མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞིས་ཆགས་ཁག་ཏུ་ལོ་གསར་མི་འདུག

བོད་ཀྱི་དུས་བབ།
༢༠༠༩/༠༡/༢༠
Share on FacebookShare on TwitterShare on EmailShare on Whatsapp

         
སུད་སི་དང་འཇར་མན། ཧྥ་རན་སི། ཨ་རིའི་བྷོ་སི་ཊོན་བོད་རིགས་ཚོགས་པ་བཅས་ཀྱིས་གཞིས་བཞུགས་བོད་མི་ཡོངས་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཕྱིར་བོད་ས་གླང་ལོའི་ལོ་གསར་རོལ་རྒྱུ་མིན་པའི་ཐག་གཅོད་བྱས་ཡོད་པ་བཞིན། རྒྱ་བལ་འབྲུག་གསུམ་གྱི་བོད་མི་རྣམས་ཀྱིས་ཀྱང་དེ་མཚུངས་ཀྱི་གྲ་སྒྲིག་གནང་གིན་འདུག

རྒྱ་གར་དུ་གནས་སྡོད་བོད་མིའི་གཞིས་སྒར་ཁག་ཕལ་ཆེ་བས་ཀྱང་ད་ལོར་ལོ་གསར་མེད་ཚུལ་གླེང་གི་འདུག་ལ། མོན་གྷོ་འདོད་རྒུ་གླིང༌། ལྷོ་ཕྱོགས་སྦན་ཌ་ར་གཞིས་ཆགས། གྷོ་ལི་སྒལ། ཨོ་རི་ས་གཞིས་ཆགས་སོགས་ཀྱི་ནང་ས་གནས་གཞོན་ནུ་དང་བུད་མེད་སོགས་གཞུང་འབྲེལ་མ་ཡྀན་པའི་ཚོགས་པ་དང་དགོན་སྡེ་ཁག་གི་མི་སྣ་སོགས་ཀྱིས་མ་སྐུལ་དང་བླངས་གིས་ལོ་འདིའི་ལོ་གསར་དེ་མྱ་ངན་གྱི་ལོ་གསར་ལྟར་སྲུང་གཙི་བྱ་རྒྱུའི་ཐག་གཅོད་དང་དེ་དོན་འབོད་སྐུལ་ཞུ་བཞིན་ཡོད་འདུག བོད་གཞུང་ཟློས་གར་ཚོགས་པའི་ངོས་ནས་བོད་ནང་གི་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་མཚོན་ཕྱིར་གཞུང་འབྲེལ་དུས་ཆེན་ཁག་གི་རིག་རྩལ་འཁྲབ་སྟོན་དང་ལོ་རེའི་སྤྱི་ཟླ་གསུམ་པ་ནས་བཞི་བའི་བར་གྱི་ཟློས་གར་ཚོགས་པའི་གལ་ཆེན་གྱི་ཞོ་སྟོན་དུས་ཆེན་གྱི་ལྷ་མོ་འཁྲབ་སྟོན་དེ་ད་ལོ་མེད་སྐོར་ གསལ་བསྒྲགས་བྱས་འདུག

འདི་གའི་གསར་འགོད་པས་ཕྱི་ཚེས་ ༡༧ ཉིན་བཙན་བྱོལ་བོད་གཞུང་བཀའ་ཤག་གི་དྲུང་ཆེ་མི་འགྱུར་རྡོ་རྗེ་ལགས་སུ་ལོ་འདིའི་བོད་ལུགས་ལོ་གསར་ཐད་གཞུང་འབྲེལ་གྱི་འཆར་གཞི་དང་ཐག་གཅོད་འདྲ་ཡོད་མེད་བཀའ་འདྲི་ཞུས་པར་ཁོང་གིས། གཞུང་འབྲེལ་ཐོག་དམིགས་བསལ་གྱི་གསལ་བསྒྲགས་གང་ཡང་བྱས་མེད། ང་ཚོ་དམངས་གཙོའི་གཞུང་ཡིན་པས་མི་མང་རང་ངོས་ནས་གདུང་སེམས་མཉམ་སྐྱེད་མཚོན་པའི་ལས་འགུལ་སྤེལ་བ་ལས་གཞུང་ངོས་ནས་འདི་འདྲ་བྱ་དགོས་ཅེས་སྒྲག་གིན་ཡོད་པ་མ་རེད། གཞུང་ངོས་ནས་ ༢༠༠༨ ལོའི་སྤྱི་ཟླ་གསུམ་པ་ནས་གཞུང་འབྲེལ་གྱི་དུས་ཆེན་ཁག་ཏུ་བོད་རང་གི་རྒྱལ་གླུ་མ་གཏོགས་ཟློས་གར་དང་རྩེད་མོའི་རིགས་གཅིག་ཀྱང་འཁྲབ་ཡོད་པ་མ་རེད། ཅེས་གསུངས་བྱུང༌།

ངྷ་ས་བདེ་དོན་འགན་འཛིན་ཚེ་རིང་ཕུན་ཚོགས་ལགས་གྱིས་འདི་ག་གསར་ཁང་ལ། ལོ་སྔོན་མའི་སྤྱི་ཟླ་གསུམ་པ་ནས་གཞུང་འབྲེལ་གྱི་མཛད་སྒོ་ཁག་ཏུ་གཞས་སྣ་འཁྲབ་སྟོན་གང་ཡང་བྱས་མེད་པ་དེ་ཡོངས་ཁྱབ་རེད། ཉེ་ཆར་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས། ངྷ་སར་ལོ་གསར་སྔོན་གྱི་ཁྲོམ་སྟོན་པ་སོགས་མེད་པར་བཟོ་དགོས་པའི་སྐོར་གྱི་གསལ་བསྒྲགས་བཀྲམས་འདུག གཞུང་ནས་ད་ལྟའི་བར་འདིའི་སྐོར་གྱི་དམིགས་བསལ་གནས་ཚུལ་གང་ཡང་སླེབས་མ་སོང༌། དེ་ལྟ་ནའང༌། ཆོས་ཕྱོགས་ཀྱི་མཛད་སྒོ་མཐའ་དག་སྔོན་མ་བཞིན་འགྲོ་གི་རེད་བསམ་ལ། ང་ཚོས་གཞུང་དང་བསྟུན་ནས་ལས་ཀ་བྱེད་དགོས་པས་ཚོགས་པ་དང་ས་གནས་གཞན་དང་འདྲ་གི་མ་རེད། འདིའི་སྐོར་ང་ཚོས་ནང་སྲིད་ལས་ཁུངས་ལ་ཡར་ཞུ་བྱས་རྗེས་ཡོངས་ཁྱབ་ཀྱི་གསལ་བསྒྲགས་བྱ་རྒྱུ་ཡིན། ཅེས་གསུངས་བྱུང༌།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

ཆུ་ཚོད་ ༢༤ སྔོན་ལ།
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

ཆུ་ཚོད་ ༢༤ སྔོན་ལ།
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 2

  1. འཇིག་ལྟ། says:
    ལོ་ 17 སྔོན།

    ལོ་གསར་མེད་ན་ཆོ་ཡོད་མ་རེད།།
    ལོ་གསར་ཡོད་ན་འགྱུར་བ་ཡོད་རེད།།
    ལོ་གསར་དགའ་སྟོན་མེད་ན་གྲིག་པ་རེད།།
    ལོ་གསར་ཤར་རྒྱུ་མེད་ན་ཚར་ཚར་རེད།།

    Reply
  2. བསེ་རུ། says:
    ལོ་ 17 སྔོན།

    ལོ་གསར་ཚེས་གཅིག་མྱ་ངན་བྱེད།།
    ཆུ་ཕུད་ཇ་ཕུད་ཟས་ཕུད་སོགས།།
    ཚེ་སྲོག་འབུམ་གྱི་རྣམ་ཤེས་ལ།།
    མྱ་ངན་མཆོད་པའི་ཚུལ་དུ་འབུལ།།

    ཕྱག་དང་མཆོད་པ་བསངས་གསོལ་རྣམས།།
    འདས་ཟིན་དཔའ་བོ་དཔའ་མོ་ཡི།།
    རྣམ་ཤེས་ཚུར་ལ་འགུག་བཞིན་དུ།།
    དྲིན་བྱས་དྲིན་གཟོའི་སླད་དུ་འབུལ།།

    ཕྱོགས་བཞི་མཚམས་བརྒྱད་བཞུགས་པ་ཡི།།
    བོད་རིགས་མགོ་ནག་རྩམ་གཟན་རྣམས།།
    ཡིད་གདུང་མཆི་མས་བརླན་བཞིན་དུ།།
    ཉིས་སྟོང་དགུ་ཡི་ལོ་གསར་བསུ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese