་གིས་བཤད་རྒྱུར། དངོས་གནས་དྲང་གནས་བཤད་ན་འཚེ་མེད་ཀྱི་ཐོག་ནས་འགྲུབ་དགོས་ཞེས་པ་དེ་ཧང་སང་བའི་ཁག་པོ་རེད་འདོད། རྒྱུ་མཚན་ནི་རྒྱ་ནག་འདི་ཕར་ལ་སྙིང་བསྟན་ན་ཚུར་ལ་གློ་སྟོན་མཁན་ཞིག་རེད། དེ་བས་ཁོང་ཚོའི་ཁེ་ཕན་དང་རེ་བ་འགྲུབ་སོང་ན་དེ་ལས་གཅིག་ཀྱང་དགོས་གི་མ་རེད། དེ་གཅིག་རེད། རིན་པོ་ཆེ་ཁོང་ལ་དངོས་སུ་མཇལ་འཕྲད་གནང་ཐུབ་ན་ལྟ་རྒྱུ་ཞིག་ཡོད་པ་རེད་བསམ། དེ་མ་གཏོགས་ང་ལ་དེའི་སྐོར་ནས་རེ་བ་མེད་ཟེར།
མཚམས་དེ་ནས་བཟུང་ཁོང་གི་སྐད་ཆ་གསལ་བོར་གོ་གི་མི་འདུག་ལ། ཁོང་ཚོ་དྲ་ཁང་དེའི་ནང་སྟབས་བདེ་བོ་ཞིག་ཡོང་གི་མ་འདུག་ཟེར།
འབྲོག་རུ་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།

སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

ཆུ་ཚོད་ ༡༧ སྔོན་ལ།
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

ཆུ་ཚོད་ ༢༠ སྔོན་ལ།
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

ཆུ་ཚོད་ ༢༡ སྔོན་ལ།
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

༢༠༢༦/༠༣/༡༨

མཆན། 8

  1. ཁ་བ། says:
    ལོ་ 17 སྔོན།

    སློབ་འབྲིང་འགྲིམས་པའི་སྐབས་སུ་ང་ལ་ཡང་རྒྱ་གར་དུ་འབྲོ་བའི་འདུན་པ་ཆེན་པོ་བྱུང་།

    Reply
  2. དགྲ་འདུལ། says:
    ལོ་ 17 སྔོན།

    ཁོང་གི་སྐད་ཆ་དེ་ངོས་མགོ་ཚོད་མ་སོང་།

    Reply
  3. དགྲ་འདུལ། says:
    ལོ་ 17 སྔོན།

    ཝེ། སྟག་སྨྱོན་གྱི་སྐད་ཆ་འདི་ལ་ང་ལ་གསལ་བཤད་བྱེད་མཁན་ཞིག་ཡོད་དམ། ཁོས་ག་རེ་བཤད་གི་ཡོད་པ་རེད། ཁོང་གི་སྐད་ཆ་ད

    Reply
  4. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    དགྲ་འདུལ་གོ་བ་ལོག་ནི་ཡིན་ས་རེད། དེ་མིན་ཁྱེད་རང་ལ་ནག་པོ་བཟོ་མི་ཡོང་། ཨེ་རེད་དྲ་གྲོགས་ཚོ

    Reply
  5. སྟག་སྨྱོན། says:
    ལོ་ 17 སྔོན།

    སྙིང་རྗེ་དགྲ་འདུས་ཟེར་མིས་ང་ནག་པོ་བཟོ་ཁུལ་དང་དཀྲུགས་ཤིང་བརྒྱག་ཁུལ་བྱེད་ཀྱི་འདུག འོན་ཀྱང་གྲོག་མའི་གཅིན་གྱིས་ས་སྦང་གི་མ་རེད།

    Reply
  6. དགྲ་འདུལ། says:
    ལོ་ 17 སྔོན།

    སྟག་སྨྱོན་གྱིས་གཞིས་ལུས་བོད་མི་ཚོར་ཚིག་ལོག་རྒྱག་གིན་འདུག

    Reply
  7. འབྲོག་རུ་ཆོས་གྲགས། says:
    ལོ་ 17 སྔོན།

    རེད་ཡ། སྟག་སྨྱོན་ལགས། མ་གཞི་ནས་རང་དབང་ལུང་བ་ན་ཡོད་དུས་ཅི་ཞིག་ཡིན་ཡང་རང་དབང་ཡིན། ཡིན་ནའང་བོད་ནང་གི་གནས་སྟངས་དེ་ཚོ་དེ་འདྲ་ཞིག་གཏན་ནས་མ་རེད། ཁོང་ཚོས་དེ་འདྲ་གི་ཉན་ས་དང་ལྟ་ས་མེད་པ་ཤེས་མེད་ནི་མ་རེད། ཁོང་ཚོར་དེ་འདྲ་ལ་ཉན་ཡ་དང་ལྟ་ཡ་གི་རང་དབང་མེད་སོང་བ་རེད། དེ་མ་གཏོགས་ཁོང་ཚོ་ང་ཚོ་ནང་བཞིན་ལྐུག་སོང་ནི་མ་རེད་ལགས།

    Reply
  8. སྟག་སྨྱོན། says:
    ལོ་ 17 སྔོན།

    ཤེས་ཐུབ་ཀི་མེད་ན་ཨ་རི་ན་བཤད་ཀི་ཡོད་པའི་གསར་འགྱུར་དང་། གསར་ཁག་གི་ནང་འགོད་ཀི་ཡོད་པའི་གནས་ཚུལ་ལ་དོན་སྣང་བྱེད་རྒྱུ་གལ་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese