མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ས་གླང་གི་ལོ་གསར། མྱ་ངན་གྱི་དུས་ཚིགས།

བོད་ཀྱི་དུས་བབ།
༢༠༠༩/༠༡/༡༦
Share on FacebookShare on TwitterShare on EmailShare on Whatsapp

ཉེ་བའི་ཟླ་ཤས་ནས་བོད་ཕྱི་ནང་གི་དྲ་ཚིགས་དང་ཚགས་ཤོག་སོགས་གསར་འགྱུར་བརྒྱུད་ལམ་ཁག་གི་ནང༌། འཆར་ལོའི་ལོ་གསར་དུས་ཚིགས་དེ་མྱ་ངན་གྱི་རྣམ་པས་སྲུང་བརྩི་བྱ་རྒྱུའི་སྐོར་བཀོད་པ་སོགས་ལ་བསམ་ན། འཆར་ལོའི་ལོ་གསར་དུས་ཚིགས་ནས་མགོ་བཙུགས་ཏེ་བོད་ཆོལ་ཁ་གསུམ་སྐྱིད་སྡུག་མཉམ་མྱོང་དང༌། ཚོར་སེམས་གཅིག་གྱུར། རྡོག་རྩ་གཅིག་སྒྲིལ་དེ་སྔའི་ཆོས་རྒྱལ་ཚོའི་སྐབས་ཀྱི་བོད་ཁམས་དང་མཚུངས་པ་ཞིག་ཡོང་རྒྱུ་ཡིན་པར་ཚོམ་པ་མི་དགོས་ཤིང༌། དེ་བཞིན། འདི་ལོའི་ནང་ཆོལ་གསུམ་བོད་མི་སྐྱ་སེར་རྒན་གཞོན་གྱི་དབྱེ་བ་མེད་པར་དཔའ་ངར་ཆེན་པོས་སྡེབ་ལངས་བྱས་པའི་སྟོབས་ཤུགས་དེས་སེམས་ཁམས་མང་པོ་ཞིག་གཅིག་ཏུ་བརྒྱུས་ནས་ཡོད་ཐོག་འདིར། ང་ཚོས་མཐུན་སྒྲིལ་གྱི་ལག་གདང་དང་སྟོབས་ཤུགས་འདི་དུས་ནམ་ཡང་མི་ཉམས་པའི་འགན་ལེན་ཞུ་སྒོ་ཆེ་ཕྲར་དོ་སྣང་བྱེད་དགོས་པའང་གལ་ཆེན་ནང་གི་དོན་ཆེན་རེད།

མདོ་སྨད་རེབ་གོང་རོང་འབྲོང་གི་དགོན་གྲོང་ཁག་ནས་ས་གླང་ལོའི་གནམ་ལོ་གསར་ཚེས་ལ་དགའ་སྟོན་བྱེད་སྒོ་གང་ཡང་མི་སྤེལ་རྒྱུའི་སྐོར་བརྒྱ་ཁ་གཅིག་ཆོད་ཡིན་འདུག་ཅིང༌། དེ་ཡང༌། ཤོ་སྦག་རྒྱག་པ་དང༌། གླུ་ལེན་གར་རྩེད་བྱེད་པ། གྲོང་ཁྱིམ་ཕན་ཚུན་བར་མགྲོག་འབོད་དགྱེས་སྟོན་ལ་རོལ་བ་སོགས་ཀྱི་བྱེད་སྒོ་མཐའ་དག་མཚམས་འཇོག་གིས་ས་བྱིའི་ཞི་རྒོལ་ཆེན་མོའི་ནང་དམར་གསོད་བཏང་བའི་སྤུན་ཟླ་ཕོ་མོ་དག་ལ་མྱ་ངན་དང༌། བཙོན་དུ་བཞུགས་པའི་སྤུན་ཟླ་ཕོ་མོ་ཡོངས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་དུས་ཚིགས་ཤིག་ཏུ་ངོས་འཛིན་གཅིག་གྱུར་བྱུང་ཡོད་འདུག་སྟབས། ནམ་རྒྱུན་གྱི་དབང་དུ་བྱས་པས། ཁ་སང་དེ་རིང་གི་དུས་ཚིགས་འདི་ནི་ལོ་གསར་དགའ་སྟོན་གྱི་གྲ་སྒྲིག་གི་འུར་ཟིང་ཆེ་སྒང་ཡིན་ནའང༌། ད་ལོར་ནི་ཁྲོམ་སྲང་ཆེ་ཆུང་ན་ཤོ་སྦག་བཙོང་མཁན་གྱི་བོད་པའི་ཚོང་པ་མཐོང་རྒྱུ་མེད་པ་དང༌། དེ་བཞིན་ཤོག་སྦག་ཉོ་བརྩད་བྱེད་མཁན་གྱི་བོད་རིགས་ཀྱང་མཐོང་རྒྱུ་མེད་པའི་ཚོད་དུ་ཡོད་འདུག

ས་གནས་སུ་གནས་སྡོད་པ་ཞིག་གིས་འགྲེལ་བརྗོད་བྱས་པ་ལྟར་ན། འཆར་ལོའི་ལོ་གསར་ནི་མྱ་ངན་གུས་འདུད་ཅིག་ཏུ་ངོས་འཛིན་དང་ཆགས་ཅིག་པར་ཡོད་པ་དང༌། སླད་ཕྱིན་གྱི་ལོ་གསར་ལ་མཚོན་ནའང༌། ད་ནི་བོད་པ་རང་གི་ལོ་གསར་གཏོང་བ་ལ་ཁ་ཕྱོགས་མཁན་མང་བ་ལས། རྒྱ་ནག་དང་ལྷན་དུ་ལོ་གསར་དུས་ཚིགས་ལ་རོལ་བ་འདི་ཡང་ང་ཚོར་འཚམ་པོ་མེད་པར་གླེང་མཁན་མང་དུ་འདུག་ལ། དེ་བཞིན་ལོ་ཤས་གོང་ནས་བོད་ཀྱི་ལོ་གསར་ལ་དམིགས་པའི་དགྱེས་སྟོན་ཆེ་ཆུང་སྣ་ཚོགས་ཤིག་བྱུང་ཡོད་པ་དེ་དག་གི་ཤུགས་རྐྱེན་ལྟ་བུས། ལོ་ཤས་ནས་བོད་ཆོལ་ཁ་གསུམ་གྱི་ལོ་གསར་དུས་ཚིགས་གཅིག་གྱུར་ཏད་ལའང་ད་ལྟ་ནས་མི་མང་པོས་གླེང་སློང་བྱེད་ཀྱི་འདུག་ཟེར།

ཡང༌། ད་ལོའི་ལོ་གསར་དེ་དགྱེས་སྟོན་གྱི་རྣམ་པ་མ་ཡིན་པ་ཟེར་དུས་སྲུང་བརྩི་བྱེད་སྟངས་དེ་གང་འདྲ་ཞིག་བྱེད་རྩིས་ཡོད་པ་རེད་ཅེས་དྲིས་པར། ལོ་གསར་ཚེས་གཅིག་དེ་ནམ་རྒྱུན་དང་འདྲ་བའི་འུར་ཟིང་དང༌། གཟབ་འཆོར་གྱི་རྣམ་པ་མེད་པ་ཞིག་དང༌། བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་ལུས་སྲོག་ལོངས་སྤྱོད་བློས་གཏོང་གནངས་མཁན་གྱི་དཔའ་བོ་དཔའ་མོ་ཚོར་མྱ་ངན་གུས་འདུད་ཀྱི་མཆོད་མེ་འབུལ་བ་དང༌། སྨོན་ལམ་སྐྱབས་འཇུག་ཞུ་བ་སོགས་ནས་མགོ་བཙུགས་ཏེ། ཕོ་མོ་རྒན་གཞོན་ཚང་མའི་སེམས་ནང་སྐྱིད་སྡུག་མཉམ་མྱོང་གི་ཚོར་སྣང་སླེབས་པ་ཞིག་ཏུ་སྲུང་བརྩི་བྱེད་དགོས་པ་དེ་རེད། དཔེར་ན། འཆར་ལོའི་ལོ་གསར་ནི་གྱ་དགུ་ལོར་པཎ་ཆེན་རིན་པོ་ཆེ་སྐུ་གཤེགས་པའི་ལོ་དང་མཚུངས་པར། མྱ་ངན་གྱི་དུས་ཚིགས་ཤིག་ཆགས་རྒྱུ་རེད་ཟེར།

རྡོ་རྗེ་དབང་ཕྱུག་གི་དུས་བབ་ཟིན་བྲིས་ནས་བཤུས།

འབྲེལ་ཡོད་གསར་འགྱུར།

པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

ཆུ་ཚོད་ ༡༢ སྔོན་ལ།
ཉིན་གསུམ་རིང་གི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་ཆེན་གྱི་མཇུག་སྡོམ་མཛད་སྒོ་འཚོགས། ༢༠༢༦།༣།༩། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

འཛམ་གླིང་ཡོངས་ཀྱིས་བོད་དོན་ཐོག་ཆུ་ཚོད་མང་པོ་བཏང་ནས་ལས་ཀ་བྱེད་དགོས་སྐོར་གསུངས།

༢༠༢༦/༠༣/༠༩
Photo Credit: UYGHUR HUMAN RIGHTS PROJECT
Mobile App

ཨི་ཊ་ལིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱེད་མཁན་རྒྱ་རིགས་ ༨ ཕྱིར་ཕུད་བཏང་།

༢༠༢༦/༠༣/༠༩
Prayerwheel being used for Chinese Propaganda in Chushul county, Tibet, Photo: Tibet Times
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཨ་རིས་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྙན་ཐོ་བཏོན། 

༢༠༢༦/༠༣/༠༩
Mobile App

རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་འདུ་དབུ་འཛུགས་གནང་སོང་།

༢༠༢༦/༠༣/༠༧
བོད་དོན་རྒྱབ་སྐྱོར་བ་ཝི་ཇི་ཀ་རིན་ཏི་ལགས་ཀྱིས་རྩོམ་སྒྲིག་བྱས་པའི་བོད་དུ་རྒྱ་ནག་གི་མི་སེར་སྤེལ་བའི་རྩེད་མོ་ཞེས་དཔེ་དེབ་ཅིག་དབུ་འབྱེད་གནང་། ༢༠༢༦།༣།༠༦ དུས་བབ་ཀྱི་པར།
Mobile App

བོད་དུ་རྒྱ་ནག་གི་མི་སེར་སྤེལ་བའི་རྩེད་མོ་ཞེས་པའི་དེབ་ཅིག་བཏོན།

༢༠༢༦/༠༣/༠༦

མཆན། 4

  1. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 17 སྔོན།

    བསེ་རུ་ཡི་ཚོད་དཔག་ནོར་སོང་བ་རེད། སྐར་མས་བཤད་པ་བདེན་པ་རེད།
    དོན་མེད་དུ་ཝ་སྐད་འདོན་གི་མ་འདུག

    Reply
  2. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    དྲ་གྲོགས་སྐར་མ་ལགས། ང་རང་གི་བལྟས་ན་ཁྱེད་རང་གི་སྐད་ཆ་བཤད་ཕྱོགས་དེ་ཡང་གཏན་ནས་མ་རེད་ཅེས་བཤད་ན་མི་འདོད་ཀྱང་།
    ཉིད་ཀྱིས་སྐད་ཆ་བཤད་ཕྱོགས་དེ་ལ་ཅུང་ཙམ་ཞིག་འགྱུར་བ་གཏོང་རྒྱུ་ཡོད་ན་འདོད་བྱུང་། རྒྱུ་མཚན་ནི་བོད་ཕྱི་ནང་གཉིས་ཀྱི་བོད་ཟེར་བ་དེའི་བདེ་སྡུག་ལས་གང་ཡང་བསམ་གྱི་ཡོད་པ་མ་རེད། ཡིན་ཡང་། མི་ཁ་ཤས་ཀྱི་བསམ་ཚུལ་ཕྲན་བུ་་ཞིག་ལ་བརྟེན་ནས་རང་གི་ནང་ལ་ཁ་འཁོར་ནས་ཁ་བརྡུང་དེ་འདྲ་ཞིག་གཏོང་དགོས་དོན་ང་རང་གི་མཐོང་མ་སོང་། སྤྱིར་ན་མགོ་ནག་བོད་པ་ཚང་གི་ལས་དབང་དང་ཁྱེད་དང་ང་། ཡང་ན་ཁོང་ཚོ་ཟེར་ནས་ཕྱོགས་སུ་འཁྱེར་རྒྱུ་ཞིག་མ་ཡིན་པར། བོད་ཟེར་བ་ནི་གཅིག་ལས་གཉིས་མེད་པ་དེའི་སྟེང་ནས་ཕན་ཚུན་ལ་གླེང་མོལ་དང་གྲོས་གཞི་མང་ཙམ་ཞིག་གླེང་ཐུབ་ན་ཡག་པོ་འདུག མི་ཁ་ཤས་ནི་ནམ་ཡང་སྤྱི་ཚོགས་ལ་འགན་མེད་པའི་སྐད་ཆ་བཤད་མཁན་དུ་གྱུར་ཡོད་པ་དེ་དག་ལ་ངེད་ཅག་གི་བསམ་ཤེས་དང་བརྡ་ལན་སྤྲོད་ཐུབ་བྱེད་རྒྱུ་ནི་འུ་ཅག་སྨྱུག་འཛིན་པ་ཡོངས་ལ་འཁྲི་བའི་ལས་འགན་ཞིག་ཆགས་ཡོད་པ་རེད་འདུག་སྙམ་གྱི་ཡོད་ན། སྐུ་ཉིད་ཀྱིས་ཐུགས་བསམ་ལེགས་པོ་ཞིག་བཞེས་དེ་རྗེས་ཕྱོགས་གཏམ་བཤད་གནང་བ་དང་ཟིན་བྲིས་ནང་དུ་བསམ་ཚུལ་གླེང་དུས་སུ་དྲ་གྲོགས་ངས་འབོད་སྐུལ་འདི་ལ་ཅུང་ཙམ་ཞིག་བསམ་གཞིག་བྱེད་རོགས་གནོང་ཟེར་ན་འདོད་བྱུང་།

    Reply
  3. བསེ་རུ། says:
    ལོ་ 17 སྔོན།

    ང་ནི་མི་ཡུལ་ས་མཐར་གྱར་ནས་ལོ་ངོ་བཅུ་ཕྲག་གཅིག་ལྷག་ཙམ་འདས་སོང་།
    འདིར་སྡོད་རིང་ལོ་གསར་ཡང་བཅུ་ཕྲག་གཅིག་བཏང་ཟིན།
    འོན་ཀྱང་ངས་ལོ་གསར་པ་ཚུར་ཚེས་དུས་ངས་ནང་མི་སྤུན་ཉེ་རྣམས་དྲན་ཞིང་སེམས་ནང་བརྗོད་མི་ཐུབ་པའི་ཚོར་སྣང་ཞིག་དང་།
    ཕ་ཡུལ་དང་རྒྱང་དུ་གྱེས་པའི་སྐྱོ་སྣང་ཞིག་ཀྱང་ཡོང་གིན་འདུག

    འོན་ཀྱང་།
    དེ་རིང་འདི་ལྟར་ས་གླང་ལོའི་གནམ་ལོ་འདི་མྱ་ངན་གྱི་ལོ་ཚིགས་ཤིག་ཏུ་ཚང་མས་སྲུང་བརྩི་བྱ་དགོས་པར་ཤུགས་ཆེན་གླེང་བཞིན་འདུག་ཀྱང་།
    ང་ཚོ་ཕྱི་ཡུལ་དུ་ཡོད་པ་རྣམས་གང་དགའ་ཅི་ལེགས་དང་།
    གང་བསམ་གང་དྲན་བྱས་ན་འགྲིག་ཀྱང་ངའི་སེམས་ངོར་ཆེས་འཇིགས་སུ་རུང་བའི་རྣམ་རྟོག་ཅིག་ཡོང་གིན་ཡོད་པ་ནི།

    ང་ཚོའི་གཞིས་བཞུགས་བོད་མི་ཚོ་ཁྱི་སྤྱང་ཁ་ནས་ཇི་ལྟར་ས་གླང་གི་ལོ་གསར་འདིས་རྐྱེན་བྱས་ནས་གཤིན་རྗེའི་འཕྲང་ལམ་དུ་བརྫང་རྩིས་ཡོད་དམ་སྙམ་པའི་རྣམ་རྟོག་འདི་ཡིན།

    ངས་འདི་ལྟར་བསམ་སྐབས་ཉིས་སྟོང་དགུའི་ལོ་གསར་ནས་ང་ཚོ་གཞིས་ལུས་བོད་མི་ཚོར་ཡང་བསྐྱར་བཟོད་མི་ཐུབ་པའི་སྡུག་བསྔལ་དང་།
    བསྲན་མི་ཐུབ་པའི་མནར་གཅོད་ཀྱིས་ལོ་ཟླས་བསྐྱལ་རྒྱུ་ཡིན་པ་སྔོན་དཔག་བྱ་ཐུབ་པས།
    ང་ཚོས་ལོ་གསར་མ་བཏང་བ་ཙམ་གྱིས་མི་ཆོག་ལ།
    ང་ཚོས་ཐབས་ལམ་དང་རྣམ་དཔྱོད་ཀྱི་སྒོ་འཕར་ཡངས་པོར་ཕྱེ་སྟེ་ཉམས་མྱོང་ལ་ཕྱོགས་བསྡོམས་ཀྱིས་འབྱུང་འགྱུར་སྔར་ལས་ལྷག་པའི་སྒོ་ནས་གཟབ་ནན་བྱ་གལ་ཆེ་བར་མཐོང་།

    Reply
  4. བཙན་སྲས་ཁྲག་འཐུང་། says:
    ལོ་ 17 སྔོན།

    རེབ་གོང་འདི་དགོས་ས་ཞིག་ལ་སྔོན་མ་རེད། ངོ་མ་རེབ་གོང་རིག་འབྱུང་བའི་གྲོང་ཁྱེར་དོན་སྙིང་ལྡན་གི་ཡ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese